དགེ་སྟག་སྐྱབས་མགོན་རིན་པོ་ཆེའི་སྤྲུལ་སྐུ་མྱུར་འབྱོན་གསོལ་འདེབས་འདོད་དོན་མྱུར་འགྲུབ།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-196
Wylie title dge stag skyabs mgon rin po che'i sprul sku myur 'byon gsol 'debs 'dod don myur 'grub JKCL-KABUM-03-GA-196.pdf
Location chos kyi blo gros bka' 'bum
Volume 3, Text 196, Pages 607-608 (Folios 1a1 to 1b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dge stag skyabs mgon rin po che'i sprul sku myur 'byon gsol 'debs 'dod don myur 'grub. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 607-608. Bir, H.P.: Khyentse Labrang, 2012.
Genre Petitions for a Speedy Rebirth - yang srid myur byon
Colophon

།ཅེས་བསྟན་འགྲོར་ཕན་བདེའི་རྩ་ལག་རྗེ་བཙུན་བླ་མ་དེ་ཉིད་ཆོས་དབྱིངས་ཞི་བ་ཆེན་པོར་ཐུགས་གཞོལ་སྐབས་དགེ་སྟག་བླ་བྲང་ཤུལ་བཞུགས་རྣམས་དང་། བེ་རི་དབོན་མོ་ལྷ་དགའ། ཞི་ཚེ་རྒྱ་དཔོན། སྐུ་མཆེད་ཡ་མ་ཆོས་བཟང་། ལུ་མདའ་འཕེལ་རྒྱས། བེར་དགོན་གྲྭ་བསམ་བསྟན། དཔའ་ཀེ་བཀྲ་ཤིས་རྣམས་ནས་ལྷ་རེག་དང་། རིན་ཆེན་གཉིས་པའི་མཎྜལ་རྟེན་བཅས་གསུང་བསྐུལ་ངོར་མཁྱེན་བརྩེའི་དབང་པོའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་ཁྲུམས་སྟོད་ཟླ་བའི་ཚེས་༡༥བཟང་པོར་གསོལ་བ་བཏབ་བཞིན་བྲིས་པ་འདིས་ཀྱང་མཆོག་གི་སྤྲུལ་སྐུའི་ཟླ་ཞལ་མྱུར་དུ་འཆར་ཞིང་བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་བརླབས་ཏུ་གསོལ། སརྦ་དཱ་མངྒ་ལཾ།།

/ces bstan 'gror phan bde'i rtsa lag rje btsun bla ma de nyid chos dbyings zhi ba chen por thugs gzhol skabs dge stag bla brang shul bzhugs rnams dang /__be ri dbon mo lha dga'/__zhi tshe rgya dpon/__sku mched ya ma chos bzang /__lu mda' 'phel rgyas/__ber dgon grwa bsam bstan/__dpa' ke bkra shis rnams nas lha reg dang /__rin chen gnyis pa'i maN+Dal rten bcas gsung bskul ngor mkhyen brtse'i dbang po'i sprul ming 'dzin pa 'jam dbyangs chos kyi blo gros ris med bstan pa'i rgyal mtshan du 'bod pas khrums stod zla ba'i tshes 15bzang por gsol ba btab bzhin bris pa 'dis kyang mchog gi sprul sku'i zla zhal myur du 'char zhing bstan 'gro'i don chen 'grub par byin gyis brlabs tu gsol/__sarba dA mang+ga laM//

