གདུང་རྟེན་གྲུབ་དུས་བོད་དུ་འགྲོ་ནས་ས་ངོར་གཉིས་ལ་མཆོད་འབུལ་ཞེས་པ།

From Khyentse Lineage - A Tsadra Foundation Project
JKCL-KABUM-12-NA-030
Wylie title gdung rten grub dus bod du 'gro nas sa ngor gnyis la mchod 'bul zhes pa JKCL-KABUM-12-NA-030.pdf
Location chos kyi blo gros bka' 'bum
Volume 12, Text 30, Pages 113-114 (Folios 1a1 to 1b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gdung rten grub dus bod du 'gro nas sa ngor gnyis la mchod 'bul zhes pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 113-114. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
གདུང་རྟེན་གྲུབ་དུས་བོད་དུ་འགྲོ་ནས་ས་ངོར་གཉིས་ལ་མཆོད་འབུལ། ལྷ་སའི་ཇོ་ཤཱཀ་གསུམ། བསམ་ཡས་བྱང་ཆུབ་ཆེན་པོ། ཁྲ་འབྲུག་གི་རྟེན་གཙོ་རྣམས་ལ་གསེར་ཆབ་མཆོད་འབུལ་གང་ལྕོགས། དེ་དག་གི་སྐབས་སུ་ཡང་སྲིད་བལྟམ་པ་ལ་ཕན་ངེས་ཁྱད་འཕགས་འབྱོན་གྲུབ་པའི་གསོལ་འདེབས་ནན་བསྐྱར། ཕྱིར་འཁོར་མཚམས་འདི་གར་འོངས་ན་དབང་ཆོས་སོགས་ཀྱི་ཐུགས་བཞེད་དང་། རང་མཁོ་གང་ཡོད་ཀྱི་ཞབས་འདེགས་ཞུ་རྒྱུ་སོགས། དགོངས་པ་རྫོགས་ནས་བཟུང་འདིར་དབང་ལུང་རྒྱུན་ཆགས་ཀྱི་བླ་སྤྲུལ་འདུས་སྡེ་གནད་གང་ཆེ་འཛོམས་པའི་སྤྱན་སྔར་འབྲེལ་ཐོག་ཚེ་འདས་ལ་དམིགས་པའི་བསྔོ་སྨོན་དང་། ཐུགས་དགོངས་རྫོགས་ཤིང་ཡང་སྲིད་འབྱོན་པ་བཅས་ཀྱི་གསོལ་འདེབས་སོགས་ཞུས་དང་ཞུ་འགྱུར། སྐྱེ་སྲིད་གང་འཁྲུངས་དང་སྔ་ཕྱི་སོགས་ནི་ཕྲན་ལ་བློ་གཏད་ཀྱི་བཀའ་ཕེབས་དེ་བཞིན། མཆོག་སྤྲུལ་དམ་པ་ལྷན་བླ་སློབ་མཆེད་གྲོགས་དམ་གཙང་ཡིན་བཞིན་དུ་ཅུང་ཟད་གསལ་ཆ་རེ་འབྱུང་སྲིད་ན་ལས། གཞན་རང་རེ་སོ་སྐྱེ་ཐ་ཤལ་པ་རང་ཉིད་ཅི་འགྱུར་ཡང་ཆ་མི་འཚལ་བ་ཞིག་ངེས་པར་ལགས་ན་འདི་འདྲའི་ལྐོག་གྱུར་འདོམས་པའི་ནུས་པ་ཕྲ་མོ་ཙམ་མི་མངའ་ཡང་། རྣམ་འདྲེན་དམ་པ་དེ་ཉིད་ལ་དད་དམ་ལྷག་བློ་འགྱུར་མེད་ཀྱི་གསོལ་གདབ་ཞུ་སྟེ་ཕྲན་བུའི་གསལ་ཆ་བྱུང་ཚེ་ནང་གནས་སུ་ཞུ་དང་ཞུ་བཞིན་ལ། ས་སྐྱ་བདག་པོ་ཆེན་པོ་འདི་ཉིད་ཐུགས་དམ་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་རས་ཆགས་ཐོགས་མེད་པ་ཡིན་འདུག་ན། དེ་ག་ནས་ཐུགས་དམ་བརྟགས་ཞུས་རིམ་བརྒྱུད་འབུལ་རྒྱུ་དང་། ངེད་རང་ནས་ཀྱང་རྒྱུས་ཤེས་དང་འབྲེལ་སྐབས་བབས་ཀྱི་སྙན་སངས་ཕུལ་རྒྱུ་རང་རྩ་ལྟར་བྱེད་ཆོག་པ་དགོངས་ངེས་འཚལ་ཞུ། འདེགས་ལྷ་རེག །སྐུ་གདུང་ཞལ་འདེབས་ཨ་འབར་རྡིལ་ཚད༡། མ་ལེགས་མཚོན་དག་སྒོར༤༠། མདུད་དམ་ལེ་ཚན་ནང་གཞུགས་ཕུལ་རྒྱུ་ཐུབ་དབང་ལི་སྐུ་བྱིན་ལྡན།། །།

Footnotes

Other Information