ཆོས་སྤྱོད་ཀྱི་རིམ་པ་ཐར་ལམ་རབ་གསལ།

From Khyentse Lineage - A Tsadra Foundation Project
Wylie title chos spyod kyi rim pa thar lam rab gsal JKW-KABAB-06-CHA-002.pdf
Location mkhyen brtse'i bka' babs
Volume 6, Text 2, Pages 23-47 (Folios 1a to 13a6)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. chos spyod kyi rim pa thar lam rab gsal. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 6: 23-47. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Collections of Ritual Prayers - chos spyod
Karchag page JKW-KABAB-Volume-06-CHA-Karchag
Colophon

།དགེའོ།།

dge'o

[edit]
༄༅། །ཆོས་སྤྱོད་ཀྱི་རིམ་པ་ཐར་ལམ་རབ་གསལ་ཞེས་བྱ་བ་བཞུགས་སོ།།ན་མཿཤྲཱི་གུ་རུ་ཝེ་སརྦ་བུདྷ་བོ་དྷི་ས་ཏྭ་བྷྱེཿ རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་གཟུགས་ཀུན། །གཅིག་བསྡུས་རིགས་ཀུན་ཁྱབ་བདག་པདྨ་འབྱུང༌། །དབྱེར་མེད་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང༌། །བྱང་ཆུབ་བར་དུ་གཙུག་གི་རྒྱན་དུ་མཆོད། །བདེན་གཉིས་རྩ་བརྟན་ཚོགས་གཉིས་སྡོང་པོ་རྒྱས། །དོན་གཉིས་འདབ་སྟོང་ཕན་བདེའི་འབྲས་བུ་ཅན། །དགེ་བའི་ལྗོན་ཤིང་སྟོན་མཆོག་ཟས་གཙང་སྲས། །ཆོས་དང་དགེ་འདུན་བཅས་ལ་ཕྱག་བགྱིའོ། །ཀུན་མཁྱེན་རྒྱལ་བའི་གཤེགས་ཤུལ་སྙེགས་བྱའི་ཕྱིར། དང་པོའི་ལས་ཅན་སྐལ་བར་ལྡན་པ་དག །དང་པོ་ཉིད་ནས་ཆོས་སྤྱོད་སྒྲུབ་པ་ལ། །བརྩོན་གང་རྣམ་ཀུན་དོན་ཡོད་ཁོ་ན་ཡིན། །དེ་ཕྱིར་ཚོགས་མཆོག་མང་འདུས་ཁྱམས་ཆེན་པོར། །ཐེག་མཆོག་ཟབ་མོའི་སྒོ་བརྒྱ་རབ་དབྱེ་ནས། །ཐར་འདོད་ཐར་པའི་གོ་སར་འགྲན་འདོད་པའི། །ཆོས་སྤྱོད་ཐར་ལམ་ཤིང་རྟ་རབ་གསལ་བྱ། །འདི་གང་དག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་སྐལ་བ་དང་ལྡན་པ་དང་དགེ་བའི་རྩ་བ་ཆད་པ་མེད་པར་ཚོགས་གཉིས་ཀྱི་རྒྱ་མཚོར་འདྲེན་པར་མོས་པ་རྣམས་ཀྱིས་ནི། ལམ་བྱ་སླ་ལ་དོན་ཆེན་པོ་དང་ལྡན་པ་ཆོས་སྤྱོད་བཅུའི་སྒྲུབ་པ་ལ་ཉིན་མཚན་ཀུན་ཏུ་ཅི་ནུས་ཀྱིས་བརྩོན་པར་བྱ་བ་ཡིན་པས། རེ་ཞིག་དང་པོར་དེའི་རིམ་པར་བསྟན་པར་བྱ་སྟེ། གང་ཞེ་ན། ཐོག་མ་ཁོ་ནར་རྙེད་ཀའི་དལ་འབྱོར་གྱིས་ཕན་ཡོན་དང༌། འཇིག་སླ་བའི་ཚུལ་ལ་ཡང་ཡང་བསམ་ཞིང་ལས་འབྲས་བསླུ་བ་མེད་པར་ཡིད་ཆེས་བསྐྱེད་དེ། སྡིག་སྤང་དགེ་སྒྲུབ་ཀྱི་ལག་ལེན་མཁས་པས་རང་གི་ཇི་ལྟར་བླངས་པའི་བསླབ་པ་ལ་ནན་ཏན་སྙིང་པོར་བྱེད་པ་ཉིད་གཞིར་བྱས་སྟེ། རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་དང༌། །གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག །ཅེས་གསུངས་པ་ལྟར་རྗེས་སུ་དྲན་པ་དྲུག་དང་ལྡན་པས་དད་པ་བསྐྱེད་པ་དང༌། དེའི་གྲོགས་དགེ་བའི་བྱ་བ་གང་ལའང་ཕྱི་བཤོལ་མེད་པར་འཇུག་པ་དང༌། ཞུགས་ནས་སྐྱོ་དུབ་མེད་པར་མཐར་སྐྱེལ་ཞིང༌། ངོམ་ཚད་མེད་པར་སློབ་པའི་བརྩོན་འགྲུས་དང༌། ཚེ་འདི་དང་འཁོར་བ་ལ་ཡིད་ངེས་པར་འབྱུང་པ་དང༌། ཐར་ལམ་གྱི་ངོ་བོ་དང་ཕན་ཡོན་ཡིད་ལ་བྱེད་པ་དང༌། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས་འཁོར་བའི་སེམས་ཅན་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དྲག་པོ་བསྐྱེད་པའི་སྒོ་ནས། ཉིན་ཞག་ཕྲུགས་གཅིག་ལས། ཐོ་རངས་ཀྱི་དུས་ལ་བབ་པ་ན། གཉིད་རྨུགས་དང་ལེ་ལོའི་དབང་དུ་མི་གཏོང་བར་དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པས་ལངས་ཏེ། རྨི་ལམ་དུ་སྡིག་པ་མཐོང་ན་འཕྲལ་དུ་བཤགས་ཤིང༌། དགེ་ན་རྗེས་སུ་ཡི་རང་བ་ཙམ་བྱས་ལ། ལུས་གནད་དྲང་པོར་བསྲང་ཞིང༌། ཡིད་རྣལ་དུ་ཕབ་ཏེ། སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་འགྲོ་བས་ཕྱག་མཆོད་ལ་སོགས་པ་བྱ་བའམ། གལ་ཏེ་མན་ངག་ཐོབ་ན་བསམ་གཏན་གྱི་ངང་དུ་ཅི་ནུས་མཉམ་པར་འཇོག་གོ །དེ་ནས་སྔ་གྲོ་ཡན་ལག་བདུན་པ་རྒྱས་པར་བྱས་ཏེ། ཉིན་མཚན་ཀྱི་ཆ་ལ་ཡན་ལག་ཅུང་ཟད་ཉམས་པ་གསོ་ཞིང་མ་ཉམས་ཀྱང་སྤེལ་བར་བྱ་བའི་ཕྱིར་སེམས་བསྐྱེད་བླངས་ལ། ཕྱག་དང་མཆོད་པ་བྱ་བའམ། ཡང་ན། གཏོར་མ་གཏོང་བ། མདོ་སྡེ་ཀློག་པ། མཆོད་རྟེན་ལ་བསྐོར་བ་སོགས་ཐུན་མཚམས་ཀྱི་བྱ་བ་ཅི་འགྲུབ་ཞིག་བྱས་ནས། ཁ་ཟས་ཀྱི་བྱ་བ་ལ་འཇུག་སྟེ། ཕུད་དང་ལྷག་མ་སོགས་གཏོང་ལ་ཁ་ཟས་ལ་མ་ཆགས་པའི་སྒོ་ནས་ལོངས་སྤྱོད་ལ་མདོ་དང་བསྔོ་སྨོན་རྣམ་པར་དག་པར་གདོན་པར་བྱའོ། །དེའི་རྗེས་སུ་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་ཀློག་པའམ། ཆོས་ཉན་པའམ། བསམ་གཏན་སྒོམ་པ་སོགས་དགེ་བའི་ཕྱོགས་གང་རུང་ཞིག་བྱས་ལ། ཉི་མ་ཕྱི་ཕྲེད་ལ་བབ་པ་ན། དུབ་པ་བསང་བའི་ཕྱིར་མིག་གཉའ་ཤིང་གང་ཙམ་དུ་བལྟ་ཞིང་སེམས་མ་འཁྲུལ་བའི་སྒོ་ནས་ཅུང་ཟད་འཆག་པ་དང་ཆོས་དང་ལྡན་པའི་གཏམ་གྱིས་ཀྱང་དགའ་བར་བྱས་ནས། སཱཙྪ་གདབ་པ་དང༌། གསུང་རབ་ཡི་གེ་འདྲི་བ་སོགས་ཐུན་མཚམས་ཀྱི་སྤྱོད་པ་ཇི་ལྟར་རིགས་པས་བརྩོན་པར་བྱ་ཞིང༌། དགོང་མོའི་དུས་སུ་ཕྱག་འཚལ་སྔོན་དུ་འགྲོ་བས། འཕགས་པ་རྣམས་ལ་མཆོད་པ་དང༌། འབྱུང་པོའི་ཚོགས་ལ་གཏོར་མ་སྦྱིན་ལ། སྨོན་ལམ་གྱི་ཁྱད་པར་མང་དུ་གདབ་པར་བྱའོ། །སྲོད་ལ་བསམ་གཏན་ལ་མཉམ་པར་འཇོག་པའམ། ཡང་ན་གསུང་རབ་འདོན་པའམ། དེ་དག་གི་དོན་ལ་རྣམ་པར་དག་པའི་ལུང་དང་རིགས་པ་ལ་བརྟེན་ནས་དཔྱོད་ཅིང་དོན་ལ་སེམས་པ་ལ་ནན་ཏན་དུ་བྱ་ཞིང༌། ནམ་གུང་གི་ཐུན་ལ་བབ་པ་ན་དགེ་བའི་སེམས་ཀྱིས་ཉལ་བར་བྱའོ། །གཞན་ཡང༌། ཉིན་བར་གྱི་ཆ་ལ་སྔ་དྲོ་དང༌། གུང་དང་ཕྱི་དྲོ་གསུམ་དང་མཚན་མོའི་ཆ་ལའང་སྲོད་དང་གུང་དང་ཐོ་རངས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་ཕུང་པོ་གསུམ་པའི་མདོ་འདོན་པ་དང༌། སེམས་བསྐྱེད་ཡང་ནས་ཡང་དུ་གསོ་བ་སོགས་བྱའོ། །ཁྱད་པར་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་དང་གནམ་སྟོང་རྣམས་ལ་ཆོས་འཆད་པ་པོ་ཡོད་ན་དགེ་བའི་བཤེས་གཉེན་ལ་གུས་པ་དང་ལྡན་པས་མཚན་མོ་རིལ་གྱི་ཆོས་ཉན་པའམ། ནམ་ཕྱེད་ལ་ཐུག་གི་བར་དུ་དམ་པའི་ཆོས་ལ་ཉན་བཤད་བྱའོ། །དེ་ལྟ་བུ་མ་འབྱོར་ན་སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པའི་དྲུང་དུ་ཕྱག་མཆོད་དང་སྨོན་ལམ་རྣམ་པར་དག་པ་མང་དུ་འདོན་པར་བྱ་བའམ། ཡང་ན་ཆོས་སྤྱོད་ཀྱི་རིམ་པ་གང་ཡང་རུང་བས་དུས་འདའ་བར་བྱའོ། །གལ་ཏེ་གསང་སྔགས་རྡོ་རྗེ་ཐེག་པ་ལ་ཞུགས་པ་ཞིག་ཡིན་ན། སྤྱོད་ལམ་རྣམ་པ་བཞིའི་རྣལ་འབྱོར་ལས་མི་འདའ་བས་སྣང་སྤྱོད་ཐམས་ཅད་དག་པ་རབ་འབྱམས་སུ་བསྒྱུར་བའི་སྒོ་ནས། ཐུན་བཞིར་གསང་སྔགས་ཕྱི་ནང་གི་གཞུང་ལུགས་ལས་འབྱུང་བ་ལྟར་བཟླས་བརྗོད་དང༌། གསང་སྔགས་ཀྱི་དོན་སྒོམ་ཞིང༌། གཙོ་བོ་བླ་ན་མེད་པའི་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་ནན་ཏན་དུ་བྱ་བ་དང༌། ཁྱད་པར་ཐེག་པ་ཀུན་གྱི་རྩེ་མོ་རྫོགས་པ་ཆེན་པོའི་མན་ངག་ཐོབ་པ་ཞིག་ན། རང་བཞིན་བབས་ཀྱི་བསམ་གཏན་ལ་མཉམ་པར་འཇོག་ཅིང༌། སྔ་དགོངས་ལ་སོགས་པའི་དུས་གནད་དང་བསྟུན་ཏེ་ཐོད་བརྒལ་བསྒོམ་པའི་རིམ་པ་ལ་ནན་ཏན་དུ་བྱེད་པ་རྣམས་ནི་ལྷག་པར་བསྒྲུབ་པར་བྱའོ། །ཡང་གནས་སྐབས་ཇི་ལྟར་བ། ཡོན་བདག་ལ་སོགས་པའི་བསོད་ནམས་སྤེལ་བའི་སླད་དུ། སྐྱབས་སེམས་སྔོན་དུ་བཏང་ཏེ། ཕྱག་མཆོད་བཤགས་པ་རྒྱས་པ་རྣམས་དང༌། མདོ་འདོན་པ་ལ་སོགས་པའི་རིམ་པ་རྣམས་བྱ་བའམ། ཡང་ན་ཡན་ལག་བདུན་པ་བསྡུས་པ་སྔོན་དུ་འགྲོ་བས། དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཇི་ལྟ་བ་བཞིན་རྣམ་པར་དག་པའི་སྒོ་ནས་མདོ་དང་གཟུངས་ཁ་ཏོན་དུ་བྱ་བའམ། གླེགས་བམ་བཀླག་པ་གང་རུང་བྱ་སྟེ། གང་ལྟར་ཡང་མཇུག་ཏུ་སྨོན་ལམ་བཏབ་པར་བྱ་སྟེ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །དེ་ལྟར་སྤྱོད་པའི་རིམ་པ་ངེས་པར་བྱས་ནས། ད་ནི་དེ་རྣམས་ཀྱི་སྐབས་གང་དང་གང་དུ་བབ་པ་ན་ཉམས་སུ་བླང་བྱར་གྱུར་པའི་ཆོས་སྤྱོད་ཀྱི་རིམ་པ་གྲགས་ཆེ་བ་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབ་པར་བྱ་བ་ལས། བློ་ཆོས་ལ་བསྐུལ་བའི་ཆེད་དུ་ཐོག་མ་ཁོ་ནར་འདི་སྐད་ཅེས་བྱ་སྟེ། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་བ་ག་ལ་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་འགྱོགས་འགྲོ། །དུས་ཀྱིས་ཉེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་འཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་འབྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་བཅུག་པའི་བུང་བ་འཁོར་བར་བཞིན། །ཞེས་པ་རྣམས་ངག་ཏུ་བརྗོད་པའམ་མ་བརྗོད་ཀྱང་རུང་སྟེ། དོན་བསམ་མོ། ༈ །དེ་ནས་ཆོས་སྤྱོད་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྐྱབས་སེམས་ཚད་མེད་བཞི་སྒོམ་པའི་རིམ་པ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང༌། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ལན་གསུམ་བརྗོད། ༈ །ས་གཞི་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ༈ །མཆོད་པ་བྱིན་གྱིས་བརླབ་པ་ནི། ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ༈ །དེ་ནས་རྒྱལ་བ་འཁོར་བཅས་བསོད་ནམས་ཀྱི་ཞིང་དུ་སྤྱན་འདྲེན་པ་ནི། འདུན་པ་རྩེ་གཅིག་པས། ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེ་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། ༈ །དེ་ནས་ཁྲུས་གསོལ་བའི་ཐོག་མར་ཁྲུས་ཁང་བསྐྱེད་ཅིང་སྙན་བརྣན་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། ༈ །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་ཁྲུས་བགྱིའོ། ༈ །ཁྲུས་གསོལ་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང༌། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱངས་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་བགྱིའོ། ༈ །སྐུ་ཕྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་གོས་འབུལ་བ་ནི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུ་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱངས་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །དྲི་མེད་མཚནན་ལ་སྒྲིབ་བསལ་མི་མངའ་ཡང༌། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །བཞུགས་སུ་གསོལ་བ་ནི། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། ༈ །དེ་ནས་ཡན་ལག་བདུན་གྱི་དང་པོ་ཕྱག་འཚལ་བའི་ཡན་ལག་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང༌། །པདྨ་ཀཱ་ར་རྗེ་འབངས་ཉི་ཤུ་ལྔ། །སོ་ཟུར་གནུབས་ཉང་གཏེར་སྟོན་རྒྱ་རྩ་སོགས། །བཀའ་གཏེར་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉན་རང་བྱང་སེམས་བྱ་སྤྱོད་རྣལ་འབྱོར་རྒྱུད། །རྣལ་འབྱོར་ཆེ་དང་ཨ་ནུ་ཨ་ཏི་སོགས། །ཐེག་པ་རིམ་དགུའི་ཆོས་ཚུལ་རྒྱ་མཚོ་ཡིས། །རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་ཚལ་ལོ། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་དང༌། །འདུལ་བ་མངོན་པ་མདོ་སྡེ་རིན་པོ་ཆེ། །ལེགས་པར་གསུང་དང་དེ་ཡི་དགོངས་འགྲེལ་གྱི། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ༴ །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ན་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུང༌། །དེ་ཚེ་མཁས་པ་ཁྱོད་ལ༴ །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ༴ །གང་ཚེ་ཐུབ་ཆེན་ཞིང་པའི་གྲོང་བཞུད་ཚེ། །འཛམྦུའི་གྲིབ་མས་སྐུ་ལུས་མ་བཏང་ཞིང༌། །ལྷ་བུ་གཞོན་ནུ་དྲུག་གིས་བཏུད་གྱུར་པ། །དེ་ཚེ་མཆོད་འོས་ཁྱོད་ལ༴ །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ༴ །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ༴ །མི་མཆོག་འདུལ་བ་ཁ་ལོ་བསྒྱུར་མཛད་ཅིང༌། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །མར་མེ་མཛད་སོགས་རྒྱལ་བ་འདས་པ་དང༌། །བྱང་ཆུབ་ཆེན་པོ་ད་ལྟར་བཞུགས་པ་དང༌། །བྱམས་པ་ལ་སོགས་སླད་ནས་འབྱོན་པ་ཡི། །དུས་གསུམ་སངས་རྒྱས་རྣམས་ལ༴ །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ༴ །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང༌། །ཤཱཀྱ་ཐུབ་པ་གཽ་ཏཾ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ༴ །མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང༌། །སྤྱད་པ་སྤྱོད་ཚེ་ནམ་ཡང་མཆེད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ༴ །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ༴ །མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ༴ །ཀུན་བཟང་རིགས་ལྔ་སེམས་པ་ཡབ་ཡུམ་དང༌། །ཐུབ་དྲུག་སྒོ་བ་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་ཡུལ་མ་མོ་དབང་ཕྱུག་སྒོ་སྐྱོང་སོགས། །དམ་པ་རིགས་བརྒྱའི་ཚོགས་ལ༴ །ཡང་དག་འཇམ་དཔལ་གཤིན་རྗེ་པདྨ་དབང༌། །རྡོ་རྗེ་གཞོན་ནུ་བླ་མེད་ཧེ་རུ་ཀ །ཆེ་མཆོག་རིག་འཛིན་དྲེགས་འདུལ་དྲག་སྔགས་སོགས། །བཀའ་བརྒྱད་ལྷ་ཚོགས་རྣམས་ལ༴ །འདུས་པ་བདེ་དགྱེས་སྒྱུ་འཕྲུལ་དྲྭ་བ་དང༌། །གདན་བཞི་མཱ་ཡ་ཐོད་པ་གཤིན་རྗེའི་གཤེད། །དུས་ཀྱི་འཁོར་ལོ་ལ་སོགས་སྔགས་རྒྱུད་ཀྱི། །ཡེ་ཤེས་ལྷ་ཚོགས་ཀུན་ལ༴ །གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་དང༌། །ཕྱག་རྒྱའི་རིགས་འབྱུང་ལ་སོགས་སྔགས་ཀྱི་ལྷ། །ཞི་ཁྲོའི་ལྷ་ཚོགས་རྒྱུད་སྡེ་བཞི་པོ་ལས། །གང་གསུངས་རྣམས་ལ་གུས་པས༴ །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་བརྗོད་གླེང་གཞི་རྟོགས་བརྗོད་དེ་ལྟར་བྱུང༌། སྐྱེས་རབས་རྒྱས་དང་རྨད་བྱུང་གཏན་ལ་དབབ། །གསུང་རབ་ཡན་ལག་བཅུ་གཉིས་ལ༴ །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང༌། །ཉེ་བའི་སྲས་ཆེན་བརྒྱད་ལ༴ །རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ནས། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ༴ །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པའི། །དགྲ་བཅོམ་གནས་བརྟན་རྣམས་ལ༴ །ཤཱ་རིའི་བུ་དང་མོའུདྒལ་གྱི་བུ། །ཀུན་དགའ་སྒྲ་ཅན་འཛིན་དང་མ་འགག་པ། །གང་པོ་རབ་འབྱོར་འོད་སྲུངས་ཉེ་འཁོར་སོགས། །ཉན་ཐོས་གྲངས་ལས་འདས་ལ༴ རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་དང༌། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ༴ །བཀྲ་ཤིས་འབྱུང་དང་བྱང་ཆུབ་ཆེན་པོ་དང༌། །ཆོས་འཁོར་ཆོ་འཕྲུལ་ཆེན་པོ་ལྷ་ལས་བབས། །དབྱེན་བཟླུམ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་རླབས། །མྱང་འདས་མཆོད་རྟེན་རྣམས་ལ༴ །ཧཱུྃ་མཛད་འཇམ་དཔལ་བཤེས་གཉེན་བི་མ་ལ། །པྲ་བྷ་ཧསྟི་དྷ་ན་སཾ་སྐྲི་ཏ། །ནཱ་གཱརྫུ་ན་གུ་ཧྱ་ཙནྡྲ་དང༌། །ཤཱིནྟི་གརྦྷ་རྣམས་ལ༴ །ཨིནྡྲ་བྷཱུ་ཏི་བི་རུ་ས་ར་ཧ། །ལོ་ཧི་ནག་པོ་པ་དང་དྲིལ་བུ་པ། །སངས་རྒྱས་གསང་བ་སྒེགས་པ་རྡོ་རྗེ་སོགས། །དཔག་ཡས་གྲུབ་ཆེན་རྣམས་ལ༴ །མགོན་པོ་ཀླུ་སྒྲུབ་ཨཱརྻ་དེ་བ་དང༌། །ཐོགས་མེད་དབྱིག་གཉེན་ཕྱོགས་གླང་ཆོས་ཀྱི་གྲགས། །ཆོས་སྐྱོང་ཡོན་ཤཀ་རྣམ་གཉིས་དཔའ་བོ་སོགས། །འཛམ་གླིང་རྒྱན་མཆོག་རྣམས་ལ༴ །འཛམ་བུའི་གླིང་དུ་བསྟན་པའི་སྲོག་ཤིང་བཙུགས། །ཁ་བ་ཅན་དུ་ཆོས་ཀྱི་སྒྲོན་མེ་སྦར། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་གཅིག་པུ། །མཁན་ཆེན་ཞི་བ་འཚོ་ལ༴ །དུས་གསུམ་རྒྱལ་བ་ཀུན་དངོས་རིགས་བརྒྱའི་བདག །ཕྲིན་ལས་རྣམ་བཞིའི་འཁོར་ལོས་བསྒྱུར་བ་པོ། །སྣང་སྲིད་དབང་དུ་སྡུད་པའི་མཐུ་སྟོབས་ཅན། །པདྨ་འབྱུང་གནས་ཞབས་ལ༴ །བྱང་ཆུབ་སེམས་དཔའ་ཆོས་རྒྱལ་ཚུལ་འཛིན་ཅིང༌། །གངས་ཅན་ཁྲོད་འདིར་གདུལ་བྱ་མ་ལུས་པ། །སྣ་ཚོགས་ཐབས་ཀྱིས་འདུལ་བར་མཛད་པ་ཡི། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ༴ །ནམ་སྙིང་སངས་རྒྱས་ཡེ་ཤེས་རྒྱལ་མཆོག་དབྱངས། །མཚོ་རྒྱལ་འབྲོག་མི་དཔལ་ཡེ་དཔལ་སེང་གེ། །བཻ་རོ་ཆོས་རྒྱལ་རྗེ་འབངས་ཉེར་ལྔ་སོགས། །གྲུབ་བརྙེས་རིག་འཛིན་རྣམས་ལ༴ །རྒྱལ་བའི་བཀའ་དང་བསྟན་བཅོས་ལ་སོགས་པ། །འགྲོ་བའི་དོན་དུ་ཚུལ་བཞིན་བསྒྱུར་དང་སྤེལ། །སངས་རྒྱས་བསྟན་ལ་བྱ་བ་ཆེར་མཛད་པའི། །ལོ་པཎ་སྐྱེས་མཆོག་རྣམས་ལ༴ །རབ་འབྱམས་རྒྱལ་བ་ཀུན་གྱི་བསྟན་པའི་སྲོག །ངེས་དོན་ལམ་བཟང་གསལ་མཛད་སོ་ཟུར་གནུབས། །ཉང་རལ་ཆོས་དབང་ཀུན་མཁྱེན་ཆོས་རྗེ་སོགས། །བཀའ་གཏེར་བླ་མ་རྣམས་ལ༴ །འགྲོ་ལ་ཕན་བདེ་མ་ལུས་འབྱུང་བའི་གཞི། །བདེ་གཤེགས་བསྟན་པ་ཡུན་རིང་གནས་པ་དང༌། །འཛིན་དང་སྤེལ་དང་སྲུང་དང་རྒྱས་མཛད་པའི། །སྐྱེས་བུ་དམ་པ་རྣམས་ལ༴ །རྡོ་རྗེའི་རང་བཞིན་གནས་མཆོག་དམ་པ་ནས། །མངོན་ཤེས་རྫུ་འཕྲུལ་མངའ་བའི་ཐུགས་རྗེ་ཡིས། །སྒྲུབ་པ་པོ་ལ་མ་ཡིས་བུ་བཞིན་སྐྱོང༌། །གནས་གསུམ་མཁའ་འགྲོའི་ཚོགས་ལ༴ །གང་གི་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ༴ གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང༌། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ༴ །ཚངས་པ་རྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་བཞི་སོགས་གཙང་རིས་མགོན་པོ་སྟེ། །བསྟན་པ་བསྲུང་བར་ཞལ་བཞེས་འཕགས་པའི་ཚོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ༴ །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། ཞེས་པ་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། ཅེས་པའི་བར་རོ། ༈ །གཉིས་པ་མཆོད་པའི་ཡན་ལག་ནི། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །སྨན་གྱི་རྣམ་པ་གང་ཞིག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང༌། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང༌། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་གཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམ་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱོད་ཀྱི་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱིད། །སྔོན་གྱི་སྡིག་ལས་ཡངས་དག་འདའ་བགྱིད་ཅིང༌། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡིས། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡྷ་ར་དང་པདྨ་དང༌། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང༌། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨོ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །འཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་སྒྲེང་བ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །དེ་ནས། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། ཞེས་པ་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། ཞེས་པའི་བར་རོ། ༈ །དེ་ནས་མཎྜལ་འབུལ་བ་ནི། ཨོཾ་བཛྲ་བྷཱུ་མི་ཨཱ་ཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱ་ཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམྦུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་པའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨི་དཾ་རཏྣ་མཎྜ་ལ་ཀཾ་ནིར་ཡཱ་ཏ་ཡཱ་མི། ༈ །གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མ་མཆིས་པ་ནས། ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མེད་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང༌། གསང་སྔགས་གྱི་དམ་ཚིགས་དང་འགལ་བ་དང༌། ཕ་དང་མ་ལ་མ་གུས་པ་དང༌། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང༌། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང༌། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང༌། བགྱིད་དུ་བཙལ་བ་དང༌། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཕྱིན་ཆད་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ཞེས་སོགས་སོ། ༈ །བཞི་པ་དགེ་བ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་ཡན་ལག་ཕྱི་མ་བཞི་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། ཞེས་པ་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་རོ། ༈ །དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་ནི། །སྦྱོར་བ་ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་སྔོན་དུ་སོང་བའི་རྗེས་སུ་དངོས་གཞི་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང༌། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། ཞེས་དང༌། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། ཞེས་ལན་གསུམ་གྱིས་སེམས་བསྐྱེད་བླངས་ལ། མཇུག་ཏུ་དགའ་བ་བསྒོམ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་སྟེས་ནས། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། ཞེས་དང༌། བདག་གི་དེ་རིང་སྐྱོབས་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་འགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌། །བདུད་ཀྱི་ལས་རྣམས་སྤང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །དགེའོ།།
[edit]

@#/__/chos spyod kyi rim pa thar lam rab gsal zhes bya ba bzhugs so//na maHshrI gu ru we sarba bud+ha bo d+hi sa twa b+h+yeH__rab 'byams rgyal ba'i mkhyen brtse nus gzugs kun/__/gcig bsdus rigs kun khyab bdag pad+ma 'byung*/__/dbyer med chos kyi rgyal po gter bdag gling*/__/byang chub bar du gtsug gi rgyan du mchod/__/bden gnyis rtsa brtan tshogs gnyis sdong po rgyas/__/don gnyis 'dab stong phan bde'i 'bras bu can/__/dge ba'i ljon shing ston mchog zas gtsang sras/__/chos dang dge 'dun bcas la phyag bgyi'o/__/kun mkhyen rgyal ba'i gshegs shul snyegs bya'i phyir/__dang po'i las can skal bar ldan pa dag__/dang po nyid nas chos spyod sgrub pa la/__/brtson gang rnam kun don yod kho na yin/__/de phyir tshogs mchog mang 'dus khyams chen por/__/theg mchog zab mo'i sgo brgya rab dbye nas/__/thar 'dod thar pa'i go sar 'gran 'dod pa'i/__/chos spyod thar lam shing rta rab gsal bya/__/'di gang dag rnam pa thams cad mkhyen pa'i go 'phang don du gnyer ba'i skal ba dang ldan pa dang dge ba'i rtsa ba chad pa med par tshogs gnyis kyi rgya mtshor 'dren par mos pa rnams kyis ni/__lam bya sla la don chen po dang ldan pa chos spyod bcu'i sgrub pa la nyin mtshan kun tu ci nus kyis brtson par bya ba yin pas/__re zhig dang por de'i rim par bstan par bya ste/__gang