1 Texts in this Section (sde tshan or chos tshan)

[edit]
དགེ་སྟག་སྐྱབས་མགོན་རིན་པོ་ཆེའི་སྤྲུལ་སྐུ་མྱུར་འབྱོན་གསོལ་འདེབས་འདོད་དོན་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། བཀྲ་ཤིས་མཚན་གྱི་མེ་ཏོག་འཇོ་སྒེག་གི། སྲིད་པ་གསུམ་གྱི་དགེ་མཚན་རྒྱས་པའི་གཉེན། །མཚུངས་མེད་འགྲོ་བའི་བླ་མ་ཐམས་ཅད་མཁྱེན། །བློ༵་བཟ༵ང་རྒྱལ་བ་གཉིས་པས་དགེ་ལེགས་སྩོལ། །འཇམ་དབྱངས་བླ་མའི་བསྟན༵་འཛི༵ན་དགེ་བའི་བཤེས། །བྱང་ཆུབ་སེམས་དཔའ་གྲག༵ས་པ༵་མཐ༵འ་ཡས༵་པ། །རྩོད་པའི་དུས་ཀྱི་འགྲོ་བ་འདུལ་མཛད་ཅིང་། །ཐུགས་རྗེའི་བདག་ཉིད་ཆེན་པོར་གསོལ་བ་འདེབས། །སྲིད་ཞིའི་ཕན་བདེའི་འབྱུང་གནས་རིན་པོ་ཆེ། །རྗེ་བཙུན་བླ་མ་ཆོས་དབྱིངས་ཆེན་པོ་རུ། །སྙོམས་པར་ཞུགས་ཀྱང་གདུལ་བྱ་རྒྱ་མཚོའི་མགོན། །ངོ་མཚར་སྤྲུལ་པའི་གཟུགས་སྐུར་བཞེངས་སུ་གསོལ། །ཚུལ་ཁྲིམས་གསེར་གྱི་ས་གཞིར་རྟེན་བཅས་ཤིང་། །ཏིང་འཛིན་རི་དབང་ལྷུན་པོ་མངོན་པར་བརྗིད། །ཤེས་རབ་ཉི་ཟླའི་སྣང་བ་ཆེན་པོ་ཡིས། །ཐུབ་བསྟན་ཡོངས་འདུའི་དགའ་ཚལ་རྒྱས་མཛད་གསོལ། །འཆི་མེད་ལྷ་མཆོག་གསུམ་དང་འཇིགས་མཛད་རྒྱལ། །མྱུར་མཛད་མགོན་པོ་ཆོས་རྒྱལ་རེ་ཏི་སོགས། །བླ་མ་ཡི་དམ་སྲུངས་མའི་མཐུ་བྱིན་གྱིས། །བར་ཆད་བདུད་སྡེའི་གཡུལ་ལས་རྒྱལ་གྱུར་ཅིག །དེ་ལྟར་གསོལ་འདེབས་ཏམྦུ་ར་ཡི་སྒྲས། །ཆོས་རྗེ་ལྷ་ཡི་རྒྱལ་པོའི་ཐུགས་དམ་བསྐུལ། །ཐུགས་རྗེའི་རླུང་ཤུགས་མྱུར་དུ་གཡོ་བ་དང་། །བཀྲ་ཤིས་དགའ་བ་བརྒྱ་ལྡན་མྱུར་འཆར་ཤོག །ཅེས་བསྟན་འགྲོར་ཕན་བདེའི་རྩ་ལག་རྗེ་བཙུན་བླ་མ་དེ་ཉིད་ཆོས་དབྱིངས་ཞི་བ་ཆེན་པོར་ཐུགས་གཞོལ་སྐབས་དགེ་སྟག་བླ་བྲང་ཤུལ་བཞུགས་རྣམས་དང་། བེ་རི་དབོན་མོ་ལྷ་དགའ། ཞི་ཚེ་རྒྱ་དཔོན། སྐུ་མཆེད་ཡ་མ་ཆོས་བཟང་། ལུ་མདའ་འཕེལ་རྒྱས། བེར་དགོན་གྲྭ་བསམ་བསྟན། དཔའ་ཀེ་བཀྲ་ཤིས་རྣམས་ནས་ལྷ་རེག་དང་། རིན་ཆེན་གཉིས་པའི་མཎྜལ་རྟེན་བཅས་གསུང་བསྐུལ་ངོར་མཁྱེན་བརྩེའི་དབང་པོའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་ཁྲུམས་སྟོད་ཟླ་བའི་ཚེས་༡༥བཟང་པོར་གསོལ་བ་བཏབ་བཞིན་བྲིས་པ་འདིས་ཀྱང་མཆོག་གི་སྤྲུལ་སྐུའི་ཟླ་ཞལ་མྱུར་དུ་འཆར་ཞིང་བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་བརླབས་ཏུ་གསོལ། སརྦ་དཱ་མངྒ་ལཾ།། །།
[edit]

dge stag skyabs mgon rin po che'i sprul sku myur 'byon gsol 'debs 'dod don myur 'grub ces bya ba bzhugs so/____/oM swasti/__bkra shis mtshan gyi me tog 'jo sgeg gi/__srid pa gsum gyi dge mtshan rgyas pa'i gnyen/____/mtshungs med 'gro ba'i bla ma thams cad mkhyen/____/blo~X bza~Xng rgyal ba gnyis pas dge legs stsol/____/'jam dbyangs bla ma'i bstana~X 'dzi~Xn dge ba'i bshes/____/byang chub sems dpa' graga~Xs pa~X mtha~X' yasa~X pa/____/rtsod pa'i dus kyi 'gro ba 'dul mdzad cing /____/thugs rje'i bdag nyid chen por gsol ba 'debs/____/srid zhi'i phan bde'i 'byung gnas rin po che/____/rje btsun bla ma chos dbyings chen po ru/____/snyoms par zhugs kyang gdul bya rgya mtsho'i mgon/____/ngo mtshar sprul pa'i gzugs skur bzhengs su gsol/____/tshul khrims gser gyi sa gzhir rten bcas shing /____/ting 'dzin ri dbang lhun po mngon par brjid/____/shes rab nyi zla'i snang ba chen po yis/____/thub bstan yongs 'du'i dga' tshal rgyas mdzad gsol/____/'chi med lha mchog gsum dang 'jigs mdzad rgyal/____/myur mdzad mgon po chos rgyal re ti sogs/____/bla ma yi dam srungs ma'i mthu byin gyis/____/bar chad bdud sde'i g.yul las rgyal gyur cig__/de ltar gsol 'debs tam+bu ra yi sgras/____/chos rje lha yi rgyal po'i thugs dam bskul/____/thugs rje'i rlung shugs myur du g.yo ba dang /____/bkra shis dga' ba brgya ldan myur 'char shog__/ces bstan 'gror phan bde'i rtsa lag rje btsun bla ma de nyid chos dbyings zhi ba chen por thugs gzhol skabs dge stag bla brang shul bzhugs rnams dang /__be ri dbon mo lha dga'/__zhi tshe rgya dpon/__sku mched ya ma chos bzang /__lu mda' 'phel rgyas/__ber dgon grwa bsam bstan/__dpa' ke bkra shis rnams nas lha reg dang /__rin chen gnyis pa'i maN+Dal rten bcas gsung bskul ngor mkhyen brtse'i dbang po'i sprul ming 'dzin pa 'jam dbyangs chos kyi blo gros ris med bstan pa'i rgyal mtshan du 'bod pas khrums stod zla ba'i tshes 15bzang por gsol ba btab bzhin bris pa 'dis kyang mchog gi sprul sku'i zla zhal myur du 'char zhing bstan 'gro'i don chen 'grub par byin gyis brlabs tu gsol/__sarba dA mang+ga laM//____//__

Footnotes

Other Information