རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེའི་བླ་སྒྲུབ་ཟབ་དོན་སྙིང་ཏིག།

From Khyentse Lineage - A Tsadra Foundation Project
Wylie title rgyal dbang karma pa rang byung rdo rje'i bla sgrub zab don snying tig JKCL-KABUM-04-NGA-043.pdf
Location chos kyi blo gros bka' 'bum
Volume 4, Text 43, Pages 297-306 (Folios 1a1 to 5b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People རང་བྱུང་རྡོ་རྗེ་ (Karmapa, 3rd)
Citation 'jam dbyangs mkhyen brtse chos kyi blo gros. rgyal dbang karma pa rang byung rdo rje'i bla sgrub zab don snying tig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 297-306. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon
  • First colophon page 303: །ཅེས་པའང་མེ་བྱ་ཟླ་ཚེས་ལ་ཟབ་མོ་ནང་དོན་སོགས་ཀྱི་བཤད་ལུང་བགྱིད་པའི་སྐབས་རྨི་ལམ་གྱི་ཉིང་འཁྲུལ་ལ་བརྟེན་ནས་པདྨ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།
  • Second colophon page 304: །ཅེས་པའང་ཡེ་ཤེས་རྡོ་རྗེས་བྲིས་པའོ།།
  • Third colophon page 306: །ཅེས་པའང་པདྨ་ཡེ་ཤེས་རྡོ་རྗེས་སོ།།
  • First colophon page 303: /ces pa'ang me bya zla tshes la zab mo nang don sogs kyi bshad lung bgyid pa'i skabs rmi lam gyi nying 'khrul la brten nas pad+ma ye shes rdo rjes bris pa dge/
  • Second colophon page 304: /ces pa'ang ye shes rdo rjes bris pa'o//
  • Third colophon page 306: /ces pa'ang pad+ma ye shes rdo rjes so//

1 Texts in this Section (sde tshan or chos tshan)

[edit]
༄༅། །རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེའི་བླ་སྒྲུབ་ཟབ་དོན་སྙིང་ཏིག་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭ་སྟི། འཕགས་མཆོག་ཕྱག་ན་པདྨོ་ཡི། །ངོ་མཚར་མཆོག་གི་སྤྲུལ་པའི་སྐུ། །འཇིག་རྟེན་གསུམ་ན་ཟླ་མེད་པ། །རང་བྱུང་རྡོ་རྗེ་ཞེས་གྲགས་པར། །ལྷན་སྐྱེས་དྭངས་བའི་མེ་ལོང་ངོགས། །དད་པའི་གཟུགས་བརྒྱ་གསལ་བ་ལས། །དྲན་པའི་གསལ་འདེབས་བླ་རྣལ་ནི། །ཟབ་དོན་སྙིང་ཏིག་དབྱེ་བར་བྱ། །དེ་ལ་སྐལ་བ་དང་ལྡན་པ་རྣམས་ཟབ་མོའི་ལམ་འདིར་ཞུགས་པར་བྱ་སྟེ། བདེ་བའི་སྟན་ལ་འཁོད་ནས་ངེས་འབྱུང་དང་བྱང་སེམས་བསྐྱེད་དེ། ཨཿ གདོད་ནས་མངོན་པར་བྱང་ཆུབ་པའི། །བླ་མ་མཆོག་ལ་སྐྱབས་མཆི་ཞིང་། །ཟབ་མོ་ལྷན་སྐྱེས་རྟོགས་པའི་ཕྱིར། །ཟབ་མོའི་རྣལ་འབྱོར་ཉམས་བླངས་བགྱི། །ཞེས་ཅི་ནུས་དང་། སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་དང་མི་འབྲལ་མཉམ་གནས་ཤོག །བཀའ་བསྒོ་བ་ནི། ཨེ་མ་ང་ནི་རང་བྱུང་བ། །ཁྲོ་རྒྱལ་དཔལ་ཆེན་ཧེ་རུ་ཀའི། །བཀའ་བྱུང་བདུད་བགེགས་ལོག་འདྲེན་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། མཚམས་གཅོད་པ་ནི། ཧཱུྃ། ང་བདག་གཟུང་འཛིན་འཁྲུལ་རྟོག་གིས། །བསྐྱེད་པ་བདུད་དང་བགེགས་ཀྱི་ཚོགས། །ནམ་ཡང་འཇུག་པའི་སྐབས་མེད་པའི། །སྲུང་བའི་འཁོར་ལོས་གཏམས་པར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། བྱིན་འབེབས་ནི། ཧཱུྃ། དབྱིངས་ལས་ཡེ་ཤེས་སྤྲུལ་པའི་ཚོགས། །རང་བྱུང་རིག་འཛིན་དཀྱིལ་འཁོར་དུ། །གདོད་ནས་ལྷུན་རྫོགས་ཆེན་པོ་ཉིད། །མཁའ་ལ་ཟླ་སྐར་བཀྲ་བ་བཞིན། །མངོན་སུམ་སད་ནས་སྣོད་བཅུད་རྣམས། །རྡོ་རྗེ་གསུམ་དུ་བྱིན་བརླབས་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ། །བཛྲ་ས་མཱ་ཛཿཛྙཱ་ན་ཨ་བེ་ཤ་ཡ་ཨཿ ཛཿཧཱུྃ་བྃ་ཧོཿམཆོད་བརླབ་ནི། ཨོཾ་ཨཱཿཧཱུྃ་ཧོཿསྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །ཞིང་ཁམས་ཆེན་པོར་རྫོགས་པ་དང་། །ཕྱི་ནང་གསང་བའི་མཆོད་རྫས་ཀུན། །མཁའ་ཁྱབ་ཏིང་འཛིན་རོལ་པར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་མ་ཧཱ་སུ་ཁ་བ་ལིཾ་ཏ་ཨཱཿཧཱུྃ། ལྷར་བསྐྱེད་པ་ནི། ཨཿ སྟོང་ཆེན་དེ་བཞིན་ཉིད་ཀྱི་དབྱིངས། །སྙིང་རྗེ་སྒྱུ་མ་རང་གསལ་བས། །རིག་པའི་ངོ་བོ་ཨ་དཀར་པོ། །མཁའ་ལ་ཐོག་མེད་ངང་གིས་འཆར། །དེ་ལས་འོད་འཕྲོས་དངོས་འཛིན་སྦྱངས། །དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་རྫོགས། །ནང་དབུས་པདྨ་ཉི་ཟླའི་སྟེང་། །རང་རིག་ཨ་དཀར་ཡོངས་གྱུར་ལས། །ངོ་བོ་འཕགས་མཆོག་སྤྱན་རས་གཟིགས། །རྣམ་པ་རང་བྱུང་རྡོ་རྗེ་ནི། །དཀར་གསལ་ཞི་འཛུམ་དྲི་མ་མེད། །མཚན་དཔེའི་གཟི་བརྗིད་དཔལ་དུ་འབར། །ཕྱག་གཉིས་ཐུགས་ཀར་ཆོས་འཆད་མཛད། །དབུ་ལ་ཞྭ་ནག་གསེར་མདངས་གསོལ། །ཆོས་གོས་དམར་སེར་མཛེས་པར་བཀླུབས། །ཞབས་གཉིས་སྐྱིལ་ཀྲུང་དྲང་པོར་བཞུགས། །ཐུགས་ཀར་པད་ཟླའི་སྟེང་དུ་ནི། །ཁ་སར་པ་ཎི་སྟོན་ཟླའི་མདོག །གཡས་པས་མཆོག་སྦྱིན་གཡོན་གདན་བརྟེན། །པདྨ་དཀར་པོའི་སྡོང་བུ་བསྣམས། །དར་དང་རིན་ཆེན་རྒྱན་ཆས་སྤྲས། །དེ་ཡི་ཐུགས་ཀར་འོད་ལྔའི་ཀློང་། །བི་མ་མི་ཏྲ་དཀར་ལྗང་ནི། །མཉམ་གཞག་ཐོད་པའི་བདུད་རྩི་འཛིན། །ཤངས་རྩེར་སྐྱེ་མེད་ཨ་ཡིས་མཚན། །པཎ་ཞུ་ཆོས་གོས་ཞབས་རྡོར་སྐྱིལ། །དེ་ལྟར་གསལ་བའི་གནས་གསུམ་དུ། །ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །ཧཱུྃ་ཧཱུྃ་ཧཱུྃ། སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས། །དགོངས་བརྡ་སྙན་བརྒྱུད་བླ་མ་དང་། །ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས། །ནམ་མཁའ་གང་བར་སྤྱན་འདྲེན་གཤེགས། བཛྲ་ས་མ་ཛཿཡེ་ཤེས་སྤྱན་དྲངས་ལྷ་ཚོགས་རྣམས། །དམ་ཡེ་གཉིས་མེད་བརྟན་པར་བཞུགས། །བྱང་ཆུབ་བར་དུ་མི་འབྲལ་བར། །དགྱེས་མཉམ་ཆེན་པོར་རོ་གཅིག་གྱུར། །ས་མ་ཡ་ཏིཥྛ་ལྷན། ཧོཿསྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་པ། །རང་དང་དབྱེར་མེད་རོ་གཅིག་ངང་། །ལྷ་དང་ལྟ་བ་མཇལ་བའི་ཕྱག །བླང་དོར་མེད་པའི་ངང་ནས་འཚལ། །ཨ་ཏི་པཱུ་ཧོཿཔྲ་ཏཱིཙྪ་ཧོཿམཆོད་པ་ནི། ཧཱུྃ། བརྟན་གཡོའི་གཟུགས་སྒྲ་དྲི་རོ་རེག །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ཕྱི་ནང་གསང་བ་དེ་ཁོ་ན། །བླ་མེད་བདེ་སྟོང་རོལ་པས་མཆོད། །ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་རཱུ་པ་ཤབྡ་གྷནྡྷེ་ར་ས་སྤཪྴེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿབསྟོད་པ་ནི། ཨེ་མ་ཧོ། སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་སྐྲག་མཛད་པ། རང་བྱུང་རྡོ་རྗེར་ཕྱག་འཚལ་བསྟོད། །སྔགས་བཟླ་བ་ནི། རིག་འཛིན་བླ་མའི་ཐུགས་ཀའི་དབུས། །ཀློང་ལྔ་རང་བྱུང་འོད་ལྔའི་སྦུབས། །ཨ་ཡིག་མཐིང་གསལ་དྲི་མ་མེད། །དེ་ལས་རྡོ་རྗེའི་སྔགས་ཀྱི་སྒྲ། །ནམ་མཁའ་གང་བར་འཕྲོས་པ་ཡིས། །དོན་གཉིས་བྱས་ཤིང་རང་ལ་ཐིམ། །སླར་ཡང་ཨ་ལས་ཡི་གེའི་སྤྲིན། །དཔག་མེད་འཕྲོས་པས་ལུས་དང་རྩའི། །ནང་ཁེངས་མ་རིག་མུན་པ་བཅོམ། །མཁྱེན་གཉིས་ཡེ་ཤེས་རྩལ་རྫོགས་བསམ་ལ། །ཨོཾ་ཨཱཿཧཱུྃ། རྡོར་བཟླས་དང་ངག་བཟླས་བྱ། ཨོཾ་ཨཱཿཧཱུྃ་ལོ་ཀི་ཤྭ་རི་ཁ་སརྦ་ཎི་བི་མ་མི་ཏྲ་མ་ཧཱ་གུ་རུ་བཛྲ་དྷཱ་ར་སིདྡྷི་ཕ་ལ་ཧཱུྃ། ཞེས་དང་དབྱངས་གསལ་རྟེན་སྙིང་། འ་ཨ་ཤ་ས་མ་ཧ་རྣམས་བཟླའོ། །རྗེས་ལ་ཚོགས་ཀྱི་མཆོད་པ་སོགས་བྱ་ཞིང་། དངོས་གྲུབ་བསྐུལ་བ་ནི། ཧཱུྃ་ཧྲཱིཿརིག་འཛིན་བླ་མའི་ཐུགས་དམ་དུས་ལ་བབས། དངོས་གྲུབ་སྩལ་དང་སྩོལ་བར་མི་དམིགས་ཀྱང་། །རྣལ་འབྱོར་སྒྲུབ་པོ་བྱིན་གྱིས་རློབས་པའི་ཕྱིར། །མཆོག་དང་ཐུན་མོང་དངོས་གྲུབ་དེང་འདིར་སྩོལ། །སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ། མཆོད་བསྟོད་ནོངས་བཤགས་བརྟན་བཞུགས་བྱ། གཤེགས་བསྡུ་ནི། རིག་འཛིན་བླ་མའི་ལྷ་ཚོགས་རྣམས། །འོད་ཞུ་མི་དམིགས་བརྗོད་བྲལ་ངང་། །སླར་ཡང་སྣང་གྲགས་དྲན་རྟོག་ཀུན། །ཡེ་ཤེས་ཆེན་པོའི་རོལ་པར་ཤར། །ཨོཾ་ཨཱཿཧཱུྃ། དགེ་བ་འདིས་མཚོན་ལེགས་བྱས་ཀུན། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ། །བླ་མ་མཆོག་གིས་རྗེས་བཟུང་ནས། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །བཀྲ་ཤིས་ནི། ཨོཾ། རིག་འཛིན་བརྒྱུད་པའི་བྱིན་རླབས་དང་། །ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་ཤིང་། །བདེ་དགའི་དཔལ་གྱིས་འབྱོར་བར་ཤོག །ཅེས་སོགས་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །འདི་ནི་དག་པའི་སྣང་མིན་ཀྱང་། །རང་བྱུང་རྗེ་ལ་དད་པའི་མཐུས། །བློ་གྲོས་གེ་སར་འཛུམ་པ་ལས། །བྱུང་བས་བདག་གཞན་གྲོལ་གྱུར་ཅིག །ཅེས་པའང་མེ་བྱ་ཟླ་ཚེས་ལ་ཟབ་མོ་ནང་དོན་སོགས་ཀྱི་བཤད་ལུང་བགྱིད་པའི་སྐབས་རྨི་ལམ་གྱི་ཉིང་འཁྲུལ་ལ་བརྟེན་ནས་པདྨ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །། ༈ཚོགས་མཆོད་བཞུགས་སོ། །ཐབ་ཤེས་རྫས་རྣམས་ཅི་འབྱོར་བཤམས། རྃ་ཡྃ་ཁྃ་འཕྲོས་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་སྦྱངས་བསྒྱུར་སྤེལ། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿམང་དུ་བརྗོད། ཚོགས་སྣོད་བྷཉྫ་ཡངས་པའི་ནང་། །ཚོགས་གཏོར་འོད་ཕུང་འབར་བ་འཕྲོས། །འདོད་ཡོན་ལྷ་མོས་ནམ་མཁའ་ཁེངས། །ཀུན་བཟང་རོལ་པའི་རྒྱན་དུ་གྱུར། ཧྲཱིཿརང་བཞིན་སྐུ་གསུམ་ཞིང་ཁམས་ནས། །རྩ་བརྒྱུད་བླ་མ་གཤེགས་སུ་གསོལ། །ཉི་ཟླ་པདྨའི་གདན་ལ་བཞུགས། །ཚོགས་ཀྱི་འདུ་བར་དགྱེས་པར་རོལ། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །ཟག་མེད་ཚོགས་མཆོད་དྭངས་རེ་སྤྲོ། །ཡུལ་དང་དབང་པོ་གཉིས་མེད་རོལ། །བདེ་ཆེན་བདུད་རྩིའི་མཆོད་པས་མཉེས། །འགལ་འཁྲུལ་ཉམས་པ་ཐམས་ཅད་དང་། །གསང་གསུམ་དམ་ཚིག་ཉམས་པ་བཤགས། །བདུད་བཞིའི་བར་ཆད་ཐམས་ཅད་དང་། །གཉིས་འཛིན་འཁྲུལ་རྟོག་ཐམས་ཅད་སྒྲོལ། །ཡེ་ཤེས་འབར་བའི་ཞལ་དུ་སྟོབས། །གྷ་ཎ་ཙཀྲ་པུ་ཛ་ཧོཿས་མ་ཡ་ཨ། ཡིག་བརྒྱ་བརྗོད། སརྦ་དུཥྚན་མ་ར་ཡ་རྦད་ཕཊ། མ་ཧཱ་མཾ་ས་རཀྟ་ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧིཿཞེས་བརྗོད། ཚོགས་ལ་རོལ། ལྷག་མ་བསྔོ་བ་ནི། ཕཻཾ། །བླ་མ་བཅོམ་ལྡན་དཔལ་ཆེན་པོས། བཞེས་པའི་ཕ་འབབས་ལ་དབང་བའི། །ལྷག་སྡུད་ཞིང་སྐྱོང་འབྱུང་པོ་རྣམས། །ལྷག་གཏོར་འདི་བཞེས་ཕྲིན་ལས་སྒྲུབ། ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧིཿབདེ་ཆེན་གསང་བའི་དཀྱིལ་འཁོར་དུ། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བླ་མའི་གསང་བ་གསུམ་བདག་དང་། །དབྱེར་མེད་ཉིད་དུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །རྗེས་བླ་སྒྲུབ་གཞུང་ལྟར་རོ། །ཅེས་པའང་ཡེ་ཤེས་རྡོ་རྗེས་བྲིས་པའོ།། །། ༈ དབང་གི་གནད་ཐིག་བཞུགས། །འོད་ཟླུམ་ཐིག་ལེའི་དཀྱིལ་འཁོར་དབུས། །བུམ་པ་བྷཉྫ་མེ་ལོང་ལ། །བྃ་ཡིག་ཧ་རི་ནི་སས་བརྒྱན། །རང་བྱུང་མན་ཤེལ་མཆོད་གཏོར་བཤམས། །བླ་སྒྲུབ་བཏང་ཞིང་བུམ་བཟླས་བྱ། །དབང་བླངས་ལས་བུམ་རྟ་མགྲིན་བསྐྱེད། །སློབ་མ་ཕྱི་རོལ་ཁྲུས་ནས་དབྱུངས། མཚམས་བཅད་སྲུང་བའི་འཁོར་ལོ་བསྒོམ། །ཆོས་བཤད་མཎྜལ་དབུལ་བྱས་ཏེ། བླ་མ་དཔལ་ལྡན་ཧེ་རུ་ཀ། དཀྱིལ་འཁོར་གཙོ་བདག་ཆེན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཟབ་མོའི་དབང་མཆོག་སྩལ་དུ་གསོལ། ལན་གསུམ། ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ། །བླ་མའི་དཀྱིལ་འཁོར་འཇུག་འདོད་ན། །རྒྱུད་སྦྱངས་དམ་ཚིག་སྡོམ་པ་བཟུང་། །དབང་བསྐུར་དམ་པ་སྦྱིན་པར་བྱ། །སྐྱབས་སེམས་ཡན་ལག་བདུན་པ་དང་། སྡོམ་བཟུང་རྣམས་ཀྱི་རྒྱུད་སྦྱངས་ནས། །ལྷར་བསྐྱེད་ཡེ་ཤེས་དབབ་བསྟིམ་བྱ། །ཏིཥྛ་བཛྲས་བརྟན་པར་བྱ། བུམ་པ་ཐོགས་ལ། ཧོཿརིན་ཆེན་བུམ་པ་གཞལ་ཡས་ཁང་། །ནང་ན་བླ་མའི་ལྷ་ཚོགས་བཞུགས། །ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་དམ་པ་སྦྱིན་པར་བྱ། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཐོད་པའི་བདུད་རྩི་ཐོགས་ལ། ཨ། བདེ་སྟོང་རང་བྱུང་ཀཱ་པ་ལར། །རིག་འཛིན་བླ་མ་ཡབ་ཡུམ་གྱིས། །བྱང་སེམས་བདུད་རྩི་ཆེན་པོ་འདི། །ཁྱོད་ཀྱི་ལྕེ་ཡི་སྟེང་དུ་འཇོག །ཝཱ་ཀ་ཨབྷི་ཥིཉྩ་ཨ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿམེ་ལོང་སིནྡྷཱུ་སྙིང་གར་རེག །ཧཱུྃ། བདེ་ཆེན་རྡོ་རྗེ་བཙུན་མོའི་མཁའ། །ཆོས་རྣམས་མ་ལུས་འབྱུང་བའི་གནས། །སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །དགའ་བཞིའི་ཡེ་ཤེས་མངོན་གྱུར་ཤོག །ཙིཏྟ་ཨབྷི་ཥིཉྩ་ཧཱུྃ། ཤེལ་རྡོ་ཐོགས་ལ། ཨོཾ་ཨཱཿཧཱུྃ། ཡེ་ཤེས་འདི་ནི་མཆོག་ཏུ་དག །གསལ་ལ་མི་རྟོགས་རང་བྱུང་བ། །དོན་གྱི་རང་བྱུང་རྡོ་རྗེ་སྟེ། །ཇི་བཞིན་པ་ཡི་ངང་དུ་བཞག །ཨ་ཨ་ཨ། ཞེས་བརྗོད་དགོངས་པ་གཏད། །དབང་གི་རྗེས་རིམ་སྤྱི་ལྟར་རོ། །ཅེས་པའང་པདྨ་ཡེ་ཤེས་རྡོ་རྗེས་སོ།། །།
