དྲི་མེད་འོད་ལས་གང་དོན་དམ་པའི་བདེན་པས་བསྟན་པ་དེ་ནི་སོགས་ལུང་བཏུས།

From Khyentse Lineage - A Tsadra Foundation Project
Wylie title dri med 'od las gang don dam pa'i bden pas bstan pa de ni sogs lung btus JKCL-KABUM-09-TA-008.pdf
Location chos kyi blo gros bka' 'bum
Volume 9, Text 8, Pages 77-82 (Folios 1a1 to 3b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dri med 'od las gang don dam pa'i bden pas bstan pa de ni sogs lung btus. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 77-82. Bir, H.P.: Khyentse Labrang, 2012.
Genre Collections of Scriptural Citations - lung btus

1 Texts in this Section (sde tshan or chos tshan)

[edit]
དྲི་མེད་འོད་ལས་གང་དོན་དམ་པའི་བདེན་པས་བསྟན་པ་དེ་ནི། འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་སླད་དུ་རང་གི་སེམས་ཀྱི་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ། གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་པྲ་ཕབ་པ་བཞིན་རྣལ་འབྱོར་པ་རྣམས་ཀྱིས་རང་གི་སེམས་ཀྱི་འོད་གསལ་བ་མངོན་སུམ་དུ་ནམ་མཁའ་ལ་སྣང་བར་འདོད་པའི་དོན་གྱི་འབྲས་བུ་སྟེར་བ་སྟེ། འབྲས་བུ་ནི་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་སེམས་སོ། །ཞེས་དང་། རང་གི་སེམས་ཀྱི་མ་བརྟགས་པ་མངོན་སུམ་དུ་མཐོང་བ་ཡིད་ཆེས་པའི་དོན་ཅན། རྣམ་པ་ཐམས་ཅད་པ། ནམ་མཁའ་ལས་བྱུང་བ་ཀུན་ཏུ་བཟང་པོའོ། །ཞེས་སོགས་མུན༷་པ༷་དག༷་གི་མཐུར། །ཞེས་བསྡུས་རྒྱུད་ལས་བྱུང་བར། འགྲེལ་བར། མཚན་མོའི་དུས་སུ་མཚན་མོའི་རྣལ་འབྱོར་དང་། ཉིན་མོའི་དུས་སུ་ཉིན་མོའི་རྣལ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་ལྟ་བ་གང་ཡིན་པ་དེ་ནི་མཚན་མོ་ནམ་མཁའ་ལ་ལྟ་ཞིང་། ཉིན་མོ་བླ་གབ་མེད་པ་ལ་ལྟ་བའོ། །ཞེས་སོ། །ཡེ་ཤེས་ལེའུ་ལས། སྤྲིན་མེད་པའི་ནམ་མཁའ་ལ་ལྟ་སྟེ་ནམ་མཁའ་དེ་ལས་ཀྱང་ཉིན་མོའི་རྣལ་འབྱོར་གྱིས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་འབར་བ་མཐོང་སྟེ་སྤྲིན་མེད་པའི་ནམ་མཁའ་ལའོ། །འོད་ཆེན་རྣམ་པར་སོགས་ཡེ་ཤེས་སྣང་བ་ལམ་མེ་བ་ནི་ཟླ་བ་སྣང་བའོ། །འགྲོ་བའི་མར་མེ་ནི་ཉི་མ། ཡེ་ཤེས་སྒྲོན་ནི་རྡོ་རྗེ་སྟེ་སྒྲ་གཅན། གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་སྟེ་མཆོག་གི་ཆའོ། །སྔགས་མཆོག །སོགས་ནི་ཐིག་ལེའོ། །གསང་སྔགས་རྒྱལ་པོ་སོགས། བུམ་པ་དང་སྣམ་བུ་ལ་སོགས་རྣམ་པ་ཐམས་ཅད་པའི་གཟུགས་མཐོང་བའོ། །དེའི་དབུས་སུ་སྟེ། ཐིག་ལེའི་དབུས་སུ་སངས་རྒྱས་གཟུགས་ནི་རྫས་མེད་པའི་ཕྱིར་དང་། བརྟགས་པ་མེད་པའི་ཕྱིར་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཞེས་སོ། །འདིར་ཉིན་མོའི་སྣལ་འབྱོར་ནི་ནམ་མཁའ་ཆུ་འཛིན་བྲལ་བ་དག་ལ་རྣལ་འབྱོར་པ་ཡི་བགྲད་པའི་མིག་གི་བལྟ་བར་བྱ་བ་སྟེ་སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ནས་སོ། །ཞེས་དང་། ཉི་མ་སོ་སོར་བལྟ་བར་བྱ་སྟེ་ཐིག་ལེའི་དབུས་སུ་རེ་ཁཱ་ནག་པོ་སྐྲ་ཡི་ཚད་ཙམ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ཞེས་པ་ཨ་ཝ་དྷཱུ་ཏི་མཐོང་བར་གྱུར་གྱི་བར་དུའོ། །ནང་དུ་འདུས་པ་ཀུན་མཁྱེན་གཟུགས་ནི། ཁམས་གསུམ་པོ་མ་ལུས་པ་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ་རྣམ་པ་ཀུན་ལྡན་དང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ །ཞེས་དང་། རྡོ་རྗེ་སེམས་དཔའ་སྟོབས་བཅུ་པར་འགྱུར་བ་སྒྲིབ་པ་དང་བཅས་པ་ཤེས་རབ་ཡོངས་སུ་དག་པ་ནི་འགའ་ཡང་མེད་དོ། །འོན་ཀྱང་ཐམས་ཅད་མཁྱེན་པའི་ལམ་ཉམས་པ་དེ་ནི་ལོག་པའི་ང་རྒྱལ་གྱིས་ཟིལ་གྱིས་མནན་པར་གྱུར་པ་ན། བདག་ཀྱང་རྡོ་རྗེ་སེམས་དཔའ་སྟོབས་བཅུ་པའོ་ཞེས་དེ་ལྟར་རློམ་པར་བྱེད་དོ། །འདི་ནི་སྟོབས་བཅུ་པ་མ་ཡིན་ཏེ་སྟོབས་བཅུ་པའི་འགལ་ཟླ་ཉི་ཚེ་བ་རྨོངས་པ་ཆེན་པོའོ། །འདིར་རྣལ་འབྱོར་པ་འདི་ཡི་སངས་རྒྱས་ཉིད་ནི་སྔོན་མེད་པ་ཤིན་ཏུ་རྨད་དུ་བྱུང་བ་ཆེན་པོ་སྟེ་སྒྲིབ་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །ཞེས་སོ། །སྐྱེ་བ་དང་འགགས་པའི་ཆོས་ཅན་གྱི་རྡོ་རྗེ་སེམས་དཔའ་ལ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམས་མི་སྲིད་དོ་ཞེས། སྣང་ཚུལ་འཁྲུལ་པ་འདི་རྡོ་རྗེ་སེམས་དཔའ་སོགས་མ་ཡིན་པ་བསྟན་པ་ཡིན་ཏེ། རྨོངས་པ་ཆེན་པོ་ཆགས་པས་ཟིལ་གྱིས་མནན་པར་གྱུར་པ་སྐྱེ་བ་འདི་ཉིད་ལ་བདག་ཅག་རྣམས་ཀྱི་རུལ་བའི་ལུས་སངས་རྒྱས་ཀྱི་སྐུར་འགྱུར་རོ་ཞེས་པའི་བསམ་པ་བརྐམ་ཆགས་ཅན་རྣམས་མི་དགེ་བའི་བཤེས་གཉེན་དང་ཕྲད་པ་དང་། སོགས་གསུངས་ནས། དེ་ལྟར་གདུག་པའི་སློབ་དཔོན་གྱི་ཚིག་ཚད་མར་བྱས་ནས་མི་དགེ་བ་བཅུ་ཡི་ལས་ཀྱི་ལམ་རྣམས་བྱེད་དོ། །ཞེས་འབྱུང་། གནས་ཚུལ་གྱི་དབང་དུ་བྱས་ན། དེའི་ཕྱིར་ཆོས་འབྱུང་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་སྣ་ཚོགས་ཡུམ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་འཁྱུད་པ་དུས་ཐམས་ཅད་དུ་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །ཞེས་དང་། །དེའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རང་རིག་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཁྱེན་པ་རྣམ་པར་མི་རྟོག་ཅིང་དབང་པོ་མེད་པ་སྟེ། མྱ་ངན་འདས་ཞི་མྱ་ངན་འདས། སོགས་ནས། ཀུན་ཤེས་ཀུན་རིག་དམ་པ་པོ། ཞེས་པའི་བར་དྲངས། མཆོག་སྦྱིན་རྡོ་རྗེ་སོགས་ཀྱི་དོན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྙིང་པོ་ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཀུན་ནས་སྣང་བར་བྱེད་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཚོགས་བསགས་པ་ཟབ་ཅིང་རྒྱ་ཆེ་བའི་གཟུགས་འཆང་བ་རང་བཞིན་གྱིས་འོད་གསལ་བ་ཐོག་མ་དང་ཐ་མ་མེད་པ་བདག་དང་བདག་གི་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བ་སོགས་ནས། རྣལ་འབྱོར་པའི་ཡེ་ཤེས་རང་གི་རིག་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་འདི་ཉིད་ནི་རྣལ་འབྱོར་པས་དོར་བར་མི་བྱའོ། །ཞེས་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་གནས་ལུགས་དོན་དམ་གྱི་སྐུ་རྒྱས་པར་བསྟན་བའོ། ༈། ལང