སྨན་བཙུན་མཆེད་ལྔའི་བསྟོད་པ་རབ་དགའི་དབྱངས།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-051
Wylie title sman btsun mched lnga'i bstod pa rab dga'i dbyangs JKCL-KABUM-11-DA-051.pdf
Location chos kyi blo gros bka' 'bum
Volume 11, Text 51, Pages 277-278 (Folios 1a1 to 1b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sman btsun mched lnga'i bstod pa rab dga'i dbyangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 277-278. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod  ·  Verses of Praise - bstod pa
Deity sman btsun mched lnga
Colophon

།ཅེས་བསྟོད་པ་འདིའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བསྟོད་ཅིང་གསོལ་བ་དགེ་ལེགས་སུ་གྱུར་ཅིག།

/ces bstod pa 'di'ang 'jam dbyangs blo gros rgya mtshos bstod cing gsol ba dge legs su gyur cig/

1 Texts in this Section (sde tshan or chos tshan)

[edit]
སྨན་བཙུན་མཆེད་ལྔའི་བསྟོད་པ་རབ་དགའི་དབྱངས་ཞེས་བྱ་བ་བཞུགས་སོ། ཧཱུྃ། ཆོས་དབྱིངས་མཁའ་ཀློང་ཡངས་པ་ལས། །རྣམ་རོལ་དེ་བཞིན་གཤེགས་མ་ལྔ། །ངོ་བོ་གཅིག་ལས་ཤར་བ་ནི། །སྨན་བཙུན་ཌཱ་ཀི་མཆེད་ལྔར་བསྟོད། །ཞིང་སྐྱེས་མཁའ་འགྲོ་ཀུན་གྱི་རྗེ། །རྣལ་འབྱོར་མ་དང་སིང་ཧ་མུས། །དབང་བསྐུར་དམ་ཚིག་གཙུག་ཏུ་བཀོད། །དམ་ལྡན་བསྟན་སྲུང་མཆེད་ལྔར་བསྟོད། །བརྟུལ་ཞུགས་གྲུབ་པ་པད་འབྱུང་དང་། །རྣལ་འབྱོར་བཞད་པ་རྡོ་རྗེ་ཡིས། །ཇི་ལྟར་བཀའ་བསྒོས་གཉེར་གཏད་ལྟར། །སྒྲུབ་བརྒྱུད་བུ་བཞིན་སྐྱོངས་ལ་བསྟོད། །དོན་དམ་བཛྲ་ཝ་ར་ཧཱི། །རྣམ་པ་སྨན་བཙུན་ལྷ་མོ་ལྔ། །ཨཉྩ་དྷ་རའི་ས་སྲུངས་ཆེ། །གངས་ཅན་དཀར་ཕྱོགས་གཙོ་བོར་བསྟོད། །རེས་འགའ་མཐོན་མཐིང་རྒྱལ་མོར་གཤེགས། །སྐབས་འགར་དུར་ཁྲོད་བརྒྱད་ན་བཞུགས། །གྲུབ་པའི་གནས་ཡུལ་དག་ན་གནས། །ཆོ་འཕྲུལ་སྣ་ཚོགས་སྟོན་ལ་བསྟོད། །ཞིང་སྔགས་ལྷན་སྐྱེས་ཕོ་ཉ་མོའི། །ཚོགས་རྗེ་ཚོགས་ཀྱི་བདག་མོ་ཆེ། །ལྷན་སྐྱེས་བདེ་ཆེན་སྟེར་མཛད་མ། །རིགས་ཀྱི་ཡུམ་ཆེན་ཁྱོད་ལ་བསྟོད། །མཆོད་གཏོར་རྒྱ་ཆེན་འདི་བཞེས་ལ། །འདྲེན་པའི་བསྟན་པ་སྲུང་བ་དང་། །བདག་ཅག་རྣལ་འབྱོར་བུ་བཞིན་སྐྱོངས། །ལས་དང་ཡེ་ཤེས་དངོས་གྲུབ་སྩོལ། །འཆི་མེད་ཚེ་དང་སྣང་གསལ་པྲ། །རྨ་གཡང་ཟས་དང་བང་མཛོད་ནོར། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སོགས། །འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བསྟོད་པ་འདིའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བསྟོད་ཅིང་གསོལ་བ་དགེ་ལེགས་སུ་གྱུར་ཅིག། །།

Footnotes

Other Information