[edit]

@#/__/rgyal dbang karma pa rang byung rdo rje'i bla sgrub zab don snying tig ces bya ba bzhugs so/__/ oM swa sti/__'phags mchog phyag na pad+mo yi/__/ngo mtshar mchog gi sprul pa'i sku/__/'jig rten gsum na zla med pa/__/rang byung rdo rje zhes grags par/__/lhan skyes dwangs ba'i me long ngogs/__/dad pa'i gzugs brgya gsal ba las/__/dran pa'i gsal 'debs bla rnal ni/__/zab don snying tig dbye bar bya/__/de la skal ba dang ldan pa rnams zab mo'i lam 'dir zhugs par bya ste/__bde ba'i stan la 'khod nas nges 'byung dang byang sems bskyed de/__aH_gdod nas mngon par byang chub pa'i/__/bla ma mchog la skyabs mchi zhing /__/zab mo lhan skyes rtogs pa'i phyir/__/zab mo'i rnal 'byor nyams blangs bgyi/__/zhes ci nus dang /__sems can bde ldan sdug bsngal bral/__/bde dang mi 'bral mnyam gnas shog__/bka' bsgo ba ni/__e ma nga ni rang byung ba/__/khro rgyal dpal chen he ru ka'i/__/bka' byung bdud bgegs log 'dren tshogs/__/'di ru ma 'dug gzhan du dengs/__/hU~M hU~M hU~M hU~M/__mtshams gcod pa ni/__hU~M/__nga bdag gzung 'dzin 'khrul rtog gis/__/bskyed pa bdud dang bgegs kyi tshogs/__/nam yang 'jug pa'i skabs med pa'i/__/srung ba'i 'khor los gtams par gyur/__/oM badz+ra rak+Sha rak+Sha hU~M hU~M hU~M/__byin 'bebs ni/__hU~M/__dbyings las ye shes sprul pa'i tshogs/__/rang byung rig 'dzin dkyil 'khor du/__/gdod nas lhun rdzogs chen po nyid/__/mkha' la zla skar bkra ba bzhin/__/mngon sum sad nas snod bcud rnams/__/rdo rje gsum du byin brlabs nas/__/mchog thun dngos grub ma lus stsol/__/badz+ra sa mA dzaHdz+nyA na a be sha ya aH_dzaHhU~M ba~M hoHmchod brlab ni/__oM AHhU~M hoHsnang zhing srid pa'i chos rnams kun/__/zhing khams chen por rdzogs pa dang /__/phyi nang gsang ba'i mchod rdzas kun/__/mkha' khyab ting 'dzin rol par gyur/__/oM badz+ra ar+g+haM nas/__shab+da sarba pany+tsa a mr-i ta rak+ta ma hA su kha ba liM ta AHhU~M/__lhar bskyed pa ni/__aH_stong chen de bzhin nyid kyi dbyings/__/snying rje sgyu ma rang gsal bas/__/rig pa'i ngo bo a dkar po/__/mkha' la thog med ngang gis 'char/__/de las 'od 'phros dngos 'dzin sbyangs/__/dkyil 'khor chen por lhun gyis rdzogs/__/nang dbus pad+ma nyi zla'i steng /__/rang rig a dkar yongs gyur las/__/ngo bo 'phags mchog spyan ras gzigs/__/rnam