་གཤེགས་ལས། དེ་བཞིན་གཤེགས་པའི་དགེ་བསམ་གཏན། །རྣལ་འབྱོར་ཅན་གྱི་བརྩོན་བྱས་ན། །ཉི་མ་ཟླ་བའི་དབྱིབས་འདྲ་དང་། །འོད་དང་པདྨོ་ལྟ་བུ་དང་། །རི་མོ་ནམ་མཁའི་མེ་འདྲ་མཐོང་། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་ལམ་འཁྲིད་པར་བྱེད། །ཉན་ཐོས་དག་དང་རང་རྒྱལ་གྱི། །སྤྱོད་ཡུལ་དུ་ཡང་ལྟུང་བར་བྱེད། །འདི་དག་ཐམས་ཅད་རྣམ་སྤངས་ཤིང་། །སྣང་བ་མེད་པར་རྣམ་འགྱུར་བ། །དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག །ཐམས་ཅད་ཞིང་ནས་བྱུང་བ་ཡི། །དེ་ཡི་མགོ་ལ་ཉུག་མཛད་དེ། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་སོ། ༈། ཀྱེ་རྡོར་ལས། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །དམྱལ་བ་ཡི་དྭགས་བྱོལ་སོང་དང་། །ལྷ་དང་ལྷ་མིན་མི་རྣམས་དང་། །གསང་བའི་སྲིན་བུ་ལ་སོགས་པ། །ལྷ་དང་ལྷ་མ་ཡིན་གྱིས་ཀྱང་། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །ཞེས་དང་། སེམས་ནི་རང་བཞིན་རྣམ་རྟོག་གིས། །སྐྱེ་བོ་དྲི་མས་ནག་པོར་བྱས། ཞེས་དང་། །དེ་ཕྱིར་ཀུན་ཏུ་རབ་འབད་པས། །སེམས་ཀྱི་རྡོ་རྗེ་སྦྱང་བར་བྱ། །སེམས་དག་པ་ནི་བདེ་བ་ཡིན། །ཉོན་མོངས་དུག་རྣམས་འཕྲོག་པར་བྱེད། །ཅེས་དང་། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཞེས་དང་། ལྷན་ཅིག་སྐྱེས་པས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པ་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག། །
[edit]

dri med 'od las gang don dam pa'i bden pas bstan pa de ni/__'jig rten las 'das pa rnam pa thams cad kyi mchog dang ldan pa phyag rgya chen po'i dngos grub sgrub pa'i slad du rang gi sems kyi yongs su brtags pa'i chos dang bral ba/__gzhon nu ma rnams kyis me long la sogs pa pra phab pa bzhin rnal 'byor pa rnams kyis rang gi sems kyi 'od gsal ba mngon sum du nam mkha' la snang bar 'dod pa'i don gyi 'bras bu ster ba ste/__'bras bu ni 'gyur ba med pa'i bde ba'i ye shes kyi sems so/__/zhes dang /__rang gi sems kyi ma brtags pa mngon sum du mthong ba yid ches pa'i don can/__rnam pa thams cad pa/__nam mkha' las byung ba kun tu bzang po'o/__/zhes sogs munaX paX dgaX gi mthur/__/zhes bsdus rgyud las byung bar/__'grel bar/__mtshan mo'i dus su mtshan mo'i rnal 'byor dang /__nyin mo'i dus su nyin mo'i rnal 'byor gyis shes rab kyi pha rol tu phyin pa la rnal 'byor lta ba gang yin pa de ni mtshan mo nam mkha' la lta zhing /__nyin mo bla gab med pa la lta ba'o/__/zhes so/__/ye shes le'u las/__sprin med pa'i nam mkha' la lta ste nam mkha' de las kyang nyin mo'i rnal 'byor gyis/__nam mkha' las byung rang byung ba/__/shes rab ye shes me bo che/__/zhes pa 'bar ba mthong ste sprin med pa'i nam mkha' la'o/__/'od chen