JKCL-KABUM-10-THA-048

From Khyentse Lineage - A Tsadra Foundation Project

རྒྱ་གར་ཀ་ལ་ཀ་ཏའི་གྲོང་ཁྱེར་ཆེན་པོ་ལ་བསྟོད་པ།
Wylie title rgya gar ka la ka ta'i grong khyer chen po la bstod pa JKCL-KABUM-10-THA-048.pdf
Location chos kyi blo gros bka' 'bum
Volume 10, Text 48, Pages 371-372 (Folios 1a1 to 1b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rgya gar ka la ka ta'i grong khyer chen po la bstod pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 371-372. Bir, H.P.: Khyentse Labrang, 2012.
Genre Place or Sacred Site Guides - gnas bshad - skor tshad  ·  Verses of Praise - bstod pa
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/praise-kolkata
Colophon

།དེ་ལྟར་ཉམས་མཚར་བརྗོད་འདི་ཡང་། །བློ་གྲོས་རྒྱ་མཚོས་རྒྱལ་ཟླ་བའི། །དཔའ་བོ་མཁའ་འགྲོའི་འདུ་བར་སྤྱོད། །དཀར་ཕྱོགས་ཆོས་བཅུར་སྦྱར་བ་དགེ།

/de ltar nyams mtshar brjod 'di yang /__/blo gros rgya mtshos rgyal zla ba'i/__/dpa' bo mkha' 'gro'i 'du bar spyod/__/dkar phyogs chos bcur sbyar ba dge/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
རྒྱ་གར་ཀ་ལ་ཀ་ཏའི་གྲོང་ཁྱེར་ཆེན་པོ་ལ་བསྟོད་པ། ཨོཾ་སྭསྟི། དཔལ་ལྡན་འཇིག་རྟེན་དབང་ཕྱུག་གི། བཀོད་པ་ལྷ་ཆེན་མ་ཧཱ་དེའི། །ཡུམ་ཆེན་དགྱེས་པའི་ཚལ་ཆེན་པོ། །རྣམ་འཕྲུལ་འཆི་མེད་ལྗོངས་འདིར་འཕོས། །བཟོ་རིགས་བཅོ་བརྒྱད་འདུ་བའི་གནས། །འཛམ་གླིང་སྐྱེ་འགྲོའི་རིགས་མཐའ་དག །མ་བོས་པར་ཡང་འདུ་བའི་གནས། །རྐང་དྲུག་མེ་ཏོག་རྩི་སྡུད་བཞིན། །རྣམ་པ་མང་པོའི་ནོར་གྱི་དབྱིག །རྣམ་ཐོས་བུ་ཡི་བང་མཛོད་ཀྱི། །གཏེར་ནི་ཡོངས་སུ་འབྱེད་པ་ལྟར། །སྲིད་པའི་དཀོར་ནོར་མ་ཚང་མེད། །མཛེས་སྡུག་བར་མའི་སྐྱེ་འགྲོ་ནི། །ས་ཆེན་རྡུལ་གྱི་གྲངས་སྙེད་ལྟར། །གཅིག་གིས་གཅིག་ལ་འགྲན་པ་འདྲ། །མིག་སྟོང་ལྡན་ཡང་བལྟར་མི་བཟོད། །འཁྲུལ་འཁོར་རྣམ་པ་མང་པོ་དག །བརྒྱ་སྟོང་བྱེ་བ་འབུམ་གྱི་སྒྲས། །ས་གཞི་འགུལ་དང་རྡོ་རྗེའི་ཐོག །གྲུལ་བུམ་དྲི་ཟའི་སྐད་སྣ་ཚོགས། །སྒྲ་འཛིན་བཟོད་པར་དཀའ་སྙམ་བྱེད། །ས་གཞི་བསྟར་ལེགས་གངྒཱ་ཡིས། །རིན་ཆེན་བྱེ་མ་འདྲེན་བཞིན་དུ། །གྲུ་གཟིངས་འགྲོ་འོང་སྐར་ལྟར་བཀྲ། །ལྗོན་ཤིང་སྣ་ཚོགས་འབྲས་བུར་ལྡན། །གཞན་ཡང་ལྗོན་པ་བཟང་པོ་ཡི། །ནགས་ཚལ་དྲ་བས་ཀུན་ནས་མཛེས། །ཁང་བཟང་བ་གམ་ལྟ་ན་སྡུག །རིན་ཆེན་སྣ་ཚོགས་སྒོ་དང་ནི། །མཐོངས་སྐར་མང་པོ་ཡིད་དུ་འོང་། །རིན་ཆེན་གློག་གི་སྒྲོན་མེ་ཡང་། །དཀར་དམར་སེར་དང་སྔོ་ལྗང་གིས། །ཉིན་མཚན་ཕྱེད་པར་མི་འགྱུར་བའི། །རྨོངས་པ་རྣམས་ལ་ཐེ་ཚོམ་སྐྱེད། །བཟའ་བཏུང་གོས་རྒྱན་ཕྲེང་བ་དང་། །བྱུགས་པ་ལ་སོགས་གང་མཁོ་བ། །དེ་ཡི་མོད་ལ་འབྱུང་བ་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་མཐུ། །ལྷ་ཡི་བཀོད་པ་དང་འདྲ་ཞིང་། །མི་ཡི་འཇིག་རྟེན་ཁམས་སུ་ནི། །མི་སྲིད་སྙམ་ཡང་མངོན་སུམ་དུ། །མཐོང་བས་འཁྲུལ་པ་མེད་པར་ངེས། །དེ་བཞིན་གཤེགས་པའི་རིང་བསྲེལ་ནི། །རྡོ་རྗེ་རིན་ཆེན་ཀུན་གྱི་མཆོག །སྲིད་ཞིའི་ཁྱོན་གྱི་དངོས་པོ་རྣམས། །གཅིག་ཏུ་སྤུངས་ཀྱང་ཆར་མི་ཉེ། །ལྷ་མིའི་མཆོད་པ་བསམ་ཡས་ཀྱིས། །མངོན་པར་མདུན་བདར་མཐོང་བས་གྲོལ། །འཛམ་གླིང་མཛེས་པའི་རྟེན་མཆོག་ལ། །ལྷ་མིས་མཆོད་འོས་གནས་སུ་གྱུར། །དེ་ལྟར་ཉམས་མཚར་བརྗོད་འདི་ཡང་། །བློ་གྲོས་རྒྱ་མཚོས་རྒྱལ་ཟླ་བའི། །དཔའ་བོ་མཁའ་འགྲོའི་འདུ་བར་སྤྱོད། །དཀར་ཕྱོགས་ཆོས་བཅུར་སྦྱར་བ་དགེ། །།
[edit]

