སེང་གདོང་མའི་རྒྱུན་གྱི་རྣལ་འབྱོར།

From Khyentse Lineage - A Tsadra Foundation Project
JKCL-KABUM-09-TA-044
Wylie title seng gdong ma'i rgyun gyi rnal 'byor JKCL-KABUM-09-TA-044.pdf
Location chos kyi blo gros bka' 'bum
Volume 9, Text 44, Pages 577-579 (Folios 1a1 to 2a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. seng gdong ma'i rgyun gyi rnal 'byor. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 577-579. Bir, H.P.: Khyentse Labrang, 2012.
Genre Daily Practice - rgyun khyer
Deity seng gdong ma
Colophon

།ཅེས་པའང་རང་སློབ་ཚེས་བཅུ་བླ་མ་བློ་གྲོས་མཆོག་ལྡན་ནས་བཀྲ་ཤིས་པའི་ལྷ་རེག་དང་རྟེན་བཅས་བསྐུལ་ངོར་པདྨ་ཡེ་ཤེས་རྡོ་རྗེས་ས་ཕག་ཟླ་ཚེས་ལ་འབྲས་ལྗོངས་སྒང་ཐོག་གཙུག་ལག་ཁང་གི་བ་གམ་དུ་བྲིས་པ་བདུད་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག།

/ces pa'ang rang slob tshes bcu bla ma blo gros mchog ldan nas bkra shis pa'i lha reg dang rten bcas bskul ngor pad+ma ye shes rdo rjes sa phag zla tshes la 'bras ljongs sgang thog gtsug lag khang gi ba gam du bris pa bdud las rnam par rgyal ba'i rgyur gyur cig/

