JKCL-KABUM-12-NA-064

From Khyentse Lineage - A Tsadra Foundation Project

ཞིང་འདིའི་སྟོན་པ་གཉིས་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་ཤིས་བརྗོད་དང་འབྲེལ་བ་བདེ་ཆེན་ཞིང་གི་སྒྲ་དབྱངས་འོད་སྣང་མཐའ་ཡས་དགྱེས་པའི་སྤྲིན་ཕུང་།
Wylie title zhing 'di'i ston pa gnyis pa o rgyan mtsho skyes rdo rje'i bstan pa dar zhing rgyas pa'i smon lam shis brjod dang 'brel ba bde chen zhing gi sgra dbyangs 'od snang mtha' yas dgyes pa'i sprin phung JKCL-KABUM-12-NA-064.pdf
Location chos kyi blo gros bka' 'bum
Volume 12, Text 64, Pages 307-309 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. zhing 'di'i ston pa gnyis pa o rgyan mtsho skyes rdo rje'i bstan pa dar zhing rgyas pa'i smon lam shis brjod dang 'brel ba bde chen zhing gi sgra dbyangs 'od snang mtha' yas dgyes pa'i sprin phung. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 307-309. Bir, H.P.: Khyentse Labrang, 2012.
Genre Prayers - smon lam
Colophon

།ཅེས་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་པའི་སྨོན་ལམ་འདིའང་དགོས་པའི་གནད་དོན་ཁྱད་པར་ཅན་མཐོང་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་པའི་ཡི་གེའི་བྱེད་པོ་འཇིགས་མེད་བློ་གྲོས་སྒྲ་དབྱངས་ཀྱིས་བགྱིས་པའོ།།

