དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་བརྒྱུད་བའི་གསོལ་འདེབས་དམ་སྲི་མཐར་བྱེད།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-102
Wylie title dpal chen rdo rje gro lod kyi brgyud ba'i gsol 'debs dam sri mthar byed JKCL-KABUM-03-GA-102.pdf
Location chos kyi blo gros bka' 'bum
Volume 3, Text 102, Pages 397-398 (Folios 1a1 to 1b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal chen rdo rje gro lod kyi brgyud ba'i gsol 'debs dam sri mthar byed. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 397-398. Bir, H.P.: Khyentse Labrang, 2012.
Genre Lineage Supplications - brgyud 'debs
Deity gu ru rdo rje gro lod

1 Texts in this Section (sde tshan or chos tshan)

[edit]
དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་བརྒྱུད་བའི་གསོལ་འདེབས་དམ་སྲི་མཐར་བྱེད་ཅེས་བྱ་བ་བཞུགས་སོ། །གཞི་དབྱིངས་སྤྲོས་དང་བྲལ་བའི་ཀློང་ཆེན་པོར། །ཆོས་སྐུ་མི་འགྱུར་འོད་སྣང་མཐའ་ཡས་ལ། །རིག་སྟོང་འཛིན་བྲལ་ངང་ནས་གསོལ་བ་འདེབས། །ཀ་དག་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ངེས་པ་ལྔ་ལྡན་འོག་མིན་ཆེན་པོའི་ཞིང་། །ལོངས་སྐུ་ཐུགས་རྗེ་ཆེན་པོ་གངས་ཆེན་མཚོར། །གསལ་སྟོང་ཟུང་འཇུག་ངང་ནས་གསོལ༴ །ལྷུན་གྲུབ་རྩལ་ཆེན་རྫོགས་པར་བྱིན༴ །གང་འདུལ་འགྲོ་བ་འདུལ་བའི་ཞིང་ཁམས་ནས། །རིག་རྩལ་སྤྲུལ་སྐུ་དཔལ་ཆེན་གྲོ་ལོད་ལ། །རོལ་རྩལ་འགགས་མེད༴ །འགྲོ་དོན་ཕྱོགས་མེད་འབྱུང་བར༴ །བསམ་ཡས་དབུ་རྩེ་རིགས་གསུམ་ཕོ་བྲང་ནས། །ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་ལ། །རང་སྣང་དག་པའི༴ །མཁྱེན་གཉིས་རྩལ་ཆེན་རྫོགས་པར༴ །གཞོ་སྟོད་ཏི་སྒྲོའི་ཚོགས་ཁང་ཆེན་མོ་ན། །ཌཱ་ཀིའི་གཙོ་མོ་བདེ་ཆེན་མཚོ་རྒྱལ་ལ། །བདེ་ཆེན་དགའ་བཞིའི་ཆོས་ཉིད་ཟད་སར་གྲོལ་བར༴ །གར་བཞུགས་བདེ་ཆེན་དག་པའི་ཞིང་ཁམས་སུ། །ཡེ་ཤེས་སྤྱན་ལྡན་བཻ་རོ་ཙཱ་ན་ལ། །ཡིད་ཆེས་དད་པའི༴ །དགོངས་པ་མཁའ་དང་མཉམ་པར༴ །ཕྱོགས་མེད་རྒྱལ་ཁམས་ཡངས་པའི་སྨན་ལྗོངས་ན། །པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། །མོས་གུས་གདུང་ཤུགས་དྲག་པོས་གསོལ༴ །ལུང་རྟོགས་ཡོན་ཏན་རྒྱས་པར༴ །དེ་ཝི་ཀོ་ཊའི་དཔལ་ཆེན་གཞལ་མེད་ཁང་། །འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ། །འབྲལ་མེད་སྙིང་གི་དཀྱིལ་ནས༴ །གསང་གསུམ་དངོས་གྲུབ་ཐོབ་པར༴ །བྱང་ཕྱོགས་ཀྃ་ལ་ཤ་ཡི་ཕོ་བྲང་ཆེར། །མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ལ། །བཀའ་དྲིན་དྲན་པའི་ངང་ནས༴ །སྤོབས་པའི་གཏེར་མཛོད་གྲོལ་བར༴ །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ན། །ཀུན་མཁྱེན་བླ་མ་པདྨ་བི་ཛ་ལ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས།། །།

Footnotes

Other Information