1 Texts in this Section (sde tshan or chos tshan)

[edit]
སེང་གདོང་མའི་རྒྱུན་གྱི་རྣལ་འབྱོར་བཞུགས། ཡེ་ཤེས་ཁྲོ་མོ་འཕྲོག་བྱེད་མ། །གང་དེའི་རྣལ་འབྱོར་སྙིང་པོའི་བཅུད། །རྒྱུན་དུ་ཉམས་ལེན་ཁྱེར་བདེའི་སླད། །ཉུང་ངུའི་ངག་གིས་དབྱེ་བར་བྱ། །དེ་ལ་དབང་ཐོབ་ཅིང་དད་མོས་ཐེ་ཚོམ་བྲལ་བས། ཉམས་ལེན་བསྡུས་པའི་ཚུལ་གྱིས་བྱ་བར་འདོད་ན། བདེ་བའི་སྟན་ལ་འཁོད་དེ་ངེས་འབྱུང་གི་བློ་བཅོས་ཏེ་སྐྱབས་ཡུལ་གསལ་བཏབ་ལ། ན་མོ། བླ་མ་ཡི་དམ་མཁའ་འགྲོ་མ། །མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ། །གུས་པས་སྐྱབས་མཆི་བདག་གཞན་ཀུན། །བྱང་ཆུབ་གོ་འཕང་ཐོབ་པར་བྱ། །ལན་གསུམ། ཧཱུྃ་ཧཱུྃ་ཧཱུྃ་ གསུམ་གྱིས་བགེགས་ཚོགས་གཞོམ། བཛྲ་ཙཀྲ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། སྲུང་འཁོར་བསྒོམ། བྱིན་འབེབས་མཆོད་བརླབ་ནི། ཧཱུྃ་ཧྲཱིཿ བདེ་གཤེགས་ཞི་ཁྲོ་མཁའ་འགྲོའི་ཚོགས། །སེང་གེའི་གདོང་ཅན་གཙོ་འཁོར་རྣམས། །འདིར་གཤེགས་བྱིན་རློབས་བརྟན་གཡོ་རྣམས། །ཀུན་ཏུ་བཟང་པོའི་མཆོད་པར་སྤེལ། །ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། ལན་གསུམ། དངོས་གཞི་ལྷར་བསྐྱེད་པ་ནི། ཨཿ སྟོང་ཆེན་དེ་བཞིན་ཉིད་དབྱིངས་ལས། །ཀུན་སྣང་སྙིང་རྗེ་རྒྱུ་ཡིག་ཨ། །མཐིང་ནག་འབར་བའི་ཆོ་འཕྲུལ་ལས། །ཆོས་ཀྱི་འབྱུང་གནས་གྲུ་གསུམ་བསྣོལ། །ལྟེ་བར་ལྕགས་འཁོར་རྩིབས་བཞིའི་སྟེང་། །པད་ཉི་རོ་སྟེང་ཨ་ཡིག་བབས། །ཡོངས་གྱུར་དྷཱ་ཀི་སེངྒེའི་གདོང་། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །ཁྲོ་མོའི་ཆས་རྫོགས་ཕྱག་གཡས་ཀྱིས། །གྲི་གུག་འཕྱར་ཞིང་གཡོན་ཐོད་ཁྲག །ཁ་ཊྭྃ་རྩེ་གསུམ་མཆན་ཁུང་འཆང་། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གར། །ཡེ་ཤེས་མེ་དཔུང་ཀློང་ན་འགྱིང་། །སྐུ་ཡི་གནས་ལྔར་སེང་གདོང་ལྔ། །འོད་ཟེར་གཟི་བརྗིད་ལམ་མེར་གསལ། །རྣམ་ཤེས་དག་པ་གཽ་རི་བརྒྱད། །དབང་ཤེས་གནས་དག་སིང་ཧ་བརྒྱད། །རྒལ་ཚིགས་དབང་མོ་ཉེར་བརྒྱད་རྣམས། །ཉི་དང་འོད་ཟེར་ཚུལ་དུ་བཞུགས། །དེ་ལྟར་གསལ་བའི་གནས་གསུམ་དུ། །ཡིག་འབྲུ་གསུམ་གྱིས་མཚན་པ་དང་། །དམ་ཚིག་ཡེ་ཤེས་དབྱེར་མེད་ཅིང་། །དབང་བསྐུར་རང་ཆས་རྫོགས་པར་གྱུར། །ཕྱག་མཆོད་ལས་རིམ་བསྡུས་པ་ནི། སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་། །རང་རིག་རྟོགས་པའི་ངེས་པས་འདུད། །ཀུན་བཟང་བླ་མེད་མཆོད་པའི་སྤྲིན། །སྐུ་གསུམ་འདུ་འབྲལ་མེད་པས་བསྟོད། །ལྷ་ལ་སེམས་བཟུང་གསལ་དག་འདོན། བརྟན་པའི་ཚད་དུ་ཕྱིན་པར་བྱ། ཛཔi་བཟླས་ནི། ཐུགས་དབུས་ཕ་ལམ་རྡོ་རྗེའི་ལྟེར། །ཨ་ཡིག་སྔགས་བསྐོར་འོད་ཟེར་འཕྲོས། །འཕགས་མཆོད་བྱིན་བསྡུས་སྣོད་བཅུད་སྦྱངས། །སྐུ་གསུང་ཐུགས་ཀྱི་རོལ་པར་ཤར། །ཨོཾ་བཛྲ་སིདྷ་མུ་ཁཱ་ཧཱུྃ་ཧ་ཧེ་བྷྱོ་ཕཊཿ ཅེས་ཅུང་ཟད་བཟླས་ལ། བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་སྔགས། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཱཿརཿཡཿཕཊཿ གཙོ་བོར་བཟླ། ལས་སྦྱོར་བཟླས་པ་བྱ་བར་འདོད་ན་ཕྲིན་ལས་ལྟར་བྱའོ། །ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་རྣམས་ཀྱིས་ལྷག་ཆད་ཁ་བསྐང་ལ། བསྡུ་ལྡང་ནི། ཧཱུྃ་ཧཱུྃ་ཧཱུྃ། ལྷར་སྣང་སྤྲོས་བྲལ་དབྱིངས་སུ་ཐིམ། །དབྱིངས་རིག་འདུ་འབྲལ་མེད་པའི་ངང་༔ སླར་ཡང་རྟགས་ཀྱི་ཕྱག་རྒྱའི་སྐུ། །ཡེ་ཤེས་ཆེན་པོའི་རོལ་པར་ཤར། །ཕཊ྄་ཕཊ྄་ཕཊ྄ཿ ཅེས་ལྷར་ལྡང་ལ། སྨོན་ཤིས་ནི། ཡེ་ཤེས་ཌཱ་ཀི་འཕྲོག་བྱེད་ཞལ། །འགྲུབ་ནས་བདུད་ལས་རྣམ་པར་རྒྱལ། །བསྟན་དང་བསྟན་འཛིན་དར་ཞིང་རྒྱས། །བཀྲ་ཤིས་དགེ་ལེགས་རབ་འཕེལ་ཤོག །ཅེས་པའང་རང་སློབ་ཚེས་བཅུ་བླ་མ་བློ་གྲོས་མཆོག་ལྡན་ནས་བཀྲ་ཤིས་པའི་ལྷ་རེག་དང་རྟེན་བཅས་བསྐུལ་ངོར་པདྨ་ཡེ་ཤེས་རྡོ་རྗེས་ས་ཕག་ཟླ་ཚེས་ལ་འབྲས་ལྗོངས་སྒང་ཐོག་གཙུག་ལག་ཁང་གི་བ་གམ་དུ་བྲིས་པ་བདུད་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག། །།
[edit]