zhe na/__thog ma kho nar rnyed ka'i dal 'byor gyis phan yon dang*/__'jig sla ba'i tshul la yang yang bsam zhing las 'bras bslu ba med par yid ches bskyed de/__sdig spang dge sgrub kyi lag len mkhas pas rang gi ji ltar blangs pa'i bslab pa la nan tan snying por byed pa nyid gzhir byas ste/__rgyal bas sangs rgyas chos dang dge 'dun dang*/__/gtong dang tshul khrims lha rjes dran pa drug__/ces gsungs pa ltar rjes su dran pa drug dang ldan pas dad pa bskyed pa dang*/__de'i grogs dge ba'i bya ba gang la'ang phyi bshol med par 'jug pa dang*/__zhugs nas skyo dub med par mthar skyel zhing*/__ngom tshad med par slob pa'i brtson 'grus dang*/__tshe 'di dang 'khor ba la yid nges par 'byung pa dang*/__thar lam gyi ngo bo dang phan yon yid la byed pa dang*/__'khor ba sdug bsngal gyi rang bzhin las ma 'das pas 'khor ba'i sems can la byams snying rje byang chub kyi sems drag po bskyed pa'i sgo nas/__nyin zhag phrugs gcig las/__tho rangs kyi dus la bab pa na/__gnyid rmugs dang le lo'i dbang du mi gtong bar dkon mchog gsum dang byang chub kyi sems rjes su dran pas langs te/__rmi lam du sdig pa mthong na 'phral du bshags shing*/__dge na rjes su yi rang ba tsam byas la/__lus gnad drang por bsrang zhing*/__yid rnal du phab te/__skyabs 'gro dang sems bskyed sngon du 'gro bas phyag mchod la sogs pa bya ba'am/__gal te man ngag thob na bsam gtan gyi ngang du ci nus mnyam par 'jog go__/de nas snga gro yan lag bdun pa rgyas par byas te/__nyin mtshan kyi cha la yan lag cung zad nyams pa gso zhing ma nyams kyang spel bar bya ba'i phyir sems bskyed blangs la/__phyag dang mchod pa bya ba'am/__yang na/__gtor ma gtong ba/__mdo sde klog pa/__mchod rten la bskor ba sogs thun mtshams kyi bya ba ci 'grub zhig byas nas/__kha zas kyi bya ba la 'jug ste/__phud dang lhag ma sogs gtong la kha zas la ma chags pa'i sgo nas longs spyod la mdo dang bsngo smon rnam par dag par gdon par bya'o/__/de'i rjes su yan lag bdun pa sngon du 'gro bas klog pa'am/__chos nyan pa'am/__bsam gtan sgom pa sogs dge ba'i phyogs gang rung zhig byas la/__nyi ma phyi phred la bab pa na/__dub pa bsang ba'i phyir mig gnya' shing gang tsam du blta zhing sems ma 'khrul ba'i sgo nas cung zad 'chag pa dang chos dang ldan pa'i gtam gyis kyang dga' bar byas nas/__sAts+tsha gdab pa dang*/__gsung rab yi ge 'dri ba sogs thun mtshams kyi spyod pa ji ltar rigs pas brtson par bya zhing*/__dgong mo'i dus su phyag 'tshal sngon du 'gro bas/__'phags pa rnams la mchod pa dang*/__'byung po'i tshogs la gtor ma sbyin la/__smon lam gyi khyad par mang du gdab par bya'o/__/srod la bsam gtan la mnyam par 'jog pa'am/__yang na gsung rab 'don pa'am/__de dag gi don la rnam par dag pa'i lung dang rigs pa la brten nas dpyod cing don la sems pa la nan tan du bya zhing*/__nam gung gi thun la bab pa na dge ba'i sems kyis nyal bar bya'o/__/gzhan yang*/__nyin bar gyi cha la snga dro dang*/__gung dang phyi dro gsum dang mtshan mo'i cha la'ang srod dang gung dang tho rangs gsum ste/__nyin mtshan dus drug tu phung po gsum pa'i mdo 'don pa dang*/__sems bskyed yang nas yang du gso ba sogs bya'o/__/khyad par tshes brgyad dang bcu bzhi dang bco lnga dang gnam stong rnams la chos 'chad pa po yod na dge ba'i bshes gnyen la gus pa dang ldan pas mtshan mo ril gyi chos nyan pa'am/__nam phyed la thug gi bar du dam pa'i chos la nyan bshad bya'o/__/de lta bu ma 'byor na sku gzugs dang mchod rten la sogs pa'i drung du phyag mchod dang smon lam rnam par dag pa mang du 'don par bya ba'am/__yang na chos spyod kyi rim pa gang yang rung bas dus 'da' bar bya'o/__/gal te gsang sngags rdo rje theg pa la zhugs pa zhig yin na/__spyod lam rnam pa bzhi'i rnal 'byor las mi 'da' bas snang spyod thams cad dag pa rab 'byams su bsgyur ba'i sgo nas/__thun bzhir gsang sngags phyi nang gi gzhung lugs las 'byung ba ltar bzlas brjod dang*/__gsang sngags kyi don sgom zhing*/__gtso bo bla na med pa'i lam rim pa gnyis kyi rnal 'byor la nan tan du bya ba dang*/__khyad par theg pa kun gyi rtse mo rdzogs pa chen po'i man ngag thob pa zhig na/__rang bzhin babs kyi bsam gtan la mnyam par 'jog cing*/__snga dgongs la sogs pa'i dus gnad dang bstun te thod brgal bsgom pa'i rim pa la nan tan du byed pa rnams ni lhag par bsgrub par bya'o/__/yang gnas skabs ji ltar ba/__yon bdag la sogs pa'i bsod nams spel ba'i slad du/__skyabs sems sngon du btang te/__phyag mchod bshags pa rgyas pa rnams dang*/__mdo 'don pa la sogs pa'i rim pa rnams bya ba'am/__yang na yan lag bdun pa bsdus pa sngon du 'gro bas/__don zab mo yid la bsam zhing tshig ji lta ba bzhin rnam par dag pa'i sgo nas mdo dang gzungs kha ton du bya ba'am/__glegs bam bklag pa gang rung bya ste/__gang ltar yang mjug tu smon lam btab par bya ste/__bkra shis kyi tshigs su bcad pa brjod pas mtha' brgyan par bya'o/__/de ltar spyod pa'i rim pa nges par byas nas/__da ni de rnams kyi skabs gang dang gang du bab pa na nyams su blang byar gyur pa'i chos spyod kyi rim pa grags che ba 'ga' zhig phyogs gcig tu bsdeb par bya ba las/__blo chos la bskul ba'i ched du thog ma kho nar 'di skad ces bya ste/__dal 'byor 'di ni shin tu rnyed par dka'/__/skyes bu don sgrub thob par gyur pa la/__/gal te 'di la phan pa ma bsgrub na/__/phyis 'di yang dag 'byor ba ga la 'gyur/__/srid gsum mi rtag ston ka'i sprin dang 'dra/__/'gro ba'i skye 'chi gar la blta dang mtshungs/__/'gro ba'i tshe 'gro nam mkha'i glog 'dra ste/__/ri gzar 'bab chu bzhin du myur 'gyogs 'gro/__/dus kyis nyen nas rgyal po 'gro 'gyur na/__/longs spyod 'dza' dang gnyen bshes rjes mi 'brang*/__/skyes bu dag ni gar gnas gar 'gro yang*/__/las ni grib ma bzhin du rjes su 'brang*/__/sred srid ma rig dbang gis skye bo rnams/__/mi dang lha dang ngan song rnam gsum po/__/'gro ba lnga po dag tu mi mkhas 'khor/__/dper na rdza mkhan 'khor lo 'khor ba bzhin/__/srid gsum rga dang nad kyi sdug bsngal 'bar/__/'di na 'chi me rab 'bar mgon med de/__/srid las 'byung la 'gro ba rtag tu rmongs/__/bum par bcug pa'i bung ba 'khor bar bzhin/__/zhes pa rnams ngag tu brjod pa'am ma brjod kyang rung ste/__don bsam mo/__!