ལྷ་སྲས་དམ་འཛིན་རྣམ་པར་འཕྲུལ། །དགེ་རྩེ་བླ་མ་རིན་པོ་ཆེ།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-123
Wylie title lha sras dam 'dzin rnam par 'phrul/ /dge rtse bla ma rin po che/ JKCL-KABUM-03-GA-123.pdf
Location chos kyi blo gros bka' 'bum
Volume 3, Text 123, Pages 445 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. lha sras dam 'dzin rnam par 'phrul dge rtse bla ma rin po che. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 445. Bir, H.P.: Khyentse Labrang, 2012.
Genre Prayers for Long Life - zhabs brtan gsol 'debs - brtan bzhugs

1 Texts in this Section (sde tshan or chos tshan)

[edit]
ལྷ་སྲས་དམ་འཛིན་རྣམ་པར་འཕྲུལ། །དགེ་རྩེ་བླ་མ་རིན་པོ་ཆེ། །བསོད་ནམས་བསྟན་འཛིན་ཞེས་བྱ་བ། །དང་པོར་དཔལ་ཡུལ་ཆོས་སྒོར་ཞུགས། །ཕྱག་རྒྱ་ཆེན་པོའི་ཁྲིད་ནོས་ཤིང་། །བར་དུ་ཞེ་རྫོགས་བླ་མ་བསྟེན། །གངས་ཁྲོད་སོ་གསལ་སྒྲུབ་པ་བྱས། །ཙཱ་རི་ཏྲ་ལ་སོགས་པ་ཡི། །རྡོ་རྗེའི་གནས་ཆེན་བསྒྲོད་བྱས་ནས། །ཐ་མར་ཀུན་མཁྱེན་ཞབས་བསྙེན་སྟེ། །སྙིང་ཐིག་ཆོས་ཀྱི་བདག་པོར་གྱུར། །བོད་ཆེན་ལྗོངས་ཀྱི་སྐྱེ་འགྲོ་རྣམས། །བྱང་ཆུབ་སེམས་ཀྱིས་འདུལ་བ་དང་། །ཕྲིན་ལས་བསམ་མི་ཁྱབ་པ་ཡི། །མཁས་དང་གྲུབ་པའི་རྣམ་ཐར་ནི། །ངོ་མཚར་ཅན་གྱི་སྐྱེས་བུ་བསྐྲུན། །རྩ་བ་གསུམ་གྱིས་བྱིན་གྱིས་བརླབས། །ཐུགས་གཏེར་བདེ་ཆེན་ལམ་མཆོག་གསལ། །གཞན་ཕན་རྨད་དུ་བྱུང་བ་ཡི། །བྱང་ཆུབ་རྡོ་རྗེར་གསོལ་བ་འདེབས། །རྟག་ཏུ་བདག་ལ་བྱིན་གྱིས་རློབས། །བློ་ངན་དམ་པའི་ཆོས་སུ་འགྲོ། །འཁྲུལ་པའི་སྣང་བ་རྒྱུན་ཆད་ནས། །རིག་པའི་ཡེ་ཤེས་སྒྲོན་མེ་ནི། །མྱུར་དུ་སྦར་བར་མཛད་ནས་ཀྱང་། །སྒྲིབ་པའི་བུད་ཤིང་བསྲེག་ཏུ་གསོལ། །ཡེ་ཤེས་སྣང་བ་ལམ་མེ་བ། །མཐའ་ཡས་ཀུན་ཏུ་ཁྱབ་པ་དང་། །སྐུ་གསུམ་གོ་འཕང་ཐོབ་ནས་ཀྱང་། །སྲིད་པ་དོང་ནས་སྤྲུག་པར་ཤོག །

Footnotes

Other Information