JKCL-KABUM-04-NGA-011

From Khyentse Lineage - A Tsadra Foundation Project

བླ་མའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་གདམས་པ་ཕན་བདེའི་དཔལ་སྟེར་དང་གུ་རུ་པདྨའི་རྣལ་འབྱོར།
Wylie title bla ma'i rnal 'byor dang rjes su 'brel bar gdams pa phan bde'i dpal ster dang gu ru pad+ma'i rnal 'byor JKCL-KABUM-04-NGA-011.pdf
Location chos kyi blo gros bka' 'bum
Volume 4, Text 11, Pages 59-62 (Folios 1a1 to 2b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bla ma'i rnal 'byor dang rjes su 'brel bar gdams pa phan bde'i dpal ster dang gu ru pad+ma'i rnal 'byor. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 59-62. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/guru-padma-yoga
Colophon
  • First colophon page 61: །ཅེས་པའང་བརྩེ་ཆེན་སྙིང་པོའི་བསྟན་པའི་གསལ་བྱེད་ཨ་མདོ་དྷཱི་ཕུ་མཆོག་གི་སྤྲུལ་པའི་སྐུས་ལྷ་རྫས་བཅས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཡས་ཟུར་ལྷ་རི་འོད་གསལ་སྒང་དུ་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་དགེ་སློང་མཁས་མཆོག་གིས་བགྱིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།
  • Second colophon page 62: །ཞེས་པའང་འཇིགས་མེད་ཕྲིན་ལས་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་འཕེལ།།
  • First colophon page 61: /ces pa'ang brtse chen snying po'i bstan pa'i gsal byed a mdo d+hI phu mchog gi sprul pa'i skus lha rdzas bcas gsung bskul ngor 'jam dbyangs chos kyi blo gros pas rdzong sar bkra shis lha rtse'i g.yas zur lha ri 'od gsal sgang du smras rim bzhin yi ge'i byed po dge slong mkhas mchog gis bgyis pa don dang ldan par gyur cig__/sarba dA mang+ga laM//
  • Second colophon page 62: /zhes pa'ang 'jigs med phrin las nas bskul ngor chos kyi blo gros pas bris pa dge legs 'phel//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
བླ་མའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་གདམས་པ་ཕན་བདེའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། །དག་པ་རབ་འབྱམས་ཆོས་དབྱིངས་བརྡལ་བའི་ཞིང་། །ཡེ་ཤེས་རང་སྣང་བཀོད་པ་ལྷུན་རྫོགས་དབུས། །སེང་ཁྲི་པད་དཀར་ཟླ་བ་རྒྱས་པའི་སྟེང་། །རྩ་བའི་བླ་མ་མཚོ་སྐྱེས་རྡོ་རྗེ་འཆང་། །དཀར་དམར་མདངས་ལྡན་ཞལ་གཅིག་ཕྱག་གཉིས་པ། །ལྷ་རྫས་དར་དང་རིན་ཆེན་རུས་པ་དང་། །པདྨའི་ཕྲེང་བའི་རྒྱན་གྱིས་རྣམ་པར་མཛེས། །གསང་བའི་ཡུམ་མཆོག་མནྡཱ་ར་བ་ནི། །དཀར་དམར་མདངས་ལྡན་མདའ་དར་བུམ་འཛིན་འཁྲིལ། །སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་གསལ། །གནས་གསུམ་ཡི་གེ་གསུམ་ལས་འོད་འཕྲོས་པས། །རང་འདྲའི་ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །ཧཱུྃ་སྔོན་གྱི་བསྐལ་པའི་སོགས། གཤེགས་སུ་གསོལ། །གུ་རུ་པདྨ་སིདྡྷི་ཧཱུྃ། རྩ་གསུམ་འདུས་ཞལ་དཔལ་ལྡན་བླ་མ་ལ། །དད་མོས་གདུང་ཤུགས་དྲག་པོས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་སྤྲིན་གྱིས་མཆོད། །སྡིག་སྒྲིབ་ཉེས་ལྟུང་གནོང་འགྱོད་དྲག་པོས་བཤགས། །འཕགས་དང་སོ་སྐྱེའི་དགེ་ལ་རྗེས་ཡི་རང་། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྟག་པར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་འགྲོ་རྣམས་བྱང་ཆུབ་ཐོབ་ཕྱིར་བསྔོ། །མ་ལུས་འགྲོ་རྣམས་བྱང་ཆུབ་ཐོབ་གྱུར་ཅིག །དཀྱིལ་འཁོར་ཀུན་བདག་བླ་མ་རྡོ་རྗེ་འཆང་། །གདན་གསུམ་ཚང་བའི་ངོ་བོར་ཤེས་པ་ཡིས། །མི་ཕྱེད་སྙིང་ནས་དད་པས་གསོལ་འདེབས་ན། །བྱིན་རླབས་ཆར་ཆེན་ཕོབས་ཤིག་བླ་མ་རྗེ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །སྐྱེ་བ་ཀུན་ཏུ་ཞབས་སེན་རྡུལ་དམར་འོད། །སྤྱི་བོའི་རྒྱན་དུ་ཐོབ་ནས་ཐེག་མཆོག་གི། གསུང་གི་བདུད་རྩིར་སྤྱོད་པའི་སྐལ་བཟང་ཐོབ། །སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ། །དལ་འབྱོར་རྟེན་ཐོབ་ཐེག་ཆེན་རིགས་སད་ཅིང་། །སྐྱེས་མ་ཐག་ཏུ་དམ་པའི་ཆོས་དང་འཕྲད། །ཡང་དག་བཤེས་གཉེན་དམ་པས་ཟིན་པར་ཤོག །ངེས་འབྱུང་ཚུལ་ཁྲིམས་ཁང་བཟང་ཉམས་དགའ་བར། །གཞན་ཕན་བྱང་སེམས་ནོར་བུའི་གཏེར་གྱིས་ཁེངས། །རིམ་གཉིས་འདོད་དགུའི་དཔལ་ལ་སྤྱོད་པ་ཡི། །སྐུ་བཞིའི་ངལ་འཚོ་ཅིར་ཡང་ཐོབ་གྱུར་ཅིག །ཁྱད་པར་ཟབ་མོ་བླ་མའི་རྣལ་འབྱོར་ལ། །མོས་གུས་ཆིག་དྲིལ་གནད་དུ་བསྣུན་པ་ཡིས། །རང་རིག་སྐུ་གསུམ་རང་ཞལ་མཇལ་བ་དང་། །ཅིར་སྣང་བླ་མའི་རོལ་པར་འཆར་བར་ཤོག །བདག་དང་བདག་ལ་འབྲེལ་པ་ཐོབ་པ་ཡི། །མ་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །ལས་ཉོན་སྒྲིབ་བྱང་ཚོགས་གཉིས་རབ་རྫོགས་ནས། །རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །དེ་ལྟར་གསོལ་བཏབ་བདེན་ཚིག་སྨོན་པ་ཡི། །ཉེ་བར་བསྙེན་པས་ཐུགས་རྗེ་རབ་གཡོས་ཏེ། །བླ་མའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་དཀར་དམར་མཐིང་གསུམ་བྱུང་། །གནས་གསུམ་རིམ་དང་ཅིག་ཆར་ཐིམ་པ་ཡིས། །དབང་ཐོབ་སྒྲིབ་དག་སྐུ་བཞིའི་ས་བོན་བཞག །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །གཟུང་འཛིན་རྡུལ་གྱིས་མ་གོས་མཁའ་ལྟར་དག །རང་བཞིན་འོད་གསལ་གཉུག་མའི་རང་ཞལ་བསྐྱངས། །དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་རྗེས་བཟུང་ནས། །ཟབ་གསང་གདམས་པའི་བདུད་རྩིས་གྲོལ་བ་དང་། །ཐེག་མཆོག་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག །ཅེས་པའང་བརྩེ་ཆེན་སྙིང་པོའི་བསྟན་པའི་གསལ་བྱེད་ཨ་མདོ་དྷཱི་ཕུ་མཆོག་གི་སྤྲུལ་པའི་སྐུས་ལྷ་རྫས་བཅས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཡས་ཟུར་ལྷ་རི་འོད་གསལ་སྒང་དུ་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་དགེ་སློང་མཁས་མཆོག་གིས་བགྱིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།གུ་རུ་པདྨའི་རྣལ་འབྱོར་ནི། ཨེ་མ་ཧོ། རང་སྣང་དག་པའི་མདུན་མཁའ་རུ། །རྩ་བའི་བླ་མ་པདྨ་འབྱུང་། །སྐྱབས་ཀུན་འདུས་པའི་བདག་ཉིད་ལ། །སྙིང་ནས་གསོལ་འདེབས་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བ་དང་། །བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ། །དུས་མིན་འཆི་བས་མི་ཚུགས་ཤིང་། །འདི་དང་ཕྱི་མ་ཐམས་ཅད་དུ། །གུ་རུས་རྗེས་སུ་བཟུང་དུ་གསོལ། །གསོལ་འདེབས་ནི། །ཕྱི་ལྟར་རྒྱལ་སྲས་ཆོས་ཀྱི་བློ་གྲོས་སོགས་ཅི་རིགས་བཟླ། དེ་ནས་བཟླས་པ་སིདྡྷི་ཅི་ནུས་བཟླའོ། །རྗེས། །བླ་མ་འོད་ཞུ་རང་ལ་ཐིམ། །དབྱེར་མེད་བྱིན་གྱིས་བརླབ་པར་གྱུར། །ཞེས་གནས་ལུགས་ངང་ལ་བཞགམཐར་དགེ་བསྔོ་བཀྲ་ཤིས་བྱའོ། །ཞེས་པའང་འཇིགས་མེད་ཕྲིན་ལས་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་འཕེལ།། །།
[edit]

bla ma'i rnal 'byor dang rjes su 'brel bar gdams pa phan bde'i dpal ster zhes bya ba bzhugs so/__/na mo gu ru/__/dag pa rab 'byams chos dbyings brdal ba'i zhing /__/ye shes rang snang bkod pa lhun rdzogs dbus/__/seng khri pad dkar zla ba rgyas pa'i steng /__/rtsa ba'i bla ma mtsho skyes rdo rje 'chang /__/dkar dmar mdangs ldan zhal gcig phyag gnyis pa/__/lha rdzas dar dang rin chen rus pa dang /__/pad+ma'i phreng ba'i rgyan gyis rnam par mdzes/__/gsang ba'i yum mchog man+dA ra ba ni/__/dkar dmar mdangs ldan mda' dar bum 'dzin 'khril/__/skyabs kun 'dus pa'i bdag nyid chen por gsal/__/gnas gsum yi ge gsum las 'od 'phros pas/__/rang 'dra'i ye shes spyan drangs gnyis med gyur/__/hU~M sngon gyi bskal pa'i sogs/__gshegs su gsol/__/gu ru pad+ma sid+d+hi hU~M/__rtsa gsum 'dus zhal dpal ldan bla ma la/__/dad mos gdung shugs drag pos phyag 'tshal lo/__/dngos 'byor yid sprul kun bzang sprin gyis mchod/__/sdig sgrib nyes ltung gnong 'gyod drag pos bshags/__/'phags dang so skye'i dge la rjes yi rang /__/zab rgyas chos kyi 'khor lo bskor bar bskul/__/rtag par mya ngan mi 'da' bzhugs gsol 'debs/__/dge tshogs 'gro rnams byang chub thob phyir bsngo/__/ma lus 'gro rnams byang chub thob gyur cig__/dkyil 'khor kun bdag bla ma rdo rje 'chang /__/gdan gsum tshang ba'i ngo bor shes pa yis/__/mi phyed snying nas dad pas gsol 'debs na/__/byin rlabs char chen phobs shig bla ma rje/__/dus 'di nas bzung byang chub snying po'i bar/__/skye ba kun tu zhabs sen rdul dmar 'od/__/spyi bo'i rgyan du thob nas theg mchog gi/__gsung gi bdud rtsir spyod pa'i skal bzang thob/__/skye ba 'di dang skye ba gzhan dag tu/__/dal 'byor rten thob theg chen rigs sad cing /__/skyes ma thag tu dam pa'i chos dang 'phrad/__/yang dag bshes gnyen dam pas