rnam par sogs ye shes snang ba lam me ba ni zla ba snang ba'o/__/'gro ba'i mar me ni nyi ma/__ye shes sgron ni rdo rje ste sgra gcan/__gzi brjid chen po 'od gsal ba ni glog ste mchog gi cha'o/__/sngags mchog__/sogs ni thig le'o/__/gsang sngags rgyal po sogs/__bum pa dang snam bu la sogs rnam pa thams cad pa'i gzugs mthong ba'o/__/de'i dbus su ste/__thig le'i dbus su sangs rgyas gzugs ni rdzas med pa'i phyir dang /__brtags pa med pa'i phyir yul dang rnam par bral ba du ma longs spyod rdzogs pa'i sku'o/__/zhes so/__/'dir nyin mo'i snal 'byor ni nam mkha' chu 'dzin bral ba dag la rnal 'byor pa yi bgrad pa'i mig gi blta bar bya ba ste snga dro dang phyi dro nyi ma la rgyab bstan nas so/__/zhes dang /__nyi ma so sor blta bar bya ste thig le'i dbus su re khA nag po skra yi tshad tsam dri med 'od zer 'phro ba dus kyi rtsa zhes pa a wa d+hU ti mthong bar gyur gyi bar du'o/__/nang du 'dus pa kun mkhyen gzugs ni/__khams gsum po ma lus pa chu la nyi ma lta bu gos pa med pa kha dog sna tshogs te rnam pa kun ldan dang sems yul dang rnam par bral ba dag go__/zhes dang /__rdo rje sems dpa' stobs bcu par 'gyur ba sgrib pa dang bcas pa shes rab yongs su dag pa ni 'ga' yang med do/__/'on kyang thams cad mkhyen pa'i lam nyams pa de ni log pa'i nga rgyal gyis zil gyis mnan par gyur pa na/__bdag kyang rdo rje sems dpa' stobs bcu pa'o zhes de ltar rlom par byed do/__/'di ni stobs bcu pa ma yin te stobs bcu pa'i 'gal zla nyi tshe ba rmongs pa chen po'o/__/'dir rnal 'byor pa 'di yi sangs rgyas nyid ni sngon med pa shin tu rmad du byung ba chen po ste sgrib pa thams cad dang ldan pa'i phyir ro/__/zhes so/__/skye ba dang 'gags pa'i chos can gyi rdo rje sems dpa' la stobs bcu dang mi 'jigs pa la sogs pa'i yon tan rnams mi srid do zhes/__snang tshul 'khrul pa 'di rdo rje sems dpa' sogs ma yin pa bstan pa yin te/__rmongs pa chen po chags pas zil gyis mnan par gyur pa skye ba 'di nyid la bdag cag rnams kyi rul ba'i lus sangs rgyas kyi skur 'gyur ro zhes pa'i bsam pa brkam chags can rnams mi dge ba'i bshes gnyen dang phrad pa dang /__sogs gsungs nas/__de ltar gdug pa'i slob dpon gyi tshig tshad mar byas nas mi dge ba bcu yi las kyi lam rnams byed do/__/zhes 'byung /__gnas tshul gyi dbang du byas na/__de'i phyir chos 'byung ni/__chos kyi dbyings kyi rang bzhin can sna tshogs yum bcom ldan 'das dus kyi 'khor los 'khyud pa dus thams cad du