ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བརྒྱུད་པའི་གསོལ་འདེབས།

From Khyentse Lineage - A Tsadra Foundation Project
JKW-KABAB-08-NYA-012
Wylie title yang zab thugs rje chen po rgyal ba rgya mtsho'i brgyud pa'i gsol 'debs JKW-KABAB-08-NYA-012.pdf
Location mkhyen brtse'i bka' babs
Volume 8, Text 12, Pages 345-346 (Folios 1a1 to 1b2)
Author འཇམ་མགོན་ཀོང་སྤྲུལ་
Less details More details
Tertön དྲི་མེད་ཀུན་དགའ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (dri med kun dga', 'jam dbyangs mkhyen brtse'i dbang po)
Citation 'jam mgon kong sprul. yang zab thugs rje chen po rgyal ba rgya mtsho'i brgyud pa'i gsol 'debs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 8: 345-346. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Lineage Supplications - brgyud 'debs
Cycle ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཡེ་ཤེས་འོད་ཀྱི་སྙིང་པོ་ (yang zab thugs rje chen po rgyal ba rgya mtsho ye shes 'od kyi snying po)
Karchag page JKW-KABAB-Volume-08-NYA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-ZA-028
Colophon

།ཅེས་པའང་ཟབ་ཆོས་འདིའི་སྨིན་གྲོལ་བདུད་རྩི་ཐུན་མོང་མ་ཡིན་པ་ཐོག་མར་མྱོང་བའི་སྐལ་ལྡན་བློ་གྲོས་མཐའ་ཡས་ཀྱིས་གུས་པ་ཆེན་པོས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།།

ces pa'ang zab chos 'di'i smin grol bdud rtsi thun mong ma yin pa thog mar myong ba'i skal ldan blo gros mtha' yas kyis gus pa chen pos gsol ba btab pa dge legs 'phel

[edit]
༄༅། །ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བརྒྱུད་པའི་གསོལ་འདེབས་བཞུགས།། རིགས་ཀུན་ཁྱབ་བདག་མཐའ་ཡས་ཚེ་དཔག་མེད། །བདེ་གཤེགས་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །སངས་རྒྱས་ཀུན་དངོས་པདྨ་ཀ་ར་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཡེ་ཤེས་དྷཱ་ཀིའི་རྗེ་མོ་མཁར་ཆེན་བཟའ། །ཆོས་རྒྱལ་ཁྲི་སྲོང་ལྷ་སྲས་མཆོག་གྲུབ་རྒྱལ། །གནུབས་ཆེན་སྔགས་འཆང་སངས་རྒྱས་ཡེ་ཤེས་ལ། །གསོལ་བ་འདེབས་སོ༴ །སྤྲུལ་པའི་གཏེར་ཆེན་དྲི་མེད་ཀུན་དགའ་མཆོག །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །བཀའ་བབས་ཆོས་བདག་བརྒྱུད་པར་བཅས་རྣམས་ལ། །གསོལ་བ༴ །འཇིག་རྟེན་དབང་ཕྱུག་རིགས་ཀྱི་འཁོར་ལོས་སྒྱུར། །དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་གཏེར་སྐྱོང༌། །དཀྱིལ་འཁོར་ཡོངས་རྫོགས་རྩ་གསུམ་རབ་འབྱམས་ལ། །གསོལ་བ་འདེབས༴ །སྲིད་ལས་ངེས་འབྱུང་བསགས་སྦྱངས་མཐའ་རུ་ཕྱིན། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །སྣང་སྟོང་བསྐྱེད་རིམ་དག་པ་རབ་འབྱམས་དང༌། །བསྙེན་སྒྲུབ་ལས་ཀྱིས་འཁོར་བ་དོང་སྦྲུགས་ཤོག །རྩ་རླུང་ཐིག་ལེ་ཞུ་བ་དེའི་ཡེ་ཤེས་འབྱོངས། །ཡན་ལག་ཐབས་མཆོག་ལྔ་ལ་བརྟན་པ་ཐོབ། །གཞན་ལུས་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱིས། །ཟག་མེད་བདེ་སྟོང་དགའ་བཞིའི་ལམ་བགྲོད་ཤོག །ལྟ་བའི་དོན་རྟོགས་སྒོམ་པའི་ཉམས་མྱོང་བརྟན། །འབྲས་བུ་རིག་སྟོང་ཆོས་སྐུའི་རང་ཞལ་མཇལ། །ཉེ་རྒྱུའི་སྤྱོད་པ་གསུམ་གྱིས་ཚེ་འདི་ལ། །རྒྱལ་བ་རྒྱ་མཚོའི་གོ་འཕང་མཆོག་འགྲུབ་ཤོག །ཅེས་པའང་ཟབ་ཆོས་འདིའི་སྨིན་གྲོལ་བདུད་རྩི་ཐུན་མོང་མ་ཡིན་པ་ཐོག་མར་མྱོང་བའི་སྐལ་ལྡན་བློ་གྲོས་མཐའ་ཡས་ཀྱིས་གུས་པ་ཆེན་པོས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།།

Footnotes

Other Information