pa rang byung rdo rje ni/__/dkar gsal zhi 'dzum dri ma med/__/mtshan dpe'i gzi brjid dpal du 'bar/__/phyag gnyis thugs kar chos 'chad mdzad/__/dbu la zhwa nag gser mdangs gsol/__/chos gos dmar ser mdzes par bklubs/__/zhabs gnyis skyil krung drang por bzhugs/__/thugs kar pad zla'i steng du ni/__/kha sar pa Ni ston zla'i mdog__/g.yas pas mchog sbyin g.yon gdan brten/__/pad+ma dkar po'i sdong bu bsnams/__/dar dang rin chen rgyan chas spras/__/de yi thugs kar 'od lnga'i klong /__/bi ma mi tra dkar ljang ni/__/mnyam gzhag thod pa'i bdud rtsi 'dzin/__/shangs rtser skye med a yis mtshan/__/paN zhu chos gos zhabs rdor skyil/__/de ltar gsal ba'i gnas gsum du/__/yi ge gsum gyis mtshan pa las/__/'od 'phros ye shes spyan drangs gyur/__/hU~M hU~M hU~M/__sku gsum zhing khams rab 'byams nas/__/dgongs brda snyan brgyud bla ma dang /__/yi dam dpa' bo mkha' 'gro'i tshogs/__/nam mkha' gang bar spyan 'dren gshegs/__badz+ra sa ma dzaHye shes spyan drangs lha tshogs rnams/__/dam ye gnyis med brtan par bzhugs/__/byang chub bar du mi 'bral bar/__/dgyes mnyam chen por ro gcig gyur/__/sa ma ya tiSh+Tha lhan/__hoHsku gsung thugs kyi dkyil 'khor pa/__/rang dang dbyer med ro gcig ngang /__/lha dang lta ba mjal ba'i phyag__/blang dor med pa'i ngang nas 'tshal/__/a ti pU hoHpra tIts+tsha hoHmchod pa ni/__hU~M/__brtan g.yo'i gzugs sgra dri ro reg__/kun tu bzang po'i mchod pa'i sprin/__/phyi nang gsang ba de kho na/__/bla med bde stong rol pas mchod/__/oM badz+ra ar+g+haM sogs nas/__shab+da rU pa shab+da g+han+d+he ra sa spaR+she ma hA sarba pany+tsa a mr-i ta rak+ta ba liM ta ma hA su kha d+harma d+hA tu pU dza hoHbstod pa ni/__e ma ho/__sangs rgyas kun gyi sku gcig pu/__/bdag med seng ge'i sgra dang ldan/__/mu stegs ri dwags skrag mdzad pa/__rang byung rdo rjer phyag 'tshal bstod/__/sngags bzla ba ni/__rig 'dzin bla ma'i thugs ka'i dbus/__/klong lnga rang byung 'od lnga'i sbubs/__/a yig mthing gsal dri ma med/__/de las rdo rje'i sngags kyi sgra/__/nam mkha' gang bar 'phros pa yis/__/don gnyis byas shing rang la thim/__/slar yang a las yi ge'i sprin/__/dpag med 'phros pas lus dang rtsa'i/__/nang khengs ma rig mun pa bcom/__/mkhyen gnyis ye shes rtsal rdzogs bsam la/__/oM AHhU~M/__rdor bzlas dang ngag bzlas bya/__oM AHhU~M lo ki shwa ri kha sarba Ni bi ma mi tra ma hA gu ru badz+ra d+hA ra sid+d+hi