JKCL-KABUM-03-GA-122

From Khyentse Lineage - A Tsadra Foundation Project

ཨོཾ་སྭསྟི། བསྐལ་པ་བཟང་པོའི་རྣམ་འདྲེན་དྲུག་པ་དང༌། རིག་པའི་རྡོ་རྗེའི་ཞབས་བརྟན།
Wylie title oM swasti/ bskal pa bzang po'i rnam 'dren drug pa dang/ rig pa'i rdo rje'i zhabs brtan JKCL-KABUM-03-GA-122.pdf
Location chos kyi blo gros bka' 'bum
Volume 3, Text 122, Pages 443-444 (Folios 1a1 to 1b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. oM swasti bskal pa bzang po'i rnam 'dren drug pa dang rig pa'i rdo rje'i zhabs brtan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 443-444. Bir, H.P.: Khyentse Labrang, 2012.
Genre Prayers for Long Life - zhabs brtan gsol 'debs - brtan bzhugs
Colophon

།ཅེས་པ་འདི་ནི་མཛོད་པ་དམ་ཆོས་ཡོངས་འདུ་ནས་རྟེན་བཅས་བསྐུལ་ངོར་ས་སྐྱ་ཁྲི་འཛིན་ངག་དབང་ཀུན་དགས་རྩེ་གཅིག་ཏུ་སྨོན་པ་དགེ།

/ces pa 'di ni mdzod pa dam chos yongs 'du nas rten bcas bskul ngor sa skya khri 'dzin ngag dbang kun dgas rtse gcig tu smon pa dge/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ཨོཾ་སྭསྟི། བསྐལ་པ་བཟང་པོའི་རྣམ་འདྲེན་དྲུག་པ་དང་། །གྲུབ་ཆེན་ས་ར་ཧ་ཡི་སྤྲུལ་པའི་སྐུ། །དུས་གསུམ་མཁྱེན་པའི་སྐྱེ་ཕྲེང་བཅུ་དྲུག་པ། །རིག་པའི་རྡོ་རྗེའི་ཞབས་པད་བརྟན་གྱུར་ཅིག །མཁྱེན་པས་ཆོས་ཀྱི་དེ་ཉིད་ཇི་བཞིན་གཟིགས། །བརྩེ་བས་འགྲོ་བ་ཀུན་གྱི་སྐྱབས་མཛད་ཅིང་། །ནུས་པས་བདུད་ལས་རྒྱལ་བའི་ཀརྨ་པ། །རིག་པའི་རྡོ་རྗེའི་ཞབས་པད་བརྟན་གྱུར་ཅིག །ཚོགས་གཉིས་དཀྱིལ་འཁོར་རྒྱས་པ་ལས་བྱུང་བའི། །ཕྲིན་ལས་འོད་ཀྱིས་རྒྱལ་བསྟན་ཀུནྡའི་ཚལ། །སྤེལ་མཛད་དམ་ཆོས་སྨྲ་བའི་ཟླ་བ་མཆོག །རིག་པའི་རྡོ་རྗེའི་ཞབས་པད་བརྟན་གྱུར་ཅིག །རྣམ་མང་ཁྲིམས་ལྡན་འབུམ་གྱི་མཁན་པོ་སྟེ། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་བྱེ་བའི་ཡབ། །བསྒྲང་ཡས་རིག་པ་འཛིན་པའི་སློབ་དཔོན་ཆེ། །རིག་པའི་རྡོ་རྗེའི་ཞབས་པད་བརྟན་གྱུར་ཅིག །བསྟན་པའི་རྒྱལ་མཚན་འཛམ་བུའི་གླིང་དུ་བཙུགས། །གྲགས་པའི་བ་དན་ཕྱོགས་རྣམས་ཀུན་ཏུ་གཡོ། །རྒྱལ་བའི་ཕྲིན་ལས་མངའ་བ་ཀརྨ་པ། །རིག་པའི་རྡོ་རྗེའི་ཞབས་པད་བརྟན་གྱུར་ཅིག །ཐུབ་པའི་དབང་པོའི་བསྟན་པ་སྤེལ་བ་དང་། །སྙིགས་དུས་འགྲོ་བ་རྣམས་ཀྱི་མགོན་ཉིད་དུ། །འཇིག་རྟེན་དབང་ཕྱུག་རྣམ་འཕྲུལ་ཀརྨ་པ། །རིག་པའི་རྡོ་རྗེའི་ཞབས་པད་བརྟན་གྱུར་ཅིག །བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཁྱད་པར་འཆི་བ་མེད་པའི་མཆོག་སྦྱིན་པའི། །ཚེ་ཡི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་པའི་དོན་འདི་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་མཛོད་པ་དམ་ཆོས་ཡོངས་འདུ་ནས་རྟེན་བཅས་བསྐུལ་ངོར་ས་སྐྱ་ཁྲི་འཛིན་ངག་དབང་ཀུན་དགས་རྩེ་གཅིག་ཏུ་སྨོན་པ་དགེ། །།
[edit]

oM swasti/__bskal pa bzang po'i rnam 'dren drug pa dang /____/grub chen sa ra ha yi sprul pa'i sku/____/dus gsum mkhyen pa'i skye phreng bcu drug pa/____/rig pa'i rdo rje'i zhabs pad brtan gyur cig__/mkhyen pas chos kyi de nyid ji bzhin gzigs/____/brtse bas 'gro ba kun gyi skyabs mdzad cing /____/nus pas bdud las rgyal ba'i karma pa/____/rig pa'i rdo rje'i zhabs pad brtan gyur cig__/tshogs gnyis dkyil 'khor rgyas pa las byung ba'i/____/phrin las 'od kyis rgyal bstan kun+da'i tshal/____/spel mdzad dam chos smra ba'i zla ba mchog__/rig pa'i rdo rje'i zhabs pad brtan gyur cig__/rnam mang khrims ldan 'bum gyi mkhan po ste/____/rgyal sras byang chub sems dpa' bye ba'i yab/____/bsgrang yas rig pa 'dzin pa'i slob dpon che/____/rig pa'i rdo rje'i zhabs pad brtan gyur cig__/bstan pa'i rgyal mtshan 'dzam bu'i gling du btsugs/____/grags pa'i ba dan phyogs rnams kun tu g.yo/____/rgyal ba'i phrin las mnga' ba karma pa/____/rig pa'i rdo rje'i zhabs pad brtan gyur cig__/thub pa'i dbang po'i bstan pa spel ba dang /____/snyigs dus 'gro ba rnams kyi mgon nyid du/____/'jig rten dbang phyug rnam 'phrul karma pa/____/rig pa'i rdo rje'i zhabs pad brtan gyur cig__/bslu med dkon mchog gsum gyi bden pa dang /____/khyad par 'chi ba med pa'i mchog sbyin pa'i/____/tshe yi lha tshogs rnams kyi byin rlabs kyis/____/ji ltar smon pa'i don 'di 'grub gyur cig__/ces pa 'di ni mdzod pa dam chos yongs 'du nas rten bcas bskul ngor sa skya khri 'dzin ngag dbang kun dgas rtse gcig tu smon pa dge/____//_

Footnotes

Other Information