/ces mtsho skyes rgyal ba'i bstan pa rgyas pa'i smon lam 'di'ang dgos pa'i gnad don khyad par can mthong nas 'jam dbyangs chos kyi blo gros pas smras pa'i yi ge'i byed po 'jigs med blo gros sgra dbyangs kyis bgyis pa'o//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ཞིང་འདིའི་སྟོན་པ་གཉིས་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་ཤིས་བརྗོད་དང་འབྲེལ་བ་བདེ་ཆེན་ཞིང་གི་སྒྲ་དབྱངས་འོད་སྣང་མཐའ་ཡས་དགྱེས་པའི་སྤྲིན་ཕུང་ཞེས་བྱ་བ། །ཨོཾ་སྭསྟི། ཐུབ་པའི་དབང་པོ་རིགས་གསུམ་སེམས་དཔའ་ཆེ། །རྒྱལ་ཚབ་གནས་བརྟན་གཏད་རབས་ཆེན་པོ་དང་། །རྒྱན་དྲུག་ལ་སོགས་འཕགས་བོད་མཁས་གྲུབ་ཀྱིས། །བཀྲལ་བའི་ལམ་བཟང་ཇི་སྙེད་བྱོན་པ་ཡི། །བསྟན་པ་འཕེལ་རྒྱས་ཡུན་རིང་གནས་པ་ལས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྤྱོད་པ་དྲི་མེད་ལྟ་བ་རྣམ་དག་གཉིས། །ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ལས་བྱོན་པ། །གངས་ཅན་བསྟན་པའི་སྲོལ་འབྱེད་སྔ་འགྱུར་བའི། །བསྟན་པ་འཕེལ་རྒྱས༴ །མཚོ་སྐྱེས་རྒྱལ་བའི༴ །བྱང་ཆུབ་སེམས་དཔའ་གངས་ཅན་སྐྱོབས་པའི་མགོན། །ལྷ་ཆོས་བདུན་ལྡན་བསྟན་པའི་བདག་པོར་བསྔགས། །བསྟན་འཛིན་བྱེ་བའི་འབྱུང་གནས་བཀའ་གདམས་པའི། །བསྟན་པ༴ མཚོ་སྐྱེས༴ །མདོ་སྔགས་བཞེད་གཞུང་ཇི་བཞིན་བཀྲལ་བ་ལ། །འཕགས་བོད་མཁས་གྲུབ་བྱེ་བས་འགྲན་མི་བཟོད། །ཡོངས་རྫོགས་བསྟན་པའི་མངའ་བདག་ས་སྐྱ་པའི། །བསྟན་པ༴ །མཚོ་སྐྱེས༴ །གྲུབ་དབང་རྒྱ་མཚོའི་ཐུགས་ཀྱི་བཅུད་ཕྱུང་ཞིང་། །རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་གཅིག་དྲིལ་བ། །ཟླ་མེད་གྲུབ་པའི་གསེང་ལམ་བཀའ་བརྒྱུད་པའི། །བསྟན་པ༴ །མཚོ་སྐྱེས༴ །འཇམ་དཔལ་དབྱངས་དངོས་མི་ཡི་གཟུགས་སུ་སྣང་། །བསླབ་གསུམ་ཚུལ་ཁྲིམས་བཟང་པོའི་དྲི་ལྡན་པ། །འཛམ་གླིང་འདུས་པའི་དབུས་མཛེས་ཙོང་ཁ་པའི། །བསྟན་པ༴ །མཚོ་སྐྱེས༴ །སྔ་འགྱུར་བསྟན་པ་རྒྱ་མཚོའི་འཁོར་ལོས་བསྒྱུར། །ཟབ་གཏེར་མངའ་བདག་པདྨའི་རྒྱལ་ཚབ་ཆེ། །ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ཡི། །བསྟན་པ༴ །མཚོ་སྐྱེས༴ །གངས་ལྗོངས་རིས་མེད་བསྟན་པ་རྒྱ་མཚོའི་བདག །ངོ་མཚར་བཀའ་བབས་བདུན་གྱི་འཁོར་ལོས་བསྒྱུར། །འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་ཡི། །བསྟན་པ༴ །མཚོ་སྐྱེས༴ །མདོ་སྔགས་བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་བདག །མཛོད་ལྔའི་ཤིང་རྟ་གངས་ཅན་འགྲོ་བའི་མགོན། །ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོ་ཡི། །བསྟན་པ༴ །མཚོ་སྐྱེས༴ །སྨྲ་བའི་སེང་གེའི་དགྱེས་ཞལ་རྟག་ཏུ་གཟིགས། །སྤོབས་པའི་གཏེར་ཆེན་བརྒྱད་ལ་མངའ་དབང་འབྱོར། །ལུང་དང་རིགས་པའི་སངྒཻ་ཨ་ཛཱི་ཏའི། །བསྟན་པ༴ །མཚོ་སྐྱེས༴ འདི་ནས། །འཆི་མེད་གྲུབ་པའི་རིག་འཛིན་བི་མ་ལའི། །གསང་གསུམ་ཡེ་ཤེས་སྒྱུ་འཕྲུལ་རྡོ་རྗེའི་གར། །འཇམ་དཔལ་དབྱངས་དངོས་ཆོས་ཀྱི་བློ་གྲོས་ཀྱི། །བསྟན་པ༴ །མཚོ་སྐྱེས༴ འདི་བར་ཞལ་སྐོང་བའོ། །དེ་ལྟར་གསོལ་བཏབ་ཇི་ལྟར་སྨོན་པ་བཞིན། །བསྟན་པ་འཕེལ་རྒྱས་ཡུན་རིང་གནས་པ་ལས། །བསྟན་འགྲོའི་རྒུད་པའི་གདུང་བ་ཀུན་ཞི་ཞིང་། །ཆོས་ཚུལ་དྲི་མེད་ཡུན་དུ་གནས་པ་ཡི། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་པའི་སྨོན་ལམ་འདིའང་དགོས་པའི་གནད་དོན་ཁྱད་པར་ཅན་མཐོང་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་པའི་ཡི་གེའི་བྱེད་པོ་འཇིགས་མེད་བློ་གྲོས་སྒྲ་དབྱངས་ཀྱིས་བགྱིས་པའོ།། །།
[edit]

