རྟ་བསང་བདུད་རྩིའི་གྲུ་ཆར།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-111
Wylie title rta bsang bdud rtsi'i gru char JKCL-KABUM-11-DA-111.pdf
Location chos kyi blo gros bka' 'bum
Volume 11, Text 111, Pages 531-534 (Folios 1a1 to 2b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rta bsang bdud rtsi'i gru char. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 531-534. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Colophon

།ཞེས་པའང་རྣམ་འགྱུར་ཞེས་པ་འབྱུང་བ་སུམ་ལྡན་ལྕགས་ཕོ་སྟག་གི་ལོར་སྒྲུབ་གནས་རྒྱལ་པོ་དཀར་མོ་སྟག་ཚང་གི་ཐུས་རུ་མར་དབོན་མཛོད་ཚེ་དཔལ་ནས་རྟ་བསང་དགོས་ཞེས་བསྐུལ་བ་ན་དཔེ་གཞན་མ་འབྱོར་སྟབས་ཉམས་མཚར་བྲི་འདོད་བྱུང་བ་པདྨ་ཡེ་ཤེས་རྡོ་རྗེས་སྨྲས་རིམ་བཞིན་ཚེ་རིང་བཀྲ་ཤིས་ནས་ཡི་གེར་བགྱིས་པ་འདིས་ཀྱང་རྔོག་ཆགས་ཀྱི་རྒུད་པ་ཞི་ཞིང་། །འཇིག་རྟེན་ཀུན་ཏུ་ཅང་ཤེས་འཕེལ་བའི་རྒྱུར་གྱུར་ཅིག།

/zhes pa'ang rnam 'gyur zhes pa 'byung ba sum ldan lcags pho stag gi lor sgrub gnas rgyal po dkar mo stag tshang gi thus ru mar dbon mdzod tshe dpal nas rta bsang dgos zhes bskul ba na dpe gzhan ma 'byor stabs nyams mtshar bri 'dod byung ba pad+ma ye shes rdo rjes smras rim bzhin tshe ring bkra shis nas yi ger bgyis pa 'dis kyang rngog chags kyi rgud pa zhi zhing /__/'jig rten kun tu cang shes 'phel ba'i rgyur gyur cig/