__/de nas chos spyod thams cad kyi sngon du 'gro ba skyabs sems tshad med bzhi sgom pa'i rim pa ni/__bdag dang 'gro ba nam mkha' dang mnyam pa'i sems can thams cad dus 'di nas bzung ste ji srid byang chub snying po la mchis kyi bar du phyogs bcu dus gsum gyi de bzhin gshegs pa thams cad kyi sku gsung thugs yon tan phrin las thams cad kyi ngo bo/__chos kyi phung po stong phrag brgyad cu rtsa bzhi'i 'byung gnas/__'phags pa'i dge 'dun thams cad kyi mnga' bdag__/rje btsun rtsa ba dang brgyud par bcas pa'i dpal ldan bla ma dam pa rnams la skyabs su mchi'o/__rdzogs pa'i sangs rgyas bcom ldan 'das rnams la skyabs su mchi'o/__dam pa'i chos rnams la skyabs su mchi'o/__'phags pa'i dge 'dun rnams la skyabs su mchi'o/__yi dam dkyil 'khor gyi lha tshogs rnams la skyabs su mchi'o/___mkha' 'gro chos skyong srung ma ye shes kyi spyan dang ldan pa rnams la skyabs su mchi'o/__/nam mkha'i gnas su nam mkha' gang ba yi/__/bla ma yi dam mkha' 'gro'i tshogs rnams dang*/__/sangs rgyas chos dang 'phags pa'i dge 'dun la/__/bdag dang 'gro kun gus pas skyabs su mchi/__/sangs rgyas chos dang tshogs kyi mchog rnams la/__/byang chub bar du bdag ni skyabs su mchi/__/bdag gi sbyin sogs bgyis pa'i bsod nams kyis/__/'gro la phan phyir sangs rgyas 'grub par shog__/ces lan gsum brjod/__bdag dang mtha' yas sems can rnams/__/ye nas sangs rgyas yin pa la/__/yin par shes pa'i bdag nyid du/__/byang chub mchog tu sems bskyed do/__/sems can thams cad bde ba dang bde ba'i rgyu dang ldan par gyur cig__/sdug bsngal dang sdug bsngal gyi rgyu dang bral bar gyur cig__/sdug bsngal med pa'i bde ba dang mi 'bral bar gyur cig__/nye ring chags sdang dang bral ba'i btang snyoms tshad med pa la gnas par gyur cig__/lan gsum brjod/__!__/sa gzhi byin gyis brlab pa ni/__dkon mchog gsum gyi bden pa dang*/__sangs rgyas dang byang chub sems dpa' thams cad kyi byin gyis brlabs dang*/__tshogs gnyis yongs su rdzogs pa'i mnga' thang chen po dang*/__chos kyi dbyings rnam par dag cing bsam gyis mi khyab pa'i stobs kyis/__deng 'dir khor yug gi sa gzhi 'di dag bde ba can gyi zhing gi bkod pa lta bu phun sum tshogs pa'i rgyan thams cad kyis rnam par brgyan pas mdzes shing yid du 'ong ba bsam gyis mi khyab par gyur/__!__/mchod pa byin gyis brlab pa ni/__phun sum tshogs pa'i zhing 'di dag tu lha dang mi'i yo byad dam pa gzugs dang*/__sgra dang*/__dri dang*/__ro dang*/__reg bya la sogs pa rnam par dag cing yid du 'ong ba'i mchod pa'i sprin rgya mtsho bsam gyis mi khyab pas nam mkha'i khams thams cad gang bar gyur/__!__/de nas rgyal ba 'khor bcas bsod nams kyi zhing du spyan 'dren pa ni/__'dun pa rtse gcig pas/__phyogs dus kun nas skyabs gsum bka' sdod bcas/__/nyon mongs 'gro la mkhyen brtses rab dgongs te/__/dpag med zhing nas thogs med rdzu 'phrul gyis/__/'dir gshegs mchod sprin rgya mtsho'i dbus bzhugs gsol/__/ma lus sems can kun gyi mgon gyur cing*/__/bdud sde dpung bcas mi bzad 'joms mdzad lha/__/dngos rnams ma lus ji bzhin mkhyen gyur pa'i/__/bcom ldan 'khor bcas gnas 'dir gshegs su gsol/__/bcom ldan bskal pa grangs med du ma ru/__/'gro la brtse phyir thugs rje rnam sbyangs shing*/__/smon lam rgya chen dgongs pa yongs rdzogs pa'i/__/khyed bzhed 'gro don mdzad dus 'di lags na/__/de phyir chos dbyings pho brang lhun grub nas/__/rdzu 'phrul byin rlabs sna tshogs ston mdzad cing*/__/mtha' yas sems can tshogs rnams bsgral ba'i phyir/__/yongs dag 'khor dang bcas te gshegs su gsol/__/chos rnams kun gyi dbang phyug gtso/__/btso ma gser gyi mdog 'dra zhing*/__/nyi ma las lhag gzi brjid che/__/dad pas spyan ni drang bar bgyi/__/zhi zhing thugs rje che ldan pa/__/dul zhing bsam gtan sa la bzhugs/__/chos dang ye shes chags bral ba/__/kun tu mi bzad nus par ldan/__/tshur spyon tshur spyon zhi bdag lha/__/thub pa'i skye mchog thams cad mkhyen/__/shin tu legs byas gzugs brnyan ni/__/mchod pa'i gnas 'dir gshegs su gsol/__/bcom ldan 'dir ni byon pa legs/__/bdag cag bsod nams skal bar ldan/__/bdag gi mchod yon bzhes nas kyang*/__/thugs la dgongs shing gnang bar mdzod/__!__/de nas khrus gsol ba'i thog mar khrus khang bskyed cing snyan brnan pa ni/__khrus kyi khang pa shin tu dri zhim pa/__/shel gyi sa gzhi gsal zhing 'tsher ba bstar/__/rin chen 'bar ba'i ka ba yid 'ong ldan/__/mu tig 'od chags bla bre bres pa der/__!__/de bzhin gshegs pa rnams dang de sras la/__/rin chen bum pa mang po spos kyi chu/__/yid 'ong legs par bkang ba glu dang ni/__/rol mor bcas pa du mas khrus bgyi'o/__!__/khrus gsol ba ni/__ji ltar bltams pa tsam gyis ni/__/lha rnams kyis ni khrus gsol ltar/__/lha yi chu ni dag pa yis/__/de bzhin bdag gis khrus bgyi'o/__/'di ni khrus mchog dpal dang ldan/__/thugs rje'i chu ni bla na med/__/byin rlabs ye shes chu yis ni/__/ci 'dod dngos grub stsol bar mdzod/__/rgyal ba'i sku gsung thugs mchog la/__/nyon mongs sgrib pa mi mnga' yang*/__/sems can sgo gsum sgrib sbyangs phyir/__/gtsang ma'i chab kyis khrus bgyi'o/__!__/sku phyi ba ni/__de dag sku la mtshungs pa med pa'i gos/__/gtsang la dri rab bgos pas sku phyi'o/__/de nas gos 'bul ba ni/__de nas de la kha dog legs bsgyur ba'i/__/na bza' shin tu dri zhim dam pa 'bul/__/gos bzang srab la 'jam pa sna tshogs dang*/__/rgyan mchog brgya phrag de dang de dag gis/__/'phags pa kun tu bzang dang 'jam dbyangs dang*/__/'jig rten dbang phyug sogs la'ang brgyan par bgyi/__/sna tshogs dbang po'i gzhu ltar rab bkra zhing*/__/gang la reg na bde ba'i rgyu 'gyur ba'i/__/gos bzang rin chen bdag blo sbyangs phyir 'bul/__/bzod pa dam pa'i gos kyis brgyan par shog__/dri med mtshanan la sgrib bsal mi mnga' yang*/__/dad pas ngur smrig rgyal mtshan phul ba yis/__/nam mkha'i mtha' klas gyur pa'i sems can rnams/__/sangs rgyas brtul zhugs mchog la spyod par shog__/bzhugs su gsol ba ni/__/bdag dang 'gro la thugs brtse'i phyir/__/nyid kyi rdzu 'phrul mthu yis ni/__/ji srid mchod pa bdag bgyid na/__/de srid bcom ldan bzhugs su gsol/__!