གནས་དང་གཞི་བདག་བསང་མཆོད་བཀྲ་ཤིས་འཁྱིལ་བ།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-075
Wylie title gnas dang gzhi bdag bsang mchod bkra shis 'khyil ba JKCL-KABUM-11-DA-075.pdf
Location chos kyi blo gros bka' 'bum
Volume 11, Text 75, Pages 395-396 (Folios 1a1 to 1b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gnas dang gzhi bdag bsang mchod bkra shis 'khyil ba. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 395-396. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Colophon

།ཅེས་པའང་རྫོང་སར་དགེ་སློང་འཇམ་དབྱངས་ཐེག་མཆོག་ནས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག།

/ces pa'ang rdzong sar dge slong 'jam dbyangs theg mchog nas bskul ngor 'jam dbyangs chos kyi blo gros pas sbyar ba dge legs mchog tu gyur cig/

1 Texts in this Section (sde tshan or chos tshan)

[edit]
གནས་དང་གཞི་བདག་བསང་མཆོད་བཀྲ་ཤིས་འཁྱིལ་བ་ཅེས་བྱ་བ་བཞུགས། བསང་དང་ཕྱེ་མར་གསེར་སྐྱེམས་འདུ་བྱས། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས། ཀྱཻ། ཆོས་དབྱིངས་དག་པའི་མདུན་གྱི་མཁར། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ནོར་ལྷ་གཏེར་གྱི་བདག །ཡུལ་ལྷ་གཞི་བདག་འཁོར་བཅས་རྣམས། །འདིར་གཤེགས་བསང་གི་མཆོད་པ་བཞེས། ཀྱཻ། ས་འཛིན་མཐོ་ལ་ལྷུན་ཆགས་པས། །ཤེལ་དཀར་ག་བུར་བརྩེགས་པའི་རི། །བཀྲ་ཤིས་དཔལ་གྱི་གནས་ཆེན་པོ། །མུ་ནམ་སྒྲུབ་པ་སྡེ་དགའི་རྫོངས། །གནས་སྲུང་ལྷ་བཙན་གཉེན་པོ་དང་། །ཛཾ་གྱི་པདྨ་ཤེལ་ཕུག་གི །གཏེར་སྲུང་བྱ་དཀར་བྱ་དམར་དང་། །ང་འདྲ་མཆེད་བརྒྱད་སེང་གཡུ་རྩེ། །བཙན་རྒོད་རག་ཆབ་གཉེན་པོ་དང་། །རྨ་ཐམ་སྟག་ཚང་ཀླུ་སྨན་ལྔ། །ཧ་ཁྲ་འབྲས་དིས་འབོ་ཀླུ་བཙན། །སྙིང་ཚོགས་སྡེ་ལྔ་ལ་སོགས་པ། །ཡུལ་འདིའི་ཕུ་མདའ་བར་གསུམ་གྱི། །ལྷ་ཀླུ་གནོད་སྦྱིན་གཞི་བདག་དང་། །བཙན་དང་དམུ་སྨན་ཐེའུ་རང་སོགས། །མགྲོན་དུ་གཏོགས་པ་ཐམས་ཅད་ཀྱིས། །བསང་གི་མཆོད་སྦྱིན་འདི་བཞེས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བཤད་སྒྲུབ་བསྟན་པ་སྤེལ་བ་དང་། །བྱད་ཕུར་རྦོད་གཏོང་བཟློག་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་འཕེལ། །ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་རྒྱས། །ཆར་ཆུ་དུས་འབེབས་ལོ་ཕྱུགས་ལེགས། །སྣོད་བཅུད་དཔལ་འབྱོར་རྒྱས་པ་དང་། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །ཀི་བསྭ་ཆའོ་ལྷ་རྒྱལ་ལོ། །ཅེས་བརྗོད་ལ་ཕྱེ་མར་དང་སྐྱེམས་ཕུད་འཐོར་རོ། །ཅེས་པའང་རྫོང་སར་དགེ་སློང་འཇམ་དབྱངས་ཐེག་མཆོག་ནས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།

Footnotes

Other Information