ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་སྤྲོས་བྲལ་སྒྲ་དབྱངས།

From Khyentse Lineage - A Tsadra Foundation Project
JKW-KABAB-02-KHA-034
Wylie title shes rab kyi pha rol tu phyin pa dang 'brel ba'i rdo rje'i thol glu spros bral sgra dbyangs JKW-KABAB-02-KHA-034.pdf
Location mkhyen brtse'i bka' babs
Volume 2, Text 34, Pages 211-212 (Folios 1a1 to 1b1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. shes rab kyi pha rol tu phyin pa dang 'brel ba'i rdo rje'i thol glu spros bral sgra dbyangs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 2: 211-212. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Vajra Songs - rdo rje'i glu
Karchag page JKW-KABAB-Volume-02-KHA-Karchag
[edit]
༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་སྤྲོས་བྲལ་སྒྲ་དབྱངས་ཞེས་བྱ་བ།། ཨ་ཧོ། སྨྲ༷༷་བའི་ཚིག་ལམ་མི་གནས་ཡང་དག་གི་དྲན་པས། །བས༷མ་པས་དཔྱད་བྱ་བྲལ་བའི་བློ་འདས་ཀྱི་ཡེ་ཤེས། །བརྗོད༷་བྱས་གཏན་ལ་མི་ཕེབས་ལམ་བདེན་དང་འགལ་བའི། །བྱར་མེ༷ད་རྒྱལ་པོའི་གཤིས་ལུགས་གཉུག་མ་ཡི་ལྟ་བ། །ཤེས༷་རབ༷་ཡིད་བྱེད་ཀུན་གྱི་ཕ༷་རོལ༷་ཏུ་ཕྱི༷ན་པས། །མ༷་སྐྱེས༷་ངོ་བོ་ཀ་དག་རྟག་པ་ནི་མ་ཡིན། །མི༷་འགག༷་རང་རྩལ་ལྷུན་གྲུབ་ཆད་མཐའ་དང་བྲལ་བའི། །འགྱུར་མེད་ཡོངས་གྲུབ་བདེན་པ་ནམ༷་མཁའ༷་ཡི་ངོ༷་བོ༷། །ཆོས་ཉིད༷་ཐོབ་ཤོར་བྲལ་བའི་གཉུག་མ་ལ་རོལ་པས། །སོ་སོར་རྟོག་པའི་རིག་ཤེས་ཀུན་བརྟགས་ཀྱི་ཡོ་ལང༌། །གཟུང་འཛིན་གཉིས་ཆོས་བྲལ་བའི་རང༷་རིག༷་ལ་ཐིམ་སྟེ། །སྒྲོ་འདོགས་སྐུར་འདེབས་སྤངས་པའི་ངང་གནས་ཀྱི་ཡེ༷་ཤེས༷། །གྲུབ་མཐའི་ལྟོས་གཞི་ཟད་པའི་རྣལ་འབྱོར་གྱི་སྤྱོད༷་ཡུལ༷། །དུས༷་གསུམ༷་མཐའ་དང་བྲལ་བའི་པདྨོ་ཡི་ཀློང་དུ། །རྒྱལ༷་བའི༷་ཐུགས་ཀྱི་དེ་ཉིད་མངོན་སུམ་དུ་སྡུད་པས། །ཐོག་མའི་ཡུལ་གྱུར་རྣམ་ཐར་གསུམ་ལྡན་གྱི་ངོ་བོ། །རང་རིག་བདེ་གཤེགས་སྙིང་པོའི་བདག་ཉིད་ལ༷་འདུད་དོ། །དེ་སྐད་དོན་དམ་དགོངས་བཅུད་ཉུང་ངུ་རུ་འདོམས་པའི། །སྤྲོས་བྲལ་སྤྲོས་པར་ཤར་བའི་རྡོ་རྗེ་ཡི་གླུ་དབྱངས། །དཔའ་བོ་ཌཱ་ཀི་དགྱེས་པའི་དགའ་སྟོན་དུ་བླངས་པས། །འགྲོ་ཀུན་གཞོན་ནུ་བུམ་སྐུར་ཐིམ་པ་རུ་ཤོག་ཅིག། །།

Footnotes

Other Information