__/de nas yan lag bdun gyi dang po phyag 'tshal ba'i yan lag ni/__yid 'ong rdzing bu'i nang na gnas pa yi/__/'char ka'i pad+ma kha 'bus bye 'dra ba/__/lag gnyis spyi bor thal sbyar bstod dbyangs bcas/__/lus dpag med par sprul nas gus phyag 'tshal/__/bla ma mnyam med sangs rgyas rin po che/__/dus gsum bde gshegs sras bcas thams cad kyis/__/sku gsung thugs kyi rang bzhin byin brlabs pa/__/bka' drin chen po'i zhabs la phyag 'tshal lo/__/kun bzang rdor sems dga' rab shrI seng*/__/pad+ma kA ra rje 'bangs nyi shu lnga/__/so zur gnubs nyang gter ston rgya rtsa sogs/__/bka' gter bla ma rnams la phyag 'tshal lo/__/nyan rang byang sems bya spyod rnal 'byor rgyud/__/rnal 'byor che dang a nu a ti sogs/__/theg pa rim dgu'i chos tshul rgya mtsho yis/__/rtsa brgyud bla ma rnams la phyag tshal lo/__/so thar byang sems gsang sngags sdom pa dang*/__/'dul ba mngon pa mdo sde rin po che/__/legs par gsung dang de yi dgongs 'grel gyi/__/brgyud pa'i bla ma rnams la phyag 'tshal lo/__/ston pa bla med sangs rgyas rin po che/__/skyobs pa bla med dam chos rin po che/__/'dren pa bla med dge 'dun rin po che/__/skyabs gnas dkon mchog gsum la=__/gang tshe rkang gnyis gtso bo khyod bltams tshe/__/sa chen 'di na gom pa bdun bor nas/__/nga ni 'jig rten 'di na mchog ces gsung*/__/de tshe mkhas pa khyod la=__/rnam dag sku mnga' mchog tu gzugs bzang ba/__/ye shes rgya mtsho gser gyi lhun po 'dra/__/grags pa 'jig rten gsum na lham me ba/__/mgon po mchog gyur khyod la=__/gang tshe thub chen zhing pa'i grong bzhud tshe/__/'dzam+bu'i grib mas sku lus ma btang zhing*/__/lha bu gzhon nu drug gis btud gyur pa/__/de tshe mchod 'os khyod la=__/mtshan mchog ldan pa dri med zla ba'i zhal/__/gser mdog 'dra ba khyod la=__/rdul bral khyod 'dra srid pa gsum ma mchis/__/mnyam med mkhyen can khyod la=__/mi mchog 'dul ba kha lo bsgyur mdzad cing*/__/kun sbyor 'ching ba gcod mdzad de bzhin gshegs/__/dbang po zhi zhing nyer zhi zhi la mkhas/__/mnyan yod bzhugs pa de la phyag 'tshal lo/__/mar me mdzad sogs rgyal ba 'das pa dang*/__/byang chub chen po da ltar bzhugs pa dang*/__/byams pa la sogs slad nas 'byon pa yi/__/dus gsum sangs rgyas rnams la=__/chos sku nam mkha' bzhin du dbyer med kyang*/__/gzugs sku 'ja' tshon bzhin du so sor gsal/__/thabs dang shes rab mchog la mnga' brnyes pa'i/__/rigs lnga bde bar gshegs la=__/sangs rgyas rnam gzigs gtsug tor thams cad skyob/__/'khor ba 'jig dang gser thub 'od srung dang*/__/shAkya thub pa gau taM lha yi lha/__/sangs rgyas dpa' bo bdun la=__/mthun pa'i dge tshogs smon lam rmad byung zhing*/__/spyad pa spyod tshe nam yang mched gyur la/__/bskal bzang gcig la mdzad pa mthar phyin pa'i/__/rdzogs pa'i sangs rgyas stong la=__/mtshan legs rin chen gser bzang mya ngan med/__/chos bsgrags mngon mkhyen sman bla shAkya thub/__/rgya chen smon lam yongs su rdzogs pa yi/__/bde bar gshegs pa brgyad la=__/mi rtog rdo rje thabs kyi ye shes ni/__/dmigs med shes rab yum gyi ngang du rtogs/__/thugs rje'i bye brag sna tshogs cir yang ston/__/rdo rje sems dpa' che la=__/kun bzang rigs lnga sems pa yab yum dang*/__/thub drug sgo ba khro rgyal yab yum bcu/__/gnas yul ma mo dbang phyug sgo skyong sogs/__/dam pa rigs brgya'i tshogs la=__/yang dag 'jam dpal gshin rje pad+ma dbang*/__/rdo rje gzhon nu bla med he ru ka__/che mchog rig 'dzin dregs 'dul drag sngags sogs/__/bka' brgyad lha tshogs rnams la=__/'dus pa bde dgyes sgyu 'phrul drwa ba dang*/__/gdan bzhi mA ya thod pa gshin rje'i gshed/__/dus kyi 'khor lo la sogs sngags rgyud kyi/__/ye shes lha tshogs kun la=__/gsang sngags rig sngags gzungs sngags snying po dang*/__/phyag rgya'i rigs 'byung la sogs sngags kyi lha/__/zhi khro'i lha tshogs rgyud sde bzhi po las/__/gang gsungs rnams la gus pas=__/smra bsam brjod med shes rab pha rol phyin/__/ma skyes mi 'gags nam mkha'i ngo bo nyid/__/so so rang rig ye shes spyod yul ba/__/dus gsum rgyal ba'i yum la phyag 'tshal lo/__/mdo sde dbyangs bsnyad lung bstan tshigs su bcad/__/ched brjod gleng gzhi rtogs brjod de ltar byung*/__skyes rabs rgyas dang rmad byung gtan la dbab/__/gsung rab yan lag bcu gnyis la=__/'jam dbyangs phyag na rdo rje spyan ras gzigs/__/sa yi snying po sgrib pa rnam par sel/__/nam mkha'i snying po byams pa kun tu bzang*/__/nye ba'i sras chen brgyad la=__/rlabs chen spyod pa'i tshul ni rab bzung nas/__/bsdu ba rnam bzhis 'gro don mdzad gyur pa/__/rab dga' la sogs sa la bzhugs pa yi/__/byang chub sems dpa' rnams la=__/'gro ba'i mgon po shAkya seng ge yis/__/sangs rgyas bstan pa gang gi phyag tu bzhag__/gsung rab rin chen sgrom gyi kha 'byed pa'i/__/dgra bcom gnas brtan rnams la=__/shA ri'i bu dang mo'ud+gal gyi bu/__/kun dga' sgra can 'dzin dang ma 'gag pa/__/gang po rab 'byor 'od srungs nye 'khor sogs/__/nyan thos grangs las 'das la=__rgyun zhugs phyir 'ong phyir mi 'ong la sogs/__/dgra bcom rigs gyur skyes bu zung bzhi dang*/__/tshogs na spyod dang bse ru lta bu yi/__/'phags pa rang rgyal rnams la=__/bkra shis 'byung dang byang chub chen po dang*/__/chos 'khor cho 'phrul chen po lha las babs/__/dbyen bzlum sku tshe'i 'du byed byin gyis rlabs/__/myang 'das mchod rten rnams la=__/hU~M mdzad 'jam dpal bshes gnyen bi ma la/__/pra b+ha hasti d+ha na saM skri ta/__/nA gArdzu na gu h+ya tsan+d+ra dang*/__/shIn+ti gar+b+ha rnams la=__/in+d+ra