pha la hU~M/__zhes dang dbyangs gsal rten snying /__'a a sha sa ma ha rnams bzla'o/__/rjes la tshogs kyi mchod pa sogs bya zhing /__dngos grub bskul ba ni/__hU~M hrIHrig 'dzin bla ma'i thugs dam dus la babs/__dngos grub stsal dang stsol bar mi dmigs kyang /__/rnal 'byor sgrub po byin gyis rlobs pa'i phyir/__/mchog dang thun mong dngos grub deng 'dir stsol/__/sngags mthar/__kA ya wA ka tsit+ta gu Na karma sarba sid+d+hi pha la hU~M/__mchod bstod nongs bshags brtan bzhugs bya/__gshegs bsdu ni/__rig 'dzin bla ma'i lha tshogs rnams/__/'od zhu mi dmigs brjod bral ngang /__/slar yang snang grags dran rtog kun/__/ye shes chen po'i rol par shar/__/oM AHhU~M/__dge ba 'dis mtshon legs byas kun/__/byang chub snying por yongs su bsngo/__/bla ma mchog gis rjes bzung nas/__/yang dag rdo rje'i don rtogs shog__/bkra shis ni/__oM/__rig 'dzin brgyud pa'i byin rlabs dang /__/yi dam mkha' 'gro'i byin rlabs kyis/__/phyogs dus kun tu bkra shis shing /__/bde dga'i dpal gyis 'byor bar shog__/ces sogs shis pa brjod pas dge legs su bya'o/__/'di ni dag pa'i snang min kyang /__/rang byung rje la dad pa'i mthus/__/blo gros ge sar 'dzum pa las/__/byung bas bdag gzhan grol gyur cig__/ces pa'ang me bya zla tshes la zab mo nang don sogs kyi bshad lung bgyid pa'i skabs rmi lam gyi nying 'khrul la brten nas pad+ma ye shes rdo rjes bris pa dge/__//__!tshogs mchod bzhugs so/__/thab shes rdzas rnams ci 'byor bshams/__ra~M ya~M kha~M 'phros bsregs gtor bkrus/__oM AHhU~M gis sbyangs bsgyur spel/__/oM AHhU~M ha ho hrIHmang du brjod/__tshogs snod b+hany+dza yangs pa'i nang /__/tshogs gtor 'od phung 'bar ba 'phros/__/'dod yon lha mos nam mkha' khengs/__/kun bzang rol pa'i rgyan du gyur/__hrIHrang bzhin sku gsum zhing khams nas/__/rtsa brgyud bla ma gshegs su gsol/__/nyi zla pad+ma'i gdan la bzhugs/__/tshogs kyi 'du bar dgyes par rol/__/phyi nang gsang ba'i mchod pas mchod/__/sku gsung thugs yon phrin las bstod/__/zag med tshogs mchod dwangs re spro/__/yul dang dbang po gnyis med rol/__/bde chen bdud rtsi'i mchod pas mnyes/__/'gal 'khrul nyams pa thams cad dang /__/gsang gsum dam tshig nyams pa bshags/__/bdud bzhi'i bar chad thams cad dang /__/gnyis 'dzin 'khrul rtog thams cad sgrol/__/ye shes 'bar ba'i zhal du stobs/__/g+ha Na tsakra pu dza hoHsa ma ya a/__yig brgya brjod/__sarba duSh+Tan ma ra ya rbad phaT/__ma