མི་ཉག་ལྷ་སྒང་དགོན་པའི་བླ་མ་བཀྲ་ཤིས་ཀྱི་ཞབས་བརྟན།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-139
Wylie title mi nyag lha sgang dgon pa'i bla ma bkra shis kyi zhabs brtan JKCL-KABUM-03-GA-139.pdf
Location chos kyi blo gros bka' 'bum
Volume 3, Text 139, Pages 483 (Folios 1a1 to 1a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. mi nyag lha sgang dgon pa'i bla ma bkra shis kyi zhabs brtan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: . Bir, H.P.: Khyentse Labrang, 2012.
Genre Prayers for Long Life - zhabs brtan gsol 'debs - brtan bzhugs
Colophon

།ཅེས་པའང་མཁྱེན་བརྩེའི་དབང་པོའི་སྤྲུལ་མིང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨོན་ཚིག་ཏུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།།

/ces pa'ang mkhyen brtse'i dbang po'i sprul ming 'jam dbyangs chos kyi blo gros pas smon tshig tu bris pa dge legs su gyur cig__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
མི་ཉག་ལྷ་སྒང་དགོན་པའི་བླ་མ་བཀྲ་ཤིས་ཀྱི་ཞབས་བརྟན། ཨོཾ་སྭསྟི། ཕྱོགས་བཅུ་དུས་བཞིའི་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོངས་ཚོགས། །གསོལ་འདེབས་བུ་ལ་བརྩེ་བས་རྗེས་དགོངས་ནས། །བདེན་ཚིག་སྨོན་ལམ་འགྲུབ་པའི་དཔང་པོ་མཛོད། །ཡེ༵་ཤེས༵་ཆེན་པོས་ཡོངས་སུ་གང་བའི་སྐུ། །བདེན་པ་གཉིས་ཀྱི་ཆོས་སྟོན་གསུང་གི་དབྱངས། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཐུགས་མངའ་བ། །དཔལ་ལྡན་བླ་མ་ཞབས་པད་བརྟན་བཞུགས་གསོལ། །བློ་གྲོས་རྒྱ༵་མཚོ༵་ལྟར་ཟབ་ཡོན་ཏན་མཛོད། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཅན། །བ༵ཀྲ་ཤིས༵་བཟང་པོ་དགེ་ལེགས་ལྷུན་གྱིས་གྲུབ། །ཕྱོགས་ལས་རྣམ༵་པར་རྒྱལ༵་བར་ཞབས་བརྟན་གསོལ། །དེ་ལྟར་གསོལ་བར་བཏབ་པའི་བདེན་པའི་མཐུས། །དཔལ་ལྡན་བླ་མའི་སྐུ་ཚེའི་འཕྲང་སྒྲོལ་ནས། །བསྟན་དང་འགྲོ་བ་མཐའ་དག་སྐྱོབས་པའི་ཕྱིར། །ཞབས་པད་རྡོ་རྗེའི་ཁྲི་ལ་རྟག་བརྟན་ཤོག །ཅེས་པའང་མཁྱེན་བརྩེའི་དབང་པོའི་སྤྲུལ་མིང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨོན་ཚིག་ཏུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།

Footnotes

Other Information