ཀློང་ཆེན་སྙིང་ཐིག་གི་བརྒྱུད་འདེབས་ཁ་སྐོང་།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-104
Wylie title klong chen snying thig gi brgyud 'debs kha skong JKCL-KABUM-03-GA-104.pdf
Location chos kyi blo gros bka' 'bum
Volume 3, Text 104, Pages 401-402 (Folios 1a1 to 1b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. klong chen snying thig gi brgyud 'debs kha skong. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 401-402. Bir, H.P.: Khyentse Labrang, 2012.
Genre Lineage Supplications - brgyud 'debs
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/supplement-to-longchen-nyingtik-lineage-prayer
Colophon

།ཕྱག་བྲིས་ལས་བཤུས།།

/phyag bris las bshus//

1 Texts in this Section (sde tshan or chos tshan)

[edit]
ཀློང་ཆེན་སྙིང་ཐིག་གི་བརྒྱུད་འདེབས་ཁ་སྐོང་ནི། གྲུབ་བརྙེས་འཇིགས་མེད་རྒྱལ་བའི་མྱུ་གུའི་ཞབས། །སྤྲུལ་པའི་སྐུ་མཆོག་མི་འགྱུར་ནམ་མཁའི་མཚན། །གསོལ་བ་འདེབས་སོ་གནས་ལུགས་རང་ཞལ་སྟོན། །ཧེ་རུ་ཀ་དཔལ་ཡེ་ཤེས་རྡོ་རྗེ་དང་། །རྒྱལ་བའི་སྲས་པོ་གཞན་ཕན་ཕ་མཐའ་ཡས། །མཁན་ཆེན་བླ་མ་པདྨ་བཛྲ་ལ། །གསོལ་བ་འདེབས་སོ་མཁྱེན་གཉིས་རྒྱས་པར་མཛོད། །མཚོ་སྐྱེས་བླ་མ་མཁྱེན་བརྩེའི་དབང་པོའི་ཞབས། །ཀུན་མཁྱེན་འཇིགས་མེད་བསྟན་པའི་ཉི་མ་རྗེ། །རིག་འཛིན་ཆེན་པོ་སྣ་ཚོགས་རང་གྲོལ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྲིད་ལས་སོགས། བརྒྱུད་པ་འདི་ནི་འཇིགས་མེད་རྒྱལ་བའི་མྱུ་གུ། རྫོགས་ཆེན་བཞི་པ། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས་བཞི་ཀ་ལས་མཁན་ཆེན་པད་རྡོར་གྱིས་གསན། པད་རྡོར་ལས་མཁྱེན་བརྩེ་རིན་པོ་ཆེས་ཀློང་སྙིང་ཡོངས་རྫོགས་གསན། རྟོགས་པ་དོན་བརྒྱུད་ནི། ཁྲ་མ་འཇིགས་མེད་རྒྱལ་བའི་མྱུ་གུ། མཁྱེན་བརྩེ་རིན་པོ་ཆེ་ཞེས་འདྲེན་དགོས། དེ་ལྟན་ན། གྲུབ་བརྙེས་འཇིགས་མེད་རྒྱལ་བའི་མྱུ་གུའི་ཞབས། །རྡོ་རྗེ་འཆང་ཆེན་འཇམ་དབྱངས་མཁྱེན་རྩེ་ལ། །གསོལ་བ་འདེབས་སོ་དགོངས་བརྒྱུད་བྱིན་རླབས་རྩོལ། །ཀུན་མཁྱེན་འཇིགས་མེད་བསྟན་པའི་ཉི་མ་དང་། །རིག་འཛིན་ཆེན་པོ་སྣ་ཚོགས་རང་གྲོལ་ཞབས། །གདོད་མའི་མགོན་པོ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་གནས་ལུགས་རང་ཞལ་སྟོན། །ཞེས་འདོན་ན་ལེགས། སྐྱབས་ཡུལ་སོགས་ཐོ་བརྩེགས་སྐབས་ཀྱང་འདི་བཞིན་བསྒོམ་ན་འཇུག་པ་བདེའོ། །ཕྱག་བྲིས་ལས་བཤུས།། །།

Footnotes

Other Information