1 Texts in this Section (sde tshan or chos tshan)

[edit]
རྟ་བསང་བདུད་རྩིའི་གྲུ་ཆར་བཞུགས། །ཧྱ་གྲཱི་ཝ་ལ་ན་མོ། རྟའི་ནད་རྣམས་ཞི་བར་འདོད་པས་བཟང་ཤིང་སྣ་ཚོགས་ཀྱི་དུད་པ། རིན་ཆེན་འབྲུ་སྨན་དར་ཟབ་སྣ་ཚོགས་བསྲེས་པའི་ཕྱེ་མར་བསྲེགས་པ་ལ་ཆུ་གཙང་མས་བྲན། རྃ་ཡྃ་ཁྃ་གིས་སྦྱངས། ཨོཾ་ཨཱཿཧཱུྃ་ལན་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་མང་དུ་བརྗོད་པས་བྱིན་གྱིས་བརླབ། །ཀྱཻ། །བླ་མེད་དཀོན་མཆོག་རིན་ཆེན་གསུམ། །ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་ནོར་ལྷ་གཏེར་གྱི་བདག །གནས་དང་གཞི་ཡི་བདག་པོ་དང་། །ཁྱད་པར་རྟ་རྣམས་སྲུང་སྐྱོབ་ལྷ། །འཕགས་མཆོག་སྙིང་རྗེའི་བདག་པོ་དང་། །རྟ་ལྷ་ཨཱཪྻ་རེ་མནྟ། །རྟ་བདག་གནོད་སྦྱིན་ཀུ་བེ་ར། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་དང་། །རྟ་ཐུག་དགྲ་ལྷའི་དམག་ཚོགས་སོགས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །གཙང་མའི་སྐུ་ཁྲུས་འདི་གསོལ་ལོ། །ཨརྒྷཾ་བི་ཤུདྡྷེ་སྭཱ་ཧཱ། །དག་ཅིང་གཙང་མའི་མཆོད་ཡོན་དང་། །མེ་ཏོག་བདུག་སྤོས་མར་མེ་དང་། །ཞལ་ཟས་རོལ་མོ་སྣ་ཚོགས་འབུལ། །གཙང་མར་སྦྱར་བའི་བདུག་པའི་སྤྲིན། །འདོད་ཡོན་ལྷ་མོའི་གོམ་སྟབས་གཡོ། །ཏིང་ངེ་འཛིན་གྱིས་སྤྲུལ་པ་ཡི། །རྣམ་མང་མཆོད་པ་སྣ་ཚོགས་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །ལྷ་དང་མི་ཡི་དཔལ་འབྱོར་ཀུན། །བསང་གི་དུད་སྤྲིན་ནམ་མཁའི་ཁྱོན། །མ་ལུས་དོག་པོར་བཀང་བ་ལས། །བྱུང་བའི་མཆོད་སྤྲིན་དཔག་མེད་དང་། །ཁྱད་པར་འཕགས་མཆོག་སྙིང་རྗེའི་གཏེར། །སེམས་ཅན་དོན་ལ་རབ་དགེས་པའི། །ཐུགས་བསྐྱེད་མཐུ་ལས་བྱུང་བ་ཡི། །རྫུ་འཕྲུལ་ལྡན་པའི་ཅང་ཤེས་ནི། །སྤུ་སྡུག་དཀར་སེར་སྔོ་ནག་དང་། །མཚལ་ལུ་བྲ་ནག་རྐྱང་ཆེན་དང་། །འོལ་བ་ངང་པ་དཀར་སེར་རག །མཛེས་ཤིང་མྱུར་བའི་རྐང་འགྲོས་ལྡན། །སྟོབས་ཤུགས་མཐུ་དཔལ་ཐོགས་པ་མེད། །གང་བསམ་ཡུལ་ལ་བགྲོད་བྱེད་པར། །རིན་ཆེན་སྒ་སྲབ་ནོར་བུས་བརྒྱན། །བྱེ་བ་བསམ་མི་ཁྱབ་པའི་ཚོགས། །སྤྲུལ་ནས་མགྲོན་རིགས་རྣམས་ལ་འབུལ། །བསྔོའོ་སྦྱིན་ནོ་ཚིམ་གྱུར་ཅིག །ལྕགས་ཀྱི་བྱ་ཁྲ་སྔོན་མོ་དང་། །དུང་གི་བྱ་ཁྲ་སྟག་སེང་གེ། ཁྱུང་འབྲུག་དོམ་དྲེད་ཁྱི་ནག་སོགས། །རྟ་ལ་འགོ་བའི་ལྷ་རྣམས་ལ། །བདུད་རྩི་བསང་གི་མཆོད་པ་འབུལ། །དམེ་ཤན་ནལ་ཡུགས་ལ་སོགས་པའི། །མི་གཙང་དྲི་མ་ཐམས་ཅད་བསང་། །སྒོ་གསུམ་དག་ཅིང་གཙང་བ་དང་། །རླུང་གི་ཤུགས་དང་མྱུར་བའི་བང་། །ས་ཆེན་ཡུད་ཙམ་བསྐོར་བ་ཡི། །རྫུ་འཕྲུལ་རྐང་པ་དང་ལྡན་ཅིང་། །རིག་ཁམས་དྭངས་པའི་མངོན་ཤེས་ཀྱིས། །འདོད་པའི་དོན་ཀུན་འབད་མེད་སྒྲུབས། །ཅི་བསམ་ཡིད་བཞིན་འགྲུབ་པར་མཛོད། །རྟ་ལ་གནོད་ཅིང་འཚེ་བ་ཡི། །བདུད་དང་གནོད་སྦྱིན་སྲིན་པོ་དང་། །འདྲེ་མོ་ཐེའུ་རང་བཙན་གྲི་གཤེད། །ས་བདག་ལ་སོགས་འབྱུང་པོ་རྣམས། །འདོད་ཡོན་བདུད་རྩིས་རབ་ཚིམས་ནས། །གདུག་ཅིང་གནོད་པའི་སེམས་རྣམས་ཞི། །བྱམས་པའི་སེམས་དང་ལྡན་པར་མཛོད། །སངས་རྒྱས་རྣམས་ཀྱི་བདེན་པ་དང་། །ཆོས་ཉིད་རང་བཞིན་དག་པའི་མཐུ། །ཆོས་ཅན་རྟེན་འབྲེལ་བསླུ་མེད་ཀྱི། །འདོད་ཡོན་བདུད་རྩིའི་བསང་མཆོད་འདིས། །རྟ་ལ་གནོད་པའི་ཡམས་ནད་དང་། །སྤུ་རྔོ་ལྷད་མཐིང་ཞྭ་བྱེ་སོགས། །ལས་དང་རྐྱེན་ལས་གྱུར་པ་ཡི། །ནད་དང་གནོད་པ་གཏན་ཞི་ཞིང་། །ལན་ཆགས་བུ་ལོན་བྱང་བ་དང་། །སྤུ་སྡུག་མཛེས་ཤིང་གོམ་སྟབས་ཀྱིས། །འཇིག་རྟེན་ཀུན་གྱི་ཡིད་དགའ་ཞིང་། །མཐོང་ན་ཡིད་སྨོན་འབྱུང་བ་དང་། །ས་རྟ་གནམ་རྟ་ཆུ་རྟ་སོགས། །བཀྲ་ཤིས་རི་མོས་མཚན་པ་ཡི། །ཅང་ཤེས་ཚོགས་ཀྱིས་རི་ལུང་གང་། །གང་བསམ་ས་རུ་ཕྱིན་པ་དང་། །ཕས་རྒོལ་ཕྱོགས་ལས་རྣམ་རྒྱལ་ཞིང་། །མཐར་ཐུག་འཕགས་པའི་སྨོན་ལམ་གྱིས། །བདེ་ནས་བདེ་བའི་སར་བགྲོད་དེ། །རྫུ་འཕྲུལ་རྐང་བཞི་མྱུར་ཐོབ་སྟེ། །སྙིང་རྗེའི་གཏེར་ཆེན་བ་ལ་ཧ། །རྟ་མཆོག་ཧེ་རུ་ཀ་དཔལ་གྱི། །གོ་འཕང་དམ་པ་ཐོབ་གྱུར་ཅིག །ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །ལྷ་ཀླུ་མི་གསུམ་རྟ་གཡང་དང་། །སྦེ་རྟ་ཧོར་གྱི་རྟ་གཡང་རྣམས། །དེ་རིང་འདི་རུ་གཡང་དུ་ཁུག །ཁུ་ཡེ་ཧུ་ལོ་གཡང་གི་བརྡ། །རྟ་མཆོག་རིན་ཆེན་བཀྲ་ཤིས་ཀྱིས། །དུས་རྣམས་ཀུན་ཏུ་བཀྲ་ཤིས་ཤོག །ཛ་ཡ་ཛ་ཡ་རེ་མནྟ་སིདྡྷི་ཕ་ལ་ཧོ། །ཞེས་པའང་རྣམ་འགྱུར་ཞེས་པ་འབྱུང་བ་སུམ་ལྡན་ལྕགས་ཕོ་སྟག་གི་ལོར་སྒྲུབ་གནས་རྒྱལ་པོ་དཀར་མོ་སྟག་ཚང་གི་ཐུས་རུ་མར་དབོན་མཛོད་ཚེ་དཔལ་ནས་རྟ་བསང་དགོས་ཞེས་བསྐུལ་བ་ན་དཔེ་གཞན་མ་འབྱོར་སྟབས་ཉམས་མཚར་བྲི་འདོད་བྱུང་བ་པདྨ་ཡེ་ཤེས་རྡོ་རྗེས་སྨྲས་རིམ་བཞིན་ཚེ་རིང་བཀྲ་ཤིས་ནས་ཡི་གེར་བགྱིས་པ་འདིས་ཀྱང་རྔོག་ཆགས་ཀྱི་རྒུད་པ་ཞི་ཞིང་། །འཇིག་རྟེན་ཀུན་ཏུ་ཅང་ཤེས་འཕེལ་བའི་རྒྱུར་གྱུར་ཅིག། །།

Footnotes

Other Information