ལྕེ་བཙུན་སྙིང་ཐིག་གི་བརྒྱུད་འདེབས་ཁ་སྐོང་།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-106
Wylie title lce btsun snying thig gi brgyud 'debs kha skong JKCL-KABUM-03-GA-106.pdf
Location chos kyi blo gros bka' 'bum
Volume 3, Text 106, Pages 405 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. lce btsun snying thig gi brgyud 'debs kha skong. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 405. Bir, H.P.: Khyentse Labrang, 2012.
Genre Lineage Supplications - brgyud 'debs
Colophon
  • First colophon: ཞེས་པའང་ཆོས་ཀྱི་བློ་གྲོས་པས་སོ།།
  • Second colophon: །ཅེས་པའང་དྷརྨ་མ་ཏིས་སོ།།
  • First colophon: zhes pa'ang chos kyi blo gros pas so//
  • Second colophon: /ces pa'ang d+harma ma tis so//

1 Texts in this Section (sde tshan or chos tshan)

[edit]
ལྕེ་བཙུན་སྙིང་ཐིག་གི་བརྒྱུད་འདེབས་ཁ་སྐོང་ནི། བཻ་རོ་དངོས་སྣང་བསྟན་གཉིས་གཡུང་དྲུང་གླིང་། །གསོལ་བ༴ །སྣ་ཚོགས་རང་གྲོལ་པདྨ་བི་ཛ་དང་། །འཁོར་ལོའི་མགོན་པོ་ཆོས་ཀྱི་བློ་གྲོས་རྗེ། །རབ་འབྱམས་རྩ་གསུམ་རྒྱལ་བའི༴ །། །། ༈ མཆོད་པའི་སྐབས་སྨན་གྱི་བརྒྱུད་མཆོད་སྦྱར་བར་སྤྲོ་ན། བརྒྱུད་འདེབས་ཀྱི་ཚིག་རྐང་གསུམ་པའི་མཐར། སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། ཨོཾ་ཨཱ་ཧཱུྃ། ཞེས་བཏགས་ཏེ་ཕུལ་བའི་མཐར། ཡི་དམ་ཌཱ་ཀི་དམ་ཅན་གནས་གཏེར་སྐྱོངས། །སྣང་སྲིད་ཡེ་དག་རྒྱལ་བའི་དཀྱིལ་འཁོར་ཆེ། །མཁའ་མཉམ་ལྷུན་རྫོགས་འོད་གསལ་ཐིག་ལེ་ཆེར། །སྨན་མཆོད། ཐིག་ལེ་གནས་གསུམ་དུ་རེག་སྟེ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་བདུད་རྩི་མྱང་ཞིང་དངོས་གྲུབ་བླང་། ཞེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། །། ༈ སྨན་མཆོད་ཁ་སྐོང་ནི། མདོ་སྔགས་གླིང་། ཞེས་པའི་མཚམས་སུ། འཇམ་མགོན་པདྨ་གར་གྱི་དབང་། །རིག་འཛིན་སྣ་ཚོགས་རང་གྲོལ་ལ། །སྨན་མཆོད་འབུལ་ལོ༴ །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི། འཆི་མེད་སྣང་མཛད་རྡོ་རྗེ་སོགས། རྩ་བརྒྱུད་རིག་འཛིན་སོགས། །ཅེས་པའང་དྷརྨ་མ་ཏིས་སོ།། །།

Footnotes

Other Information