དཔའ་འོག་དབང་ཆེན་བྲག་གི་དཀར་ཆགས།

From Khyentse Lineage - A Tsadra Foundation Project
JKCL-KABUM-10-THA-028
Wylie title dpa' 'og dbang chen brag gi dkar chags JKCL-KABUM-10-THA-028.pdf
Location chos kyi blo gros bka' 'bum
Volume 10, Text 28, Pages 269-270 (Folios 1a1 to 1b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpa' 'og dbang chen brag gi dkar chags. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 269-270. Bir, H.P.: Khyentse Labrang, 2012.
Genre Pilgrimage Guides - gnas yig
Colophon

ཕྱག་བྲིས་ལས་ཞལ་བཤུས་ཞུས།།

phyag bris las zhal bshus zhus//

1 Texts in this Section (sde tshan or chos tshan)

[edit]
ཨ༽། དཔའ་འོག་དབང་ཆེན་བྲག་གི་དཀར་ཆགས། རང་བྱང་གསང་བ་ཆེན་པོ་ལས༔ ངོ་མཚར་བརྡའ་ཡི་རི་མོ་བཀྲ༔ པདྨོ་བཀོད་བའི་བྱང་གི་ཆར༔ དཔའ་བོ་རྟ་མགྲིན་དབང་ཆེན་བྲག༔ ངོ་མཚར་ཟླ་གམ་དབང་གི་ཕུག༔ ཡ་མཚན་བཀོད་པ་ཅིར་ཡང་འཆར༔ རི་བོ་གླང་ཆེན་འགྱིང་བ་ལ༔ རྟ་མགྲིན་ཞི་ཁྲོའི་ལྷ་ཚོགས་དང་༔ དབུས་རི་ཤེལ་ཕུག་གསང་བའི་རྫོང་༔ རིག་འཛིན་བླ་མའི་ལྷ་ཚོགས་དང་༔ དཔའ་བོ་མཁའ་འགྲོ་འདུ་བའི་གནས༔ དེ་ཡི་ཡང་རྩེར་དགའ་རབ་རྗེའི༔ བྱིན་བརླབ་ཕུག་པ་ཟང་ཐལ་བ༔ གཡས་ལོགས་འཆི་མེད་ཚེ་ཡི་ཕུག༔ ཚེ་དཔག་མེད་པའི་ལྷ་ཚོགས་བཞུགས༔ གཡོན་དུ་ཙཎྜ་ལི་ཡི་ཕུག༔ ཚེ་བུམ་ཚེ་ཆུའི་རྒྱུན་བཟང་དང་༔ གབ་པའི་མཚོ་ནི་འོ་མ་དང་༔ སིནྡྷུ་ར་དང་ཆང་གི་མཚོ༔ དྲི་ཞིམ་ངད་པ་ཐུལ་བ་ཡི༔ ནད་གདོན་སེལ་ཞིང་སྡིག་སྒྲིབ་ཞི༔ གནས་ཀྱི་ཡང་སྙིང་དཔའ་བོའི་དིལ༔ རྟ་མགྲིན་ཕུག་མོ་ཆེ་དང་ནི༔ དཔལ་མགོན་དགྱེས་པར་རོལ་པའི་ཕུག༔ སྐུ་གསུང་ཐུགས་ཀྱི་རྟེན་མཆོག་དང་༔ ངོ་མཚར་བརྡའ་རིས་ཟབ་མོའི་གཏེར༔ མང་པོས་གཏམས་ཤིང་འདོན་པ་ཡི༔ སྐྱེས་བུ་པདྨའི་མིང་ཅན་དང་༔ ཌཱ་ཀི་ཨ་ཡུའི་མིང་ཅན་གྱིས༔ འདོན་པར་འགྱུར་སྲིད་ཕྱི་མའི་དུས༔ འགྲོ་འདུལ་དཔའ་བོའི་མཚན་ཅན་གྱིས༔ སྤྱོད་ནས་བོད་ཁམས་བདེ་བར་བྱེད༔ གནས་འདིར་བསྙེན་ཅིང་སྒྲུབ་པ་དང་༔ ཕྱག་མཆོད་བཀུར་སྟི་བྱས་པ་ཡི༔ སྨྱོ་འབོགས་བརྒྱལ་ནད་ཞི་བ་དང་༔ སྡིག་སྒྲིབ་ཞི་ཞིང་ཚེ་བསོད་རྒྱས༔ མཐར་ཐུག་པདྨ་འོད་དུ་སྐྱེ༔ ས་མ་ཡཿ ཕྱག་བྲིས་ལས་ཞལ་བཤུས་ཞུས།། །།

Footnotes

Other Information