b+hU ti bi ru sa ra ha/__/lo hi nag po pa dang dril bu pa/__/sangs rgyas gsang ba sgegs pa rdo rje sogs/__/dpag yas grub chen rnams la=__/mgon po klu sgrub Ar+Ya de ba dang*/__/thogs med dbyig gnyen phyogs glang chos kyi grags/__/chos skyong yon shaka rnam gnyis dpa' bo sogs/__/'dzam gling rgyan mchog rnams la=__/'dzam bu'i gling du bstan pa'i srog shing btsugs/__/kha ba can du chos kyi sgron me sbar/__/ngur smrig 'dzin pa shAkya'i sras gcig pu/__/mkhan chen zhi ba 'tsho la=__/dus gsum rgyal ba kun dngos rigs brgya'i bdag__/phrin las rnam bzhi'i 'khor los bsgyur ba po/__/snang srid dbang du sdud pa'i mthu stobs can/__/pad+ma 'byung gnas zhabs la=__/byang chub sems dpa' chos rgyal tshul 'dzin cing*/__/gangs can khrod 'dir gdul bya ma lus pa/__/sna tshogs thabs kyis 'dul bar mdzad pa yi/__/khri srong lde'u btsan zhabs la=__/nam snying sangs rgyas ye shes rgyal mchog dbyangs/__/mtsho rgyal 'brog mi dpal ye dpal seng ge/__/bai ro chos rgyal rje 'bangs nyer lnga sogs/__/grub brnyes rig 'dzin rnams la=__/rgyal ba'i bka' dang bstan bcos la sogs pa/__/'gro ba'i don du tshul bzhin bsgyur dang spel/__/sangs rgyas bstan la bya ba cher mdzad pa'i/__/lo paN skyes mchog rnams la=__/rab 'byams rgyal ba kun gyi bstan pa'i srog__/nges don lam bzang gsal mdzad so zur gnubs/__/nyang ral chos dbang kun mkhyen chos rje sogs/__/bka' gter bla ma rnams la=__/'gro la phan bde ma lus 'byung ba'i gzhi/__/bde gshegs bstan pa yun ring gnas pa dang*/__/'dzin dang spel dang srung dang rgyas mdzad pa'i/__/skyes bu dam pa rnams la=__/rdo rje'i rang bzhin gnas mchog dam pa nas/__/mngon shes rdzu 'phrul mnga' ba'i thugs rje yis/__/sgrub pa po la ma yis bu bzhin skyong*/__/gnas gsum mkha' 'gro'i tshogs la=__/gang gi 'phrul dang mngon par mkhyen pa'i dpal/__/nye bar dgongs nas thub pa'i bka' bzhin du/__/bstan pa rin chen bang mdzod legs skyong ba'i/__/rdo rje'i chos skyong rnams la=___gang sngon sbyin pa rgya mtsho'i dge bsags pas/__/tshe dang nor dang mthu yi dpal brnyes shing*/__/sgrub pa po la dbyig gi char 'bebs pa'i/__/gnod sbyin nor skyong rnams la=__/tshangs pa rgya byin la sogs phyogs skyong bcu/__/rgyal chen bzhi sogs gtsang ris mgon po ste/__/bstan pa bsrung bar zhal bzhes 'phags pa'i tshogs/__/dkar phyogs skyong ba rnams la=__/ji snyed su dag phyogs bcu'i 'jig rten na/__zhes pa nas/__bde bar gshegs pa thams cad bdag gis bstod/__ces pa'i bar ro/__!__/gnyis pa mchod pa'i yan lag ni/__rin chen sems de bzung bar bya ba'i phyir/__/de bzhin gshegs pa rnams dang dam pa'i chos/__/dkon mchog dri ma med dang sangs rgyas sras/__/yon tan rgya mtsho rnams la legs par mchod/__/me tog 'bras bu ji snyed yod pa dang*/__/sman gyi rnam pa gang zhig yod pa dang*/__/'jig rten rin chen ji snyed yod pa dang*/__/chu gtsang yid du 'ong ba ci yod dang*/__/rin chen ri bo dang ni de bzhin du/__/nags tshal sa phyogs dben zhing nyams dga' dang*/__/ljon shing me tog rgyan spras spud pa dang*/__/shing gang 'bras bzang yal ga dud pa dang*/__/lha sogs 'jig rten na yang dri dang ni/__/spos dang dpag bsam shing dang rin chen shing*/__/ma rmos 'khrungs pa'i lo tog rnam pa dang*/__/gzhan yang mchod par 'os pa'i rgyan rnams ni/__/mtsho dang rdzing bu pad+mas brgyan pa dang*/__/ngang pa shin tu skad snyan yid 'ong ldan/__/nam mkha' rab 'byams khams kyi mthas gtugs pa/__/yongs su gzung ba med pa de dag kun/__/blo yis blangs nas thub pa skyes kyi mchog__/sras dang bcas pa rnams la legs 'bul na/__/yon gnas dam pa thugs rje che rnams kyis/__/bdag la brtser dgongs bdag gi 'di dag bzhes/__/bdag ni bsod nam mi ldan bkren chen te/__/mchod pa'i nor gzhan bdag la cang ma mchis/__/des na gzhan don dgongs pa'i mgon gyis 'di/__/bdag gi don slad nyid kyi mthus bzhes shig__/rgyal dang de sras rnams la bdag gis ni/__/bdag gi lus kun gtan du dbul bar bgyi/__/sems dpa' mchog rnams bdag ni yongs bzhes shig__/gus pas khyed kyi 'bangs su mchi bar bgyi/__/bdag ni khyod kyi yongs su bzung bas na/__/srid na mi 'jigs sems can phan par bgyid/__/sngon gyi sdig las yangs dag 'da' bgyid cing*/__/sdig pa gzhan yang slan chad mi bgyid do/__/stong gsum kun tu dri ngad ldang ba yis/__/dri mchog rnams kyis thub dbang rnams kyi sku/__/gser sbyangs btso ma byi dor byas pa ltar/__/'od chags 'bar ba de dag byugs par bgyi/__/thub dbang mchod gnas mchog la yid 'ong ba'i/__/me tog man+d+ha ra dang pad+ma dang*/__/ut+pal la sogs dri zhim thams cad dang*/__/phreng ba spel legs yid 'ong rnams kyis mchod/__/spos mchog yid 'phrog dri ngad khyab pa yi/___/bdug pa'i sprin tshogs rnams kyang de la dbul/__/zhal zas bza' btung sna tshogs bcas pa yi/__/lha bshos rnams kyang de la dbul bar bgyi/__/gser gyi pad+mo tshar du dngar ba yi/__/rin chen sgron me rnams kyang dbul bar bgyi/__/sa gzhi bstar ba spos kyis byugs pa der/__/me tog yid 'ong sil ma dgram par bya/__/gzhal med pho brang bstod dbyangs yid 'ong ldan/__/mu tig rin chen rgyan 'phyang mdzes 'bar ba/__/dpag yas nam mkha'i rgyan gyur de dag kyang*/__/thugs rje'i rang bzhin can la dbul bar bgyi/__/rin chen gdugs mdzes gser gyi yu ba can/__/'khor yug rgyan gyi rnam pa yid 'ong ldan/__/dbyibs legs lta na sdug pa sgreng ba yang*/__/rtag tu thub dbang rnams la dbul bar bgyi/__/de las gzhan yang mchod pa'i tshogs/__/rol mo dbyangs snyan yid 'ong ldan/__/sems can sdug bsngal sim byed pa'i/__/sprin rnams so sor gnas gyur cig__/dam chos dkon mchog thams cad dang*/__/mchod rten rnams dang sku gzugs la/__/rin chen me tog la sogs char/__/rgyun mi chad par 'bab par shog__/ji ltar 'jam dbyangs la sogs pas/__/rgyal ba rnams la mchod mdzad pa/__/de bzhin bdag gis de bzhin gshegs/__/mgon po sras dang bcas rnams mchod/__/yon tan rgya mtsho rnams la bdag__/bstod dbyangs yan lag rgya mtshos bstod/__/bstod dbyangs snyan sprin de dag la/__/nges par kun tu 'byung gyur cig__/de nas/__me tog dam pa phreng ba dam pa dang*/__zhes pa nas/__rgyal ba kun la phyag 'tshal mchod par bgyi/__zhes pa'i bar ro/__!