sgrib pa thams cad dang bral ba'o/__/zhes dang /__/de'i phyir de bzhin gshegs pa'i ye shes ni rang rig pa chos thams cad kyi rang bzhin mkhyen pa rnam par mi rtog cing dbang po med pa ste/__mya ngan 'das zhi mya ngan 'das/__sogs nas/__kun shes kun rig dam pa po/__zhes pa'i bar drangs/__mchog sbyin rdo rje sogs kyi don/__bcom ldan 'das rdo rje 'dzin pa'i snying po kun tu bzang po mchog tu mi 'gyur ba'i bde ba chen po nam mkha'i khams kyi mthar thug pa kun nas snang bar byed pa rnam par dag pa'i ye shes kyi tshogs bsags pa zab cing rgya che ba'i gzugs 'chang ba rang bzhin gyis 'od gsal ba thog ma dang tha ma med pa bdag dang bdag gi ba'i gzung ba dang 'dzin pa'i rnam par rtog pa'i dri ma dang bral ba sogs nas/__rnal 'byor pa'i ye shes rang gi rig pa mchog tu mi 'gyur ba'i bde ba 'di nyid ni rnal 'byor pas dor bar mi bya'o/__/zhes de bzhin gshegs pa'i nges pa'o/__/zhes gnas lugs don dam gyi sku rgyas par bstan ba'o/__!/__lang gshegs las/__de bzhin gshegs pa'i dge bsam gtan/__/rnal 'byor can gyi brtson byas na/__/nyi ma zla ba'i dbyibs 'dra dang /__/'od dang pad+mo lta bu dang /__/ri mo nam mkha'i me 'dra mthong /__/mtshan ma sna tshogs de dag ni/__/mu stegs can lam 'khrid par byed/__/nyan thos dag dang rang rgyal gyi/__/spyod yul du yang ltung bar byed/__/'di dag thams cad rnam spangs shing /__/snang ba med par rnam 'gyur ba/__/de tshe sangs rgyas lha yi phyag__/thams cad zhing nas byung ba yi/__/de yi mgo la nyug mdzad de/__/yang dag rjes su 'gro ba'i ltas/__/zhes so/__!/__kye rdor las/__sangs rgyas ma yin sems can ni/__/gcig kyang yod pa ma yin no/__/dmyal ba yi dwags byol song dang /__/lha dang lha min mi rnams dang /__/gsang ba'i srin bu la sogs pa/__/lha dang lha ma yin gyis kyang /__/bde ba gang phyir mi shes pa/__/rtag tu rang bzhin bde ba can/__/zhes dang /__sems ni rang bzhin rnam rtog gis/__/skye bo dri mas nag por byas/__zhes dang /__/de phyir kun tu rab 'bad pas/__/sems kyi rdo rje sbyang bar bya/__/sems dag pa ni bde ba yin/__/nyon mongs dug rnams 'phrog par byed/__/ces dang /__rin chen sems las phyir gyur pa'i/__/sangs rgyas med cing sems can med/__/rnam par shes pa'i gnas don nam/__/phyi rol gyur pa cung zad med/__/zhes dang /__lhan cig skyes pas gang skyes pa/__/lhan cig skyes pa de brjod bya/__/rang bzhin lhan cig skyes zhes brjod/__/rnam pa thams cad sdom pa gcig/___/__

Footnotes

Other Information