hA maM sa rak+ta kiM ni ri ti la kha raM khA hiHzhes brjod/__tshogs la rol/__lhag ma bsngo ba ni/__phaiM/__/bla ma bcom ldan dpal chen pos/__bzhes pa'i pha 'babs la dbang ba'i/__/lhag sdud zhing skyong 'byung po rnams/__/lhag gtor 'di bzhes phrin las sgrub/__uts+tshiSh+Ta ba liM ta khA hiHbde chen gsang ba'i dkyil 'khor du/__/tshogs kyi mchod pa phul ba yis/__/bla ma'i gsang ba gsum bdag dang /__/dbyer med nyid du 'grub par shog__/ces smon lam gdab bo/__/rjes bla sgrub gzhung ltar ro/__/ces pa'ang ye shes rdo rjes bris pa'o//____//_!_dbang gi gnad thig bzhugs/__/'od zlum thig le'i dkyil 'khor dbus/__/bum pa b+hany+dza me long la/__/ba~M yig ha ri ni sas brgyan/__/rang byung man shel mchod gtor bshams/__/bla sgrub btang zhing bum bzlas bya/__/dbang blangs las bum rta mgrin bskyed/__/slob ma phyi rol khrus nas dbyungs/__mtshams bcad srung ba'i 'khor lo bsgom/__/chos bshad maN+Dal dbul byas te/__bla ma dpal ldan he ru ka/__dkyil 'khor gtso bdag chen po la/__/gsol ba 'debs so byin gyis rlobs/__/zab mo'i dbang mchog stsal du gsol/__lan gsum/__kyai ho skal ldan rigs kyi bu/__/bla ma'i dkyil 'khor 'jug 'dod na/__/rgyud sbyangs dam tshig sdom pa bzung /__/dbang bskur dam pa sbyin par bya/__/skyabs sems yan lag bdun pa dang /__sdom bzung rnams kyi rgyud sbyangs nas/__/lhar bskyed ye shes dbab bstim bya/__/tiSh+Tha badz+ras brtan par bya/__bum pa thogs la/__hoHrin chen bum pa gzhal yas khang /__/nang na bla ma'i lha tshogs bzhugs/__/ye shes bdud rtsi'i chu rgyun gyis/__/dbang bskur dam pa sbyin par bya/__oM badz+ra ka la sha a b+hi Shiny+tsa hU~M/__thod pa'i bdud rtsi thogs la/__a/__bde stong rang byung kA pa lar/__/rig 'dzin bla ma yab yum gyis/__/byang sems bdud rtsi chen po 'di/__/khyod kyi lce yi steng du 'jog__/wA ka ab+hi Shiny+tsa a/__a ho ma hA su kha hoHme long sin+d+hU snying gar reg__/hU~M/__bde chen rdo rje btsun mo'i mkha'/__/chos rnams ma lus 'byung ba'i gnas/__/skal ldan khyod la sbyin pa yis/__/dga' bzhi'i ye shes mngon gyur shog__/tsit+ta ab+hi Shiny+tsa hU~M/__shel rdo thogs la/__oM AHhU~M/__ye shes 'di ni mchog tu dag__/gsal la mi rtogs rang byung ba/__/don gyi rang byung rdo rje ste/__/ji bzhin pa yi ngang du bzhag__/a a a/__zhes brjod dgongs pa gtad/__/dbang gi rjes rim spyi ltar ro/__/ces pa'ang pad+ma ye shes rdo rjes so//____//

Footnotes

Other Information