__/de nas maN+Dal 'bul ba ni/__oM badz+ra b+hU mi A hU~M/__gzhi yongs su dag pa dbang chen gser gyi sa gzhi/__oM badz+ra re khe A hU~M/__phyi lcags ri khor yug gis bskor ba'i dbus su hU~M/__ri'i rgyal po ri rab/__shar lus 'phags po/__lho 'dzam+bu gling*/__nub ba lang spyod/__byang sgra mi snyan/__lus dang lus 'phags/__rnga yab dang rnga yab gzhan/__g.yo ldan dang lam mchog 'gro/__sgra mi snyan dang sgra mi snyan gyi zla/__rin po che'i ri bo/__dpag bsam gyi shing*/__'dod 'jo'i ba/__ma rmos pa'i lo tog__/'khor lo rin po che/__nor bu rin po che/__btsun mo rin po che/__blon po rin po che/__glang po rin po che/__rta mchog rin po che/__dmag dpon rin po che/__gter chen po'i bum pa/__sgeg pa ma/__phreng ba ma/__glu ma/__gar ma/__me tog ma/__bdug spos ma/__snang gsal ma/__dri chab ma/__nyi ma/__zla ba/__rin po che'i gdugs/__phyogs las rnam par rgyal ba'i rgyal mtshan/__lha dang mi'i dpal 'byor phun sum tshogs pa ma tshang ba med pa 'di nyid rtsa ba dang brgyud par bcas pa'i dpal ldan bla ma dam pa rnams dang yi dam dkyil 'khor gyi lha tshogs sangs rgyas dang byang chub sems pa'i tshogs dang bcas pa rnams la dbul bar bgyi'o/__/thugs rjes 'gro ba'i don du bzhes su gsol/__bzhes nas byin gyis brlab tu gsol/__/sa gzhi spos chus byugs shing me tog bkram/__/ri rab gling bzhi nyi zlas brgyan pa 'di/__/sangs rgyas zhing du dmigs te phul ba yis/__/'gro kun rnam dag zhing la spyod par shog__/i daM rat+na maN+Da la kaM nir yA ta yA mi/__!__/gsum pa sdig pa bshags pa'i yan lag ni/__bla ma rdo rje 'dzin pa chen po la sogs pa phyogs bcu na bzhugs pa'i sangs rgyas dang byang chub sems dpa' thams cad bdag la dgongs su gsol/__bdag ming 'di zhes bgyi bas tshe 'khor ba thog ma ma mchis pa nas/__da lta la thug gi bar du nyon mongs pa 'dod chags dang*/__zhe sdang dang*/__gti mug gi dbang gis lus ngag yid gsum gyi sgo nas sdig pa mi dge ba bcu bgyis pa dang*/__mtshams med pa lnga bgyis pa dang*/__de dang nye ba lnga bgyis pa dang*/__so sor thar pa'i sdom pa dang 'gal ba dang*/__byang chub sems dpa'i bslab pa dang 'gal ba dang*/__gsang sngags gyi dam tshigs dang 'gal ba dang*/__pha dang ma la ma gus pa dang*/__mkhan po dang slob dpon la ma gus pa dang*/__grogs tshangs pa mtshungs par spyod pa rnams la ma gus pa dang*/__dkon mchog gsum la gnod pa'i las bgyis pa dang*/__dam pa'i chos spangs pa dang*/__'phags pa'i dge 'dun la skur pa btab pa dang*/__sems can la gnod pa'i las bgyis pa la sogs pa sdig pa mi dge ba'i tshogs bdag gis bgyis pa dang*/__bgyid du btsal ba dang*/__gzhan gyis bgyis pa la rjes su yi rang ba la sogs pa mdor na mtho ris dang thar pa'i gegs su gyur cing*/__'khor ba dang ngan song gi rgyur gyur pa'i nyes ltung gi tshogs ci mchis pa thams cad bla ma rdo rje 'dzin pa chen po la sogs pa phyogs bcu na bzhugs pa'i sangs rgyas dang byang chub sems dpa' thams cad kyi spyan sngar mthol lo bshags so/__/mi 'chab bo/__/mi sbed do/__/phyin chad sdom par bgyid lags so/__/mthol zhing bshags na bdag bde ba la reg par gnas par 'gyur gyi/__ma mthol ma bshags na ni mi 'gyur ro/__/'dod chags zhe sdang gti mug dbang gis ni/__/zhes sogs so/__!__/bzhi pa dge ba la rjes su yi rang ba la sogs pa yan lag phyi ma bzhi ni/__phyogs bcu'i rgyal ba kun dang sangs rgyas sras/__zhes pa nas/__thams cad bdag gis byang chub phyir bsngo'o/__/zhes pa'i bar ro/__!__/de nas byang chub mchog tu sems bskyed pa'i cho ga ni/__/sbyor ba yan lag bdun pa rgyas bsdus gang rung sngon du song ba'i rjes su dngos gzhi ni/__phyogs bcu na bzhugs pa'i sangs rgyas bcom ldan 'das thams cad dang*/__sa bcu la gnas pa'i byang chub sems dpa' sems dpa' chen po rnams dang*/__bla ma rdo rje 'dzin pa chen po rnams bdag la dgongs su gsol/__zhes dang*/__byang chub snying por mchis kyi bar/__/sangs rgyas rnams la skyabs su mchi/__/chos dang byang chub sems dpa' yi/__/tshogs la'ang de bzhin skyabs su mchi/__zhes lan gsum gyis skyabs su 'gro ba sngon du btang nas/__ji ltar sngon gyi bde gshegs kyis/__/byang chub thugs ni bskyed pa dang*/__/byang chub sems dpa'i bslab pa la/__/de dag rim bzhin gnas pa ltar/__/de bzhin 'gro la phan don du/__/byang chub sems ni bskyed bgyi zhing*/__/de bzhin du ni bslab pala'ang*/__/rim pa bzhin du bslab par bgyi/__zhes lan gsum gyis sems bskyed blangs la/__mjug tu dga' ba bsgom pa ni/__deng dus bdag tshe 'bras bu yod/__/mi yi srid pa legs par thob/__/de ring sangs rgyas rigs su skyes/__/sangs rgyas sras su da gyur to/__/da ni bdag gis ci nas kyang*/__/rigs dang mthun pa'i las brtsams te/__/skyon med btsun pa'i rigs 'di la/__/rnyog par mi 'gyur de ltar bya/__/long bas phyag dar phung po las/__/ji ltar rin chen rnyed pa ltar/__/de bzhin ji zhig ltar stes nas/__/byang chub sems ni bdag la skyes/__zhes dang*/__bdag gi de ring skyobs pa thams cad kyi/__/spyan sngar 'gro ba bde gshegs nyid dang ni/__/bar du bde la 'gron du bos zin gyi/__/lha dang lha min la sogs dga' bar gyis/__/byang chub sems ni rin po che/__/ma skyes pa rnams skyes gyur cig__/skyes pa nyams pa med pa yang*/__/gong nas gong du 'phel bar shog__/byang chub sems dang mi 'bral zhing*/__/byang chub spyod la gzhol ba dang*/__/sangs rgyas rnams kyis yongs bzung zhing*/__/bdud kyi las rnams spang bar shog__/byang chub sems dpa' rnams kyis ni/__/'gro don thugs la dgongs 'grub shog__/mgon po yis ni gang dgongs pa/__/sems can rnams la de 'byor shog__/sems can thams cad bde dang ldan gyur cig__/ngan 'gro thams cad rtag tu stongs par shog__/byang chub sems dpa' gang dag sar bzhugs pa/__/de dag kun gyi smon lam 'grub par shog__/dge'o//

Footnotes

Other Information