seng gdong ma'i rgyun gyi rnal 'byor bzhugs/__ye shes khro mo 'phrog byed ma/__/gang de'i rnal 'byor snying po'i bcud/__/rgyun du nyams len khyer bde'i slad/__/nyung ngu'i ngag gis dbye bar bya/__/de la dbang thob cing dad mos the tshom bral bas/__nyams len bsdus pa'i tshul gyis bya bar 'dod na/__bde ba'i stan la 'khod de nges 'byung gi blo bcos te skyabs yul gsal btab la/__na mo/__bla ma yi dam mkha' 'gro ma/__/mchog gsum rgyal ba rgya mtsho la/__/gus pas skyabs mchi bdag gzhan kun/__/byang chub go 'phang thob par bya/__/lan gsum/__hU~M hU~M hU~M gsum gyis bgegs tshogs gzhom/__badz+ra tsakra rak+Sha hU~M hU~M hU~M/__srung 'khor bsgom/__byin 'bebs mchod brlab ni/__hU~M hrIHbde gshegs zhi khro mkha' 'gro'i tshogs/__/seng ge'i gdong can gtso 'khor rnams/__/'dir gshegs byin rlobs brtan g.yo rnams/__/kun tu bzang po'i mchod par spel/__/oM AHhU~M sarba pU dza me g+ha AHhU~M/__lan gsum/__dngos gzhi lhar bskyed pa ni/__aHstong chen de bzhin nyid dbyings las/__/kun snang snying rje rgyu yig a/__/mthing nag 'bar ba'i cho 'phrul las/__/chos kyi 'byung gnas gru gsum bsnol/__/lte bar lcags 'khor rtsibs bzhi'i steng /__/pad nyi ro steng a yig babs/__/yongs gyur d+hA ki seng+ge'i gdong /__/mthing nag zhal gcig phyag gnyis pa/__/khro mo'i chas rdzogs phyag g.yas kyis/__/gri gug 'phyar zhing g.yon thod khrag__/kha T+wa~M rtse gsum mchan khung 'chang /__/zhabs gnyis g.yas bskum g.yon brkyang gar/__/ye shes me dpung klong na 'gying /__/sku yi gnas lngar seng gdong lnga/__/'od zer gzi brjid lam mer gsal/__/rnam shes dag pa gau ri brgyad/__/dbang shes gnas dag sing ha brgyad/__/rgal tshigs dbang mo nyer brgyad rnams/__/nyi dang 'od zer tshul du bzhugs/__/de ltar gsal ba'i gnas gsum du/__/yig 'bru gsum gyis mtshan pa dang /__/dam tshig ye shes dbyer med cing /__/dbang bskur rang chas rdzogs par gyur/__/phyag mchod las rim bsdus pa ni/__srid gsum ye nas sangs rgyas shing /__/rang rig rtogs pa'i nges pas 'dud/__/kun bzang bla med mchod pa'i sprin/__/sku gsum 'du 'bral med pas bstod/__/lha la sems bzung gsal dag 'don/__brtan pa'i tshad du phyin par bya/__dzapa[i] bzlas ni/__thugs dbus pha lam rdo rje'i lter/__/a yig sngags bskor 'od zer 'phros/__/'phags mchod byin bsdus snod bcud sbyangs/__/sku gsung thugs kyi rol par shar/__/oM badz+ra sid+ha mu khA hU~M ha he b+h+yo phaTaHces cung zad bzlas la/__bsnyen sgrub las gsum chig dril sngags/__aHkaHsaHmaHraHtsaHshaHdaHraHsaHmAHraHyaHphaTaHgtso bor bzla/__las sbyor bzlas pa bya bar 'dod na phrin las ltar bya'o/__/thun mthar dbyangs gsal rten snying yig brgya rnams kyis lhag chad kha bskang la/__bsdu ldang ni/__hU~M hU~M hU~M/__lhar snang spros bral dbyings su thim/__/dbyings rig 'du 'bral med pa'i ngang :__slar yang rtags kyi phyag rgya'i sku/__/ye shes chen po'i rol par shar/__/phaTa? phaTa? phaTa?Hces lhar ldang la/__smon shis ni/__ye shes DA ki 'phrog byed zhal/__/'grub nas bdud las rnam par rgyal/__/bstan dang bstan 'dzin dar zhing rgyas/__/bkra shis dge legs rab 'phel shog__/ces pa'ang rang slob tshes bcu bla ma blo gros mchog ldan nas bkra shis pa'i lha reg dang rten bcas bskul ngor pad+ma ye shes rdo rjes sa phag zla tshes la 'bras ljongs sgang thog gtsug lag khang gi ba gam du bris pa bdud las rnam par rgyal ba'i rgyur gyur cig/___//__

Footnotes

Other Information