དཔལ་མགོན་མ་ནིང་ནག་པོའི་གསོལ་ཀ།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-041
Wylie title dpal mgon ma ning nag po'i gsol ka JKCL-KABUM-11-DA-041.pdf
Location chos kyi blo gros bka' 'bum
Volume 11, Text 41, Pages 197-198 (Folios 1a1 to 1b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal mgon ma ning nag po'i gsol ka. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 197-198. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod
Deity ma ning
Colophon

།ཕྱག་བྲིས་དངོས་ལས་ཞལ་བཤུས།།

/phyag bris dngos las zhal bshus//

1 Texts in this Section (sde tshan or chos tshan)

[edit]
དཔལ་མགོན་མ་ནིང་ནག་པོའི་གསོལ་ཀ་བཞུགས། ཤྲཱི་བཛྲ་ཧེ་རུ་ཀ་ལ་ན་མཿཧཱུྃ་ཧྲཱིཿདད་པ་དང་ནི་དམ་ཚིག་གི །ལྷ་ཆེན་དཔལ་འབར་སྤྱན་འདྲེན་ནོ། །མ་ནིང་ནག་པོ་གཤེགས་སུ་གསོལ། །ཚོགས་བདག་ཆེན་པོ༴ །ས་བཅུའི་དབང་ཕྱུག༴ །རྡོ་རྗེ་སྒྲོལ་བྱེད༴ །ལེགས་ལྡན་ནག་པོ༴ །མགོན་པོ་སྡེ་ལྔ་གཤེགས་སུ་གསོལ། །འདིར་གཤེགས་ཐོད་མཁར་འབར་བ་ཡི། །དྲག་པོའི་གཞལ་ཡས་གནས་འདིར་གཤེགས། །བྲག་ཆེན་པད་ཉི་བམ་རོའི་སྟེང་། །དགྱེས་པར་བཞུགས་ལ་ཕྲིན་ལས་མཛོད། །ཧཱུྃ། ནག་པོ་ཆེན་པོ་འཁོར་བཅས་ལ། །ཐུགས་དམ་བསྐང་བའི་དམ་རྫས་ནི། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །མཐུན་པའི་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན་འཁོར་བཅས་ཐུགས་དམ་བསྐང་། །བྱ་ནག་རྟ་ནག་གཡག་ནག་དང་། །ལུག་ནག་ཁྱི་ནག་བྱ་གཅན་རིགས། །སྣ་ཚོགས་སྤྲུལ་པ་དཔག་མེད་ཀྱིས། །མ་ནིང་འཁོར་བཅས་ཐུགས་དམ་བསྐང་། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གླིང་བཞིའི་འབྱོར་པ་མཐའ་ཡས་དང་། །གོ་ཁྲབ་གོས་དར་རྣམ་མང་དང་། །རལ་གྲི་མདའ་དང་མདུང་རྣོན་པོ། །རྩེ་གསུམ་ཁ་ཊྭཱྃ་གྲི་ཐོད་སོགས། །དར་ནག་བ་དན་བེར་ཕོད་དང་། །མགོ་ཕྲེང་རུས་རྒྱན་དུར་ཁྲོད་ཆས། །སྨན་གཏོར་རཀྟ་རུ་མཚོན་ཆེ། །སྦྱོར་སྒྲོལ་མཆོད་པ་བླ་མེད་ཀྱི། །མ་ནིང་ནག་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་དགྱེས་པར་སྐོངས། །ཉམས་ཆགས་འགལ་འཁྲུལ་ཐམས་ཅད་བཤགས། །བཟོད་བཞེས་ཚངས་པར་སྩལ་དུ་གསོལ། །འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་གསང་བའི་རྟེན་དུ་བཞུགས། །རང་སེམས་གདོད་ནས་དག་པ་ནི། །མ་ནིང་ནག་པོར་ངོ་ཤེས་པས། །རྟག་ཏུ་ངོ་ཤེས་མཆོད་བསྟོད་འབུལ། །ཡིད་ལ་བསམ་པའི་དོན་རྣམས་ཀུན། །འབད་མེད་འགྲུབ་པའི་ཕྲིན་ལས་མཛོད། །ཕྱག་བྲིས་དངོས་ལས་ཞལ་བཤུས།། །།

Footnotes

Other Information