zhing 'di'i ston pa gnyis pa o rgyan mtsho skyes rdo rje'i bstan pa dar zhing rgyas pa'i smon lam shis brjod dang 'brel ba bde chen zhing gi sgra dbyangs 'od snang mtha' yas dgyes pa'i sprin phung zhes bya ba/__/oM swasti/__thub pa'i dbang po rigs gsum sems dpa' che/__/rgyal tshab gnas brtan gtad rabs chen po dang /__/rgyan drug la sogs 'phags bod mkhas grub kyis/__/bkral ba'i lam bzang ji snyed byon pa yi/__/bstan pa 'phel rgyas yun ring gnas pa las/__/mtsho skyes rgyal ba'i bstan pa rgyas gyur cig__/spyod pa dri med lta ba rnam dag gnyis/__/zung 'brel brgyud pa'i bka' srol las byon pa/__/gangs can bstan pa'i srol 'byed snga 'gyur ba'i/__/bstan pa 'phel rgyas=____/mtsho skyes rgyal ba'i=____/byang chub sems dpa' gangs can skyobs pa'i mgon/__/lha chos bdun ldan bstan pa'i bdag por bsngags/__/bstan 'dzin bye ba'i 'byung gnas bka' gdams pa'i/__/bstan pa=__mtsho skyes=____/mdo sngags bzhed gzhung ji bzhin bkral ba la/__/'phags bod mkhas grub bye bas 'gran mi bzod/__/yongs rdzogs bstan pa'i mnga' bdag sa skya pa'i/__/bstan pa=____/mtsho skyes=____/grub dbang rgya mtsho'i thugs kyi bcud phyung zhing /__/rgyud sde rgya mtsho'i snying po gcig dril ba/__/zla med grub pa'i gseng lam bka' brgyud pa'i/__/bstan pa=____/mtsho skyes=____/'jam dpal dbyangs dngos mi yi gzugs su snang /__/bslab gsum tshul khrims bzang po'i dri ldan pa/__/'dzam gling 'dus pa'i dbus mdzes tsong kha pa'i/__/bstan pa=____/mtsho skyes=____/snga 'gyur bstan pa rgya mtsho'i 'khor los bsgyur/__/zab gter mnga' bdag pad+ma'i rgyal tshab che/__/o rgyan mchog gyur bde chen gling pa yi/__/bstan pa=____/mtsho skyes=____/gangs ljongs ris med bstan pa rgya mtsho'i bdag__/ngo mtshar bka' babs bdun gyi 'khor los bsgyur/__/'jam dpal dbyangs dngos mkhyen brtse'i dbang po yi/__/bstan pa=____/mtsho skyes=____/mdo sngags bka' gter chos tshul rgya mtsho'i bdag__/mdzod lnga'i shing rta gangs can 'gro ba'i mgon/__/ngag gi dbang phyug yon tan rgya mtsho yi/__/bstan pa=____/mtsho skyes=____/smra ba'i seng ge'i dgyes zhal rtag tu gzigs/__/spobs pa'i gter chen brgyad la mnga' dbang 'byor/__/lung dang rigs pa'i sang+gai a dzI ta'i/__/bstan pa=____/mtsho skyes=__'di nas/__/'chi med grub pa'i rig 'dzin bi ma la'i/__/gsang gsum ye shes sgyu 'phrul rdo rje'i gar/__/'jam dpal dbyangs dngos chos kyi blo gros kyi/__/bstan pa=____/mtsho skyes=__'di bar zhal skong ba'o/__/de ltar gsol btab ji ltar smon pa bzhin/__/bstan pa 'phel rgyas yun ring gnas pa las/__/bstan 'gro'i rgud pa'i gdung ba kun zhi zhing /__/chos tshul dri med yun du gnas pa yi/__/mtsho skyes rgyal ba'i bstan pa rgyas gyur cig__/ces mtsho skyes rgyal ba'i bstan pa rgyas pa'i smon lam 'di'ang dgos pa'i gnad don khyad par can mthong nas 'jam dbyangs chos kyi blo gros pas smras pa'i yi ge'i byed po 'jigs med blo gros sgra dbyangs kyis bgyis pa'o//___//

Footnotes

Other Information