ཨོཾ་སྭསྟི། འཛམ་གླིང་ཆོས་ཀྱི་སོགས་གླང་ནག་དགེ་འཕེལ་སྤྲུལ་སྐུའི་ཞབས་བསྟན།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-141
Wylie title oM swasti/ 'dzam gling chos kyi sogs glang nag dge 'phel sprul sku'i zhabs bstan JKCL-KABUM-03-GA-141.pdf
Location chos kyi blo gros bka' 'bum
Volume 3, Text 141, Pages 487 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. oM swasti 'dzam gling chos kyi sogs glang nag dge 'phel sprul sku'i zhabs bstan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 487. Bir, H.P.: Khyentse Labrang, 2012.
Genre Prayers for Long Life - zhabs brtan gsol 'debs - brtan bzhugs
Colophon

།ཅེས་ཧོར་གླང་ནག་དགེ་འཕེལ་མཆོག་སྤྲུལ་རིན་པོ་ཆེའི་སྐྱེ་སྲིད་ལ་ཀུན་དགའ་འཇམ་དབྱངས་སྙན་གྲགས་བསྟན་པའི་རྒྱལ་མཚན་ཞེས་པའི་མཚན་འབུལ་དང་འབྲེལ་བའི་སྨོན་ཚིག་འདིའང་མཁྱེན་བརྩེའི་དབང་པོའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཤིང་ལུག་སྤྲེལ་ཟླའི་ཚེས་༧ལ་རྫོངས་གསར་བཀྲ་ཤིས་ལྷ་རྩེའི་གཟིམ་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས། བཀྲ་ཤིས་པའི་ལྷ་རེག །སྐུ་གསུང་ཐུགས་རྟེན། བཟང་གོས་རྒྱས་པའི་མདངས་ལྡན་ཁ། ཏང་སྐུད་གཟན་སྒྲོགས། ཧུ་ཛུས་ངུར་ཁ་རིན་གཉིས་འཁོར་ལོ་འཕགས་ལམ་གྲངས་ལྡན་བཅས་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

/ces hor glang nag dge 'phel mchog sprul rin po che'i skye srid la kun dga' 'jam dbyangs snyan grags bstan pa'i rgyal mtshan zhes pa'i mtshan 'bul dang 'brel ba'i smon tshig 'di'ang mkhyen brtse'i dbang po'i sprul ming 'dzin pa 'jam dbyangs chos kyi blo gros pas shing lug sprel zla'i tshes 7la rdzongs gsar bkra shis lha rtse'i gzim khang bkra shis 'chi med grub pa'i dga' tshal nas/__bkra shis pa'i lha reg__/sku gsung thugs rten/__bzang gos rgyas pa'i mdangs ldan kha/__tang skud gzan sgrogs/__hu dzus ngur kha rin gnyis 'khor lo 'phags lam grangs ldan bcas phul ba dge zhing bkra shis par gyur cig__/

1 Texts in this Section (sde tshan or chos tshan)

[edit]
ཨོཾ་སྭསྟི། འཛམ་གླིང་ཆོས་ཀྱི་སྣང་བའི་ཤིང་རྟ་ཆེ། །ཡོངས་རྫོགས་བསྟན་པའི་མངའ་བདག་ས་སྐྱ་པ། །ཡབ་སྲས་བརྒྱུད་པར་བཅས་པའི་བདེན་པའི་མཐུས། །རྣམ་དག་སྨོན་པའི་གནས་འདི་མྱུར་འགྲུབ་མཛོད། །ཀུན་དགའི་མཚན་གྱི་རིང་ལུགས་ཉིན་མོར་བྱེད། །འཇམ་དབྱངས་བླ་མས་བློ་གྲོས་རྒྱས་པར་མཛད། །མཁས་བཙུན་བཟང་པོའི་སྙན་གྲགས་རབ་ཏུ་འབར། །བསྟན་པའི་རྒྱལ་མཚན་སྒྲེངས་ཕྱིར་ཞབས་བརྟན་གསོལ། །ཕྱི་ནང་བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ། །ཚེ་དང་ཡེ་ཤེས་བསོད་ནམས་རབ་འཕེལ་ཞིང་། །ལུང་རྟོགས་ཡོན་ཏན་རྒྱ་མཚོར་རང་དབང་འབྱོར། །དོན་གཉིས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་ཧོར་གླང་ནག་དགེ་འཕེལ་མཆོག་སྤྲུལ་རིན་པོ་ཆེའི་སྐྱེ་སྲིད་ལ་ཀུན་དགའ་འཇམ་དབྱངས་སྙན་གྲགས་བསྟན་པའི་རྒྱལ་མཚན་ཞེས་པའི་མཚན་འབུལ་དང་འབྲེལ་བའི་སྨོན་ཚིག་འདིའང་མཁྱེན་བརྩེའི་དབང་པོའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཤིང་ལུག་སྤྲེལ་ཟླའི་ཚེས་༧ལ་རྫོངས་གསར་བཀྲ་ཤིས་ལྷ་རྩེའི་གཟིམ་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས། བཀྲ་ཤིས་པའི་ལྷ་རེག །སྐུ་གསུང་ཐུགས་རྟེན། བཟང་གོས་རྒྱས་པའི་མདངས་ལྡན་ཁ། ཏང་སྐུད་གཟན་སྒྲོགས། ཧུ་ཛུས་ངུར་ཁ་རིན་གཉིས་འཁོར་ལོ་འཕགས་ལམ་གྲངས་ལྡན་བཅས་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། །།
[edit]

oM swasti/__'dzam gling chos kyi snang ba'i shing rta che/____/yongs rdzogs bstan pa'i mnga' bdag sa skya pa/____/yab sras brgyud par bcas pa'i bden pa'i mthus/____/rnam dag smon pa'i gnas 'di myur 'grub mdzod/____/kun dga'i mtshan gyi ring lugs nyin mor byed/____/'jam dbyangs bla mas blo gros rgyas par mdzad/____/mkhas btsun bzang po'i snyan grags rab tu 'bar/____/bstan pa'i rgyal mtshan sgrengs phyir zhabs brtan gsol/____/phyi nang bar chad bdud bzhi'i g.yul las rgyal/____/tshe dang ye shes bsod nams rab 'phel zhing /____/lung rtogs yon tan rgya mtshor rang dbang 'byor/____/don gnyis phun sum tshogs pa'i bkra shis shog__/ces hor glang nag dge 'phel mchog sprul rin po che'i skye srid la kun dga' 'jam dbyangs snyan grags bstan pa'i rgyal mtshan zhes pa'i mtshan 'bul dang 'brel ba'i smon tshig 'di'ang mkhyen brtse'i dbang po'i sprul ming 'dzin pa 'jam dbyangs chos kyi blo gros pas shing lug sprel zla'i tshes 7la rdzongs gsar bkra shis lha rtse'i gzim khang bkra shis 'chi med grub pa'i dga' tshal nas/__bkra shis pa'i lha reg__/sku gsung thugs rten/__bzang gos rgyas pa'i mdangs ldan kha/__tang skud gzan sgrogs/__hu dzus ngur kha rin gnyis 'khor lo 'phags lam grangs ldan bcas phul ba dge zhing bkra shis par gyur cig__/__//_

Footnotes

Other Information