གཏོར་མ་སྐྱེམས་ཕུད་ཅི་འབྱོར་བཤམས། སོགས་གནོད་སྦྱིན།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-040
Wylie title gtor ma skyems phud ci 'byor bshams/ sogs gnod sbyin JKCL-KABUM-11-DA-040.pdf
Location chos kyi blo gros bka' 'bum
Volume 11, Text 40, Pages 195-196 (Folios 1a1 to 1b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gtor ma skyems phud ci 'byor bshams sogs gnod sbyin. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 195-196. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod
Deity gnod sbyin
Colophon

།ཅེས་པའང་ཟླ་༨ཚེས་༤ལ་ཉམས་ཀྱི་ཆར་གནོད་སྦྱིན་དུ་སྐྱེ་བ་ཡིད་ངོར་གསལ་ཞིང་ཚེས་ཉེར་དགུ་ལ་ཉམས་ངོར་གཟུགས་གསལ་བཞིན་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ།

/ces pa'ang zla 8tshes 4la nyams kyi char gnod sbyin du skye ba yid ngor gsal zhing tshes nyer dgu la nyams ngor gzugs gsal bzhin chos kyi blo gros pas bris pa dge/

1 Texts in this Section (sde tshan or chos tshan)

[edit]
གཏོར་མ་སྐྱེམས་ཕུད་ཅི་འབྱོར་བཤམས། །གོང་གནོན་ཕྱག་རྡོར་ཁྲོ་བོ་བསྐྱེད། །གཏོར་མ་འབྲུ་གསུམ་སྔགས་རྒྱས་བརླབ། །ཧཱུྃ། རི་རབ་ཆེན་པོའི་བྱང་གི་ཕྱོགས། །གནོད་སྦྱིན་འདུ་བའི་དགའ་ཚལ་ནས། །བདུད་རིགས་རྡོ་རྗེ་ཁུ་ཚུར་དང་། །དཔལ་ཕྲེང་མ་ལས་སྐྱེས་པ་ཡི། །གནོད་སྦྱིན་ལྕགས་ཀྱི་བེར་ཀ་ཅན། །མཐིང་ནག་ཁྲོ་གཏུམ་ལྕགས་རལ་ཅན། །བེར་ནག་གསོལ་ཞིང་སྭཀ་ལྷྭམ་གསོལ། །ཨུཏྤལ་སྔོན་པོའི་ཐོད་ཆིངས་དང་། །སྙིང་གི་ཕྲེང་བའི་ག་ཤལ་ཅན། །བདུད་རྟ་ནག་པོ་ལ་ཞོན་ཅིང་། །གཡས་པས་ལྕགས་ཀྱི་བེར་སྒ་དང་། །གཡོན་པས་བདུད་ཞགས་ནག་པོ་འཛིན། །སྟག་དང་དུག་སྦྲུལ་རོལ་དུ་ཁྲིད། །ཡུམ་ནི་གནོད་སྦྱིན་བེད་ཁྲོལ་མ། །དམར་མོ་ལྕགས་ཀྱུ་གཏེར་བུམ་འཛིན། །བློན་པོ་ཀ་ཡི་ཐང་ཀ་དང་། །ཤན་པ་ཟུ་ར་ར་སྐྱེས་སོགས། །གནོད་སྦྱིན་འཁོར་ཚོགས་དང་བཅས་པ། །འདིར་གཤེགས་དམ་ཚིག་མནོས་པར་གྱིས། །དམ་ལས་མ་འདའ་ས་མ་ཡ། །དགྲ་བགེགས་དམ་ཉམས་སྲོག་སྙིང་རོལ། །བསྟན་འཛིན་སྒྲུབ་མཆོག་སྐྱོངས་རྣམས་ཀྱིས། །ཇི་ལྟར་བཅོལ་བའི་ཕྲིན་ལས་སྒྲུབ། །ཆོས་ལྡན་མངའ་རིས་རྒྱས་པར་མཛོད། །ཤ་ཁྲག་གཏོར་མ་སྐྱེམས་ཕུད་དང་། །གོ་མཚོན་གཅན་གཟན་སྣ་ཚོགས་སོགས། །སྤྱན་གཟིགས་མཆོད་པ་འདི་རོལ་ཤིག །ལག་ན་རྡོ་རྗེ་བྱིན་ཞུགས་ཤིང་། །མཐུ་སྟོབས་ནུས་པའི་རྩལ་བསྐྱེད་དེ། །བདུད་ཀྱི་སྡེ་རྣམས་ཆོམ་ལ་ཕོབ། །རྒྱལ་བསྟན་དར་ཤིང་རྒྱས་པ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། ཨོཾ་བདུད་ཏྲི་ཡ་མ་ཀྵར་དུ་ཁཿཆེ་གེའི་ཙིཏྟ་མ་ར་ཡ་རྦད་ཆོད། །ཅེས་པའང་ཟླ་༨ཚེས་༤ལ་ཉམས་ཀྱི་ཆར་གནོད་སྦྱིན་དུ་སྐྱེ་བ་ཡིད་ངོར་གསལ་ཞིང་ཚེས་ཉེར་དགུ་ལ་ཉམས་ངོར་གཟུགས་གསལ་བཞིན་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ། །།

Footnotes

Other Information