rgya gar ka la ka ta'i grong khyer chen po la bstod pa/__oM swasti/__dpal ldan 'jig rten dbang phyug gi/__bkod pa lha chen ma hA de'i/__/yum chen dgyes pa'i tshal chen po/__/rnam 'phrul 'chi med ljongs 'dir 'phos/__/bzo rigs bco brgyad 'du ba'i gnas/__/'dzam gling skye 'gro'i rigs mtha' dag__/ma bos par yang 'du ba'i gnas/__/rkang drug me tog rtsi sdud bzhin/__/rnam pa mang po'i nor gyi dbyig__/rnam thos bu yi bang mdzod kyi/__/gter ni yongs su 'byed pa ltar/__/srid pa'i dkor nor ma tshang med/__/mdzes sdug bar ma'i skye 'gro ni/__/sa chen rdul gyi grangs snyed ltar/__/gcig gis gcig la 'gran pa 'dra/__/mig stong ldan yang bltar mi bzod/__/'khrul 'khor rnam pa mang po dag__/brgya stong bye ba 'bum gyi sgras/__/sa gzhi 'gul dang rdo rje'i thog__/grul bum dri za'i skad sna tshogs/__/sgra 'dzin bzod par dka' snyam byed/__/sa gzhi bstar legs gang+gA yis/__/rin chen bye ma 'dren bzhin du/__/gru gzings 'gro 'ong skar ltar bkra/__/ljon shing sna tshogs 'bras bur ldan/__/gzhan yang ljon pa bzang po yi/__/nags tshal dra bas kun nas mdzes/__/khang bzang ba gam lta na sdug__/rin chen sna tshogs sgo dang ni/__/mthongs skar mang po yid du 'ong /__/rin chen glog gi sgron me yang /__/dkar dmar ser dang sngo ljang gis/__/nyin mtshan phyed par mi 'gyur ba'i/__/rmongs pa rnams la the tshom skyed/__/bza' btung gos rgyan phreng ba dang /__/byugs pa la sogs gang mkho ba/__/de yi mod la 'byung ba ni/__/byang chub sems dpa'i smon lam mthu/__/lha yi bkod pa dang 'dra zhing /__/mi yi 'jig rten khams su ni/__/mi srid snyam yang mngon sum du/__/mthong bas 'khrul pa med par nges/__/de bzhin gshegs pa'i ring bsrel ni/__/rdo rje rin chen kun gyi mchog__/srid zhi'i khyon gyi dngos po rnams/__/gcig tu spungs kyang char mi nye/__/lha mi'i mchod pa bsam yas kyis/__/mngon par mdun bdar mthong bas grol/__/'dzam gling mdzes pa'i rten mchog la/__/lha mis mchod 'os gnas su gyur/__/de ltar nyams mtshar brjod 'di yang /__/blo gros rgya mtshos rgyal zla ba'i/__/dpa' bo mkha' 'gro'i 'du bar spyod/__/dkar phyogs chos bcur sbyar ba dge/__//__

Footnotes

Other Information