zin par shog__/nges 'byung tshul khrims khang bzang nyams dga' bar/__/gzhan phan byang sems nor bu'i gter gyis khengs/__/rim gnyis 'dod dgu'i dpal la spyod pa yi/__/sku bzhi'i ngal 'tsho cir yang thob gyur cig__/khyad par zab mo bla ma'i rnal 'byor la/__/mos gus chig dril gnad du bsnun pa yis/__/rang rig sku gsum rang zhal mjal ba dang /__/cir snang bla ma'i rol par 'char bar shog__/bdag dang bdag la 'brel pa thob pa yi/__/ma gyur mkha' mnyam sems can thams cad kyi/__/las nyon sgrib byang tshogs gnyis rab rdzogs nas/__/rnam mkhyen rgyal ba'i go 'phang thob gyur cig__/de ltar gsol btab bden tshig smon pa yi/__/nye bar bsnyen pas thugs rje rab g.yos te/__/bla ma'i gnas gsum rdo rje'i 'bru gsum las/__/'od zer bdud rtsi dkar dmar mthing gsum byung /__/gnas gsum rim dang cig char thim pa yis/__/dbang thob sgrib dag sku bzhi'i sa bon bzhag__/mthar ni bla ma 'od zhu rang la thim/__/thugs yid gcig 'dres dgongs pa'i rtsal chen rdzogs/__/gzung 'dzin rdul gyis ma gos mkha' ltar dag__/rang bzhin 'od gsal gnyug ma'i rang zhal bskyangs/__/dge ba 'di yis mtha' yas sems can kun/__/o rgyan mtsho skyes rdo rjes rjes bzung nas/__/zab gsang gdams pa'i bdud rtsis grol ba dang /__/theg mchog lam gyi bgrod pa mthar phyin shog__/ces pa'ang brtse chen snying po'i bstan pa'i gsal byed a mdo d+hI phu mchog gi sprul pa'i skus lha rdzas bcas gsung bskul ngor 'jam dbyangs chos kyi blo gros pas rdzong sar bkra shis lha rtse'i g.yas zur lha ri 'od gsal sgang du smras rim bzhin yi ge'i byed po dge slong mkhas mchog gis bgyis pa don dang ldan par gyur cig__/sarba dA mang+ga laM//____//gu ru pad+ma'i rnal 'byor ni/__e ma ho/__rang snang dag pa'i mdun mkha' ru/__/rtsa ba'i bla ma pad+ma 'byung /__/skyabs kun 'dus pa'i bdag nyid la/__/snying nas gsol 'debs byin gyis rlobs/__/rkyen ngan bar chad zhi ba dang /__/bsam don thams cad yid bzhin 'grub/__/dus min 'chi bas mi tshugs shing /__/'di dang phyi ma thams cad du/__/gu rus rjes su bzung du gsol/__/gsol 'debs ni/__/phyi ltar rgyal sras chos kyi blo gros sogs ci rigs bzla/__de nas bzlas pa sid+d+hi ci nus bzla'o/__/rjes/__/bla ma 'od zhu rang la thim/__/dbyer med byin gyis brlab par gyur/__/zhes gnas lugs ngang la bzhagamathar dge bsngo bkra shis bya'o/__/zhes pa'ang 'jigs med phrin las nas bskul ngor chos kyi blo gros pas bris pa dge legs 'phel//____//

Footnotes

Other Information