གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-086
Wylie title gsung ngag rin po che lam 'bras bu dang bcas pa'i bla ma brgyud pa la gsol ba 'debs pa JKCL-KABUM-03-GA-086.pdf
Location chos kyi blo gros bka' 'bum
Volume 3, Text 86, Pages 333-338 (Folios 1a1 to 3b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gsung ngag rin po che lam 'bras bu dang bcas pa'i bla ma brgyud pa la gsol ba 'debs pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 333-338. Bir, H.P.: Khyentse Labrang, 2012.
Genre Lineage Supplications - brgyud 'debs
Cycle གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ (gsung ngag rin po che lam 'bras bu dang bcas pa)
Colophon

ཞེས་པ་འདིའང་ཞང་དཀོན་མཆོག་དཔལ་བ་ཡན་གྲུབ་ཆེན་བྲག་ཕུག་པ་ལ་ཐོ་རང་ས་ཁ་ཞིག་ན་བཟའ་བྲག་ཕུག་ཏུ་གསུང་ངག་བླ་མ་བརྒྱུད་པས་མདུན་གྱི་ནམ་མཁའ་ནས་ཞལ་གཟིགས་དུས་ཉམས་འུར་གྱི་ངང་ནས་མཛད་པ། བྲག་ཕུག་པའི་ཚོགས་གྲལ་དུ་རྒྱུན་པར་མཛད། །དེ་མིན་བླ་མ་སོ་སོའི་ཁ་སྐོང་དུ་མཛད་པ་འདི་གཞན་ལས་ཡིད་ཁུལ་སྟོབས་ཆེ་བ་ཡིན་གསུངས་ནས། ༧བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་ཐུགས་གཙིགས་ཆེ་བ་ཡིན་འདུག་པས་ཉམས་རྟོགས་འདོད་པའི་ལམ་འབྲས་པ་རྣམས་ཀྱིས་ཁ་ཏོན་བྱའོ། །ཆོས་སྐད་ཁ་བཤད་ཁོ་ན་དོན་དུ་གཉེར་བ་རྣམས་ལ་མཁོ་རིགས་མི་འདུག་གོ། ཆོས་འཕེལ་ཞིང་ལམ་གྱི་འབྲས་བུ་ཐོབ་པའི་བཀྲ་ཤིས་ཤོག །

zhes pa 'di'ang zhang dkon mchog dpal ba yan grub chen brag phug pa la tho rang sa kha zhig na bza' brag phug tu gsung ngag bla ma brgyud pas mdun gyi nam mkha' nas zhal gzigs dus nyams 'ur gyi ngang nas mdzad pa/__brag phug pa'i tshogs gral du rgyun par mdzad/____/de min bla ma so so'i kha skong du mdzad pa 'di gzhan las yid khul stobs che ba yin gsungs nas/__7bdag chen rdo rje 'chang blo gros rgyal mtshan dpal bzang pos thugs gtsigs che ba yin 'dug pas nyams rtogs 'dod pa'i lam 'bras pa rnams kyis kha ton bya'o/____/chos skad kha bshad kho na don du gnyer ba rnams la mkho rigs mi 'dug go/__chos 'phel zhing lam gyi 'bras bu thob pa'i bkra shis shog__/

1 Texts in this Section (sde tshan or chos tshan)

[edit]
གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿགནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། །སངས་རྒྱས་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་ཟག་མེད་སྒྱུ་མའི་ཕོ་བྲང་དུ། །བདག་མེད་ལྷ་མོ་བཅོ་ལྔ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་སཽ་ཝ་ནཱ་ཐའི་གནས་མཆོག་ཏུ། །གྲུབ་ཆེན་རྣལ་འབྱོར་དབང་ཕྱུག་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རི་བོ་ཨུ་ཙཱ་ཡ་ནའི་དུར་ཁྲོད་དུ། །བརྟུལ་ཞུགས་ནག་པོ་སྤྱོད་པ་ལ༴ །གསོལ་བ་འདེབས་སོ༴ །རྒྱ་གར་ཀཱ་མ་རཱུ་པའི་གྲོང་ཁྱེར་དུ། །རྒྱལ་རིགས་ཌཱ་མ་རུ་པ་ལ༴ །གསོལ་བ་འདེབས་སོ༴ །ཤར་ཕྱོགས་མཁའ་འགྲོ་མཉེས་པའི་ལྗོངས་ལུང་དུ། །གཉིས་སྤངས་ཨ་ཝ་དྷུ་ཏཱི་ལ༴ །གསོལ་བ་འདེབས་སོ༴ །གནས་ཁ་རེག་ཐོད་ཕུའི་ཡང་དབེན་དུ། །པཎ་གྲུབ་ག་ཡ་དྷ་ར་ལ༴ །གསོལ་བ་འདེབས་སོ༴ །མང་མཁར་མུ་གུ་ལུང་གི་གནས་མཆོག་ཏུ། །སྒྲ་བསྒྱུར་འབྲོག་མི་ལོ་ཙཱ་ལ༴ །གསོལ་བ་འདེབས་སོ༴ །གནས་མཁར་ཆུང་ཆུ་ཁའི་གནས་མཆོག་ཏུ། །བླ་མ་སེ་སྟོན་ཀུན་རིག་ལ༴ །གསོལ་བ་འདེབས་སོ༴ །གནས་སག་ཐང་དིང་གི་དགོན་པ་རུ། །བླ་མ་ཞང་སྟོན་ཆོས་འབར་ལ༴ །གསོལ་བ་འདེབས་སོ༴ །གནས་སྐྱ་བོ་ཁ་གདངས་ཀྱི་གནས་མཆོག་ཏུ། །ས་ཆེན་ཀུན་དགའ་སྙིང་པོ་ལ༴ །གསོལ་བ་འདེབས་སོ༴ །གནས་ཆུ་མིག་རྫིང་ཁའི་གནས་མཆོག་ཏུ། །སློབ་དཔོན་བསོད་ནམས་རྩེ་མོ་ལ༴ །གསོལ་བ་འདེབས་སོ༴ །གནས་སྒོ་རུམ་བླ་མའི་གཟིམས་ཁང་དུ། །རྗེ་བཙུན་གྲགས་པ་རྒྱལ་མཚན་ལ༴ །གསོལ་བ་འདེབས་སོ༴ །གནས་བྱང་ཕྱོགས་སྤྲུལ་པའི་ལྷ་ཁང་དུ། །ཆོས་རྗེ་ས་སྐྱ་པཎ་ཆེན་ལ༴ །གསོལ་བ་འདེབས་སོ༴ །གནས་ལྷ་ཁང་བླ་བྲང་གནས་མཆོག་ཏུ། །འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ༴ །གསོལ་བ་འདེབས་སོ༴ །གནས་སྐྱེད་འཕྲང་བླ་མའི་གཟིམས་ཁང་དུ། །ཞང་སྟོན་དཀོན་མཆོག་དཔལ་བ་ལ༴ །གསོལ་བ་འདེབས་སོ༴ །གནས་སྐྱེར་ཕུ་རྫིང་ལུང་གི་གནས་མཆོག་ཏུ། །ཚོགས་སྒོམ་ཀུན་དགའ་དཔལ་བ་ལ༴ །གསོལ་བ་འདེབས་སོ༴ །གནས་ཉན་པོ་བླ་མའི་གཟིམས་ཁང་དུ། །ཉན་ཆེན་བསོད་ནམས་བརྟན་པ་ལ༴ །གསོལ་བ་འདེབས་སོ༴ །གནས་ན་བཟའ་བྲག་ཕུག་གི་དབེན་གནས་སུ། །གྲུབ་ཆེན་བྲག་ཕུག་པ་ཆེན་པོ་ལ༴ །གསོལ་བ་འདེབས་སོ༴ །གནས་བསམ་ཡས་བླ་བྲང་གི་གཟིམས་ཁང་དུ། །ཆོས་རྗེ་བླ་མ་དམ་པ་ལ༴ །གསོལ་བ་འདེབས་སོ༴ །གནས་བྱང་ཆུབ་རྫོང་གི་གནས་མཆོག་ཏུ། །ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་ལ༴ །གསོལ་བ་འདེབས་སོ༴ །གནས་ཞེ་དགོན་རྒྱལ་བའི་རི་ཁྲོད་དུ། །གྲུབ་ཆེན་བུདྡྷ་ཤྲཱི་ལ༴ །གསོལ་བ་འདེབས་སོ༴ །གནས་ཨེ་ཝྃ་ཆོས་ལྡན་གྱི་དགོན་པ་རུ། །ངོར་ཆེན་ཀུན་དགའ་བཟང་པོ་ལ༴ །གསོལ་བ་འདེབས་སོ༴ །མུས་བསམ་གཏན་གླིང་གི་དབེན་གནས་སུ། །མུས་ཆེན་དཀོན་མཆོག་རྒྱལ་མཚན་ལ༴ །གསོལ་བ་འདེབས་སོ༴ །གནས་དཔལ་ལྡན་ས་སྐྱའི་གཙུག་ལག་ཏུ། །བདག་ཆེན་རྡོ་རྗེ་འཆང་དབང་ལ༴ །གསོལ་བ་འདེབས་སོ༴ །གནས་ཁའུ་བྲག་རྫོང་གི་རི་ཁྲོད་དུ། །རྗེ་བཙུན་ཀུན་སྤངས་ཆེན་པོ་ལ༴ །གསོལ་བ་འདེབས་སོ༴ །གནས་བོ་དོང་ཕུན་ཚོགས་རབ་བརྟན་དུ། །སྒོ་རུམ་ཀུན་དགའ་ལེགས་པ་ལ༴ །གསོལ་བ་འདེབས་སོ༴ །གནས་གྲོང་ཆེན་ཁང་སེར་དབེན་གནས་སུ། །ཚར་ཆེན་བློ་གསལ་རྒྱ་མཚོ་ལ༴ །གསོལ་བ་འདེབས་སོ༴ །གནས་བོ་དོང་བླ་བྲང་དཀར་པོ་རུ། །འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ༴ །གསོལ་བ་འདེབས་སོ༴ །གནས་སློབ་བཤད་ནོར་བུའི་གླིང་མཆོག་ཏུ། །མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་ལ༴ །གསོལ་བ་འདེབས་སོ༴ །གནས་སྒྲུབ་སྡེ་རྗེ་ཡི་ཡང་དགོན་དུ། །རྗེ་བཙུན་སྡིང་མ་བ་ཆེན་པོ་ལ༴ །གསོལ་བ་འདེབས་སོ༴ །གནས་འདར་སྟོད་ཆོས་དབྱིངས་ཕོ་བྲང་དུ། །གྲུབ་མཆོག་དབང་ཕྱུག་རབ་བརྟན་ལ༴ །གསོལ་བ་འདེབས་སོ༴ །གནས་བཀྲ་ཤིས་ཆོས་སྡེའི་ཕོ་བྲང་དུ། །མགོན་པོ་བསོད་ནམས་མཆོག་ལྡན་ལ༴ །གསོལ་བ་འདེབས་སོ༴ །གནས་ཞྭ་ལུ་ཆོས་འཁོར་ཤར་ཆེན་དུ། །རིན་ཆེན་བསོད་ནམས་མཆོག་གྲུབ་ལ༴ །གསོལ་བ་འདེབས་སོ༴ །གནས་བཅོ་བརྒྱད་རྡོ་རྗེའི་ཕོ་བྲང་དུ། །མཁྱེན་རབ་ངག་གི་དབང་ཕྱུག་ལ༴ །གསོལ་བ་འདེབས་སོ༴ །གནས་སྨོན་དགའ་བསམ་གླིང་དབེན་གནས་སུ། །རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ལ༴ །གསོལ་བ་འདེབས་སོ༴ འདི་ཡན་ཞལ་སྐོང་བླ་མ་སྔ་མ་རྣམས་ཀྱིས་མཛད་པའོ། །གནས་བཀྲ་ཤིས་ཆོས་ཀྱི་སྡེ་ཆེན་པོར། །ཀུན་དགའ་ལེགས་པའི་འབྱུང་གནས་ལ༴ །གསོལ་བ་འདེབས་སོ༴ །གནས་དཔལ་ལྡན་ས་སྐྱའི་བླ་བྲང་དུ། །འཇམ་མགོན་ཀུན་དགའ་བློ་གྲོས་ལ༴ །གསོལ་བ་འདེབས་སོ༴ །གནས་ཨེ་ཝྃ་ཐར་རྩེའི་གཟིམས་སྐྱིལ་དུ། །མཁན་ཆེན་ནམ་མཁའ་འཆི་མེད་ལ༴ །གསོལ་བ་འདེབས་སོ༴ །གནས་ཁམས་དབུས་གྲུབ་པའི་སྨན་ལྗོངས་སུ། །བྱམས་པ་ཀུན་དགའ་བསྟན་འཛིན་ལ༴ །གསོལ་བ་འདེབས་སོ༴ ཤློ་ཀ་གཉིས་མཁྱེན་བརྩེའི་དབང་པོས་མཛད་པའོ། །གནས་འོག་མིན་ཨེ་ཝྃ་ཆོས་ལྡན་དུ། །ཀུན་དགའ་བསྟན་པའི་རྒྱལ་མཚན་ལ༴ །གསོལ་བ་འདེབས་སོ༴ འདི་མཁན་ཆེན་བསོད་ནམས་རྒྱལ་མཚན་གྱིས་མཛད་པའོ། །གནས་འཆི་མེད་གྲུབ་པའི་དགའ་ཚལ་དུ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ༴ །གསོལ་བ་འདེབས་སོ༴ །གནས་རྫོང་གསར་བཀྲ་ཤིས་ལྷ་རྩེ་རུ། །ཆོས་རྗེ་ཀུན་དགའ་འཇམ་དབྱངས་ལ༴ །གསོལ་བ་འདེབས་སོ༴ །གནས་གར་བཞུགས་བདེ་ཆེན་ཕོ་བྲང་དུ། །གྲུབ་དབང་ཀུན་དགའ་ཉི་མ་ལ༴ །གསོལ་བ་འདེབས་སོ༴ །གནས་ལྷུན་གྲུབ་ཡང་རྩེའི་དབེན་གནས་སུ། །འཇམ་དབྱངས་བློ་གཏེར་དབང་པོ་ལ༴ །གསོལ་བ་འདེབས་སོ༴ །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་སྙིང་ག་ཆོས་ཀྱི་ཕོ་བྲང་ན། །ཡི་དམ་དགྱེས་པ་རྡོ་རྗེ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་འཁོར་འདས་དབྱེར་མེད་ཀྱི་རང་བཞིན་དུ། །དམ་ཆོས་གསུང་ངག་ལམ་འབྲས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་རང་སྣང་དག་པའི་ཞིང་ཁམས་སུ། །མཆེད་གྲོགས་རྡོ་རྗེའི་སྤུན་ཚོགས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་སྒོ་རུམ་ཁའུའི་མགོན་ཁང་དུ། །ཆོས་སྐྱོང་གུར་ཞལ་རྣམ་གཉིས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ངག་ལ་སྐྱེ་འགག་བྲལ་བར་བྱིན་གྱིས་རློབས། །སེམས་ལ་བདེ་སྟོང་སྐྱེ་བར་བྱིན་གྱིས་རློབས། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། ཞེས་པ་འདིའང་ཞང་དཀོན་མཆོག་དཔལ་བ་ཡན་གྲུབ་ཆེན་བྲག་ཕུག་པ་ལ་ཐོ་རང་ས་ཁ་ཞིག་ན་བཟའ་བྲག་ཕུག་ཏུ་གསུང་ངག་བླ་མ་བརྒྱུད་པས་མདུན་གྱི་ནམ་མཁའ་ནས་ཞལ་གཟིགས་དུས་ཉམས་འུར་གྱི་ངང་ནས་མཛད་པ། བྲག་ཕུག་པའི་ཚོགས་གྲལ་དུ་རྒྱུན་པར་མཛད། །དེ་མིན་བླ་མ་སོ་སོའི་ཁ་སྐོང་དུ་མཛད་པ་འདི་གཞན་ལས་ཡིད་ཁུལ་སྟོབས་ཆེ་བ་ཡིན་གསུངས་ནས། ༧བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་ཐུགས་གཙིགས་ཆེ་བ་ཡིན་འདུག་པས་ཉམས་རྟོགས་འདོད་པའི་ལམ་འབྲས་པ་རྣམས་ཀྱིས་ཁ་ཏོན་བྱའོ། །ཆོས་སྐད་ཁ་བཤད་ཁོ་ན་དོན་དུ་གཉེར་བ་རྣམས་ལ་མཁོ་རིགས་མི་འདུག་གོ། ཆོས་འཕེལ་ཞིང་ལམ་གྱི་འབྲས་བུ་ཐོབ་པའི་བཀྲ་ཤིས་ཤོག ། །།
[edit]

gsung ngag rin po che lam 'bras bu dang bcas pa'i bla ma brgyud pa la gsol ba 'debs pa zhes bya ba bzhugs so/____/na mo gu ru b+h+yaHgnas spyi gtsug nyi zla'i gdan steng du/____/drin chen rtsa ba'i bla ma la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/gnas 'og min chos kyi pho brang du/____/sangs rgyas rdo rje 'chang chen la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/gnas zag med sgyu ma'i pho brang du/____/bdag med lha mo bco lnga la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/gnas sau wa nA tha'i gnas mchog tu/____/grub chen rnal 'byor dbang phyug la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/ri bo u tsA ya na'i dur khrod du/____/brtul zhugs nag po spyod pa la=____/gsol ba 'debs so=____/rgya gar kA ma rU pa'i grong khyer du/____/rgyal rigs DA ma ru pa la=____/gsol ba 'debs so=____/shar phyogs mkha' 'gro mnyes pa'i ljongs lung du/____/gnyis spangs a wa d+hu tI la=____/gsol ba 'debs so=____/gnas kha reg thod phu'i yang dben du/____/paN grub ga ya d+ha ra la=____/gsol ba 'debs so=____/mang mkhar mu gu lung gi gnas mchog tu/____/sgra bsgyur 'brog mi lo tsA la=____/gsol ba 'debs so=____/gnas mkhar chung chu kha'i gnas mchog tu/____/bla ma se ston kun rig la=____/gsol ba 'debs so=____/gnas sag thang ding gi dgon pa ru/____/bla ma zhang ston chos 'bar la=____/gsol ba 'debs so=____/gnas skya bo kha gdangs kyi gnas mchog tu/____/sa chen kun dga' snying po la=____/gsol ba 'debs so=____/gnas chu mig rdzing kha'i gnas mchog tu/____/slob dpon bsod nams rtse mo la=____/gsol ba 'debs so=____/gnas sgo rum bla ma'i gzims khang du/____/rje btsun grags pa rgyal mtshan la=____/gsol ba 'debs so=____/gnas byang phyogs sprul pa'i lha khang du/____/chos rje sa skya paN chen la=____/gsol ba 'debs so=____/gnas lha khang bla brang gnas mchog tu/____/'gro mgon chos rgyal 'phags pa la=____/gsol ba 'debs so=____/gnas skyed 'phrang bla ma'i gzims khang du/____/zhang ston dkon mchog dpal ba la=____/gsol ba 'debs so=____/gnas skyer phu rdzing lung gi gnas mchog tu/____/tshogs sgom kun dga' dpal ba la=____/gsol ba 'debs so=____/gnas nyan po bla ma'i gzims khang du/____/nyan chen bsod nams brtan pa la=____/gsol ba 'debs so=____/gnas na bza' brag phug gi dben gnas su/____/grub chen brag phug pa chen po la=____/gsol ba 'debs so=____/gnas bsam yas bla brang gi gzims khang du/____/chos rje bla ma dam pa la=____/gsol ba 'debs so=____/gnas byang chub rdzong gi gnas mchog tu/____/chos rje dpal ldan tshul khrims la=____/gsol ba 'debs so=____/gnas zhe dgon rgyal ba'i ri khrod du/____/grub chen bud+d+ha shrI la=____/gsol ba 'debs so=____/gnas e wa~M chos ldan gyi dgon pa ru/____/ngor chen kun dga' bzang po la=____/gsol ba 'debs so=____/mus bsam gtan gling gi dben gnas su/____/mus chen dkon mchog rgyal mtshan la=____/gsol ba 'debs so=____/gnas dpal ldan sa skya'i gtsug lag tu/____/bdag chen rdo rje 'chang dbang la=____/gsol ba 'debs so=____/gnas kha'u brag rdzong gi ri khrod du/____/rje btsun kun spangs chen po la=____/gsol ba 'debs so=____/gnas bo dong phun tshogs rab brtan du/____/sgo rum kun dga' legs pa la=____/gsol ba 'debs so=____/gnas grong chen khang ser dben gnas su/____/tshar chen blo gsal rgya mtsho la=____/gsol ba 'debs so=____/gnas bo dong bla brang dkar po ru/____/'jam dbyangs mkhyen brtse'i dbang phyug la=____/gsol ba 'debs so=____/gnas slob bshad nor bu'i gling mchog tu/____/mang thos klu sgrub rgya mtsho la=____/gsol ba 'debs so=____/gnas sgrub sde rje yi yang dgon du/____/rje btsun sding ma ba chen po la=____/gsol ba 'debs so=____/gnas 'dar stod chos dbyings pho brang du/____/grub mchog dbang phyug rab brtan la=____/gsol ba 'debs so=____/gnas bkra shis chos sde'i pho brang du/____/mgon po bsod nams mchog ldan la=____/gsol ba 'debs so=____/gnas zhwa lu chos 'khor shar chen du/____/rin chen bsod nams mchog grub la=____/gsol ba 'debs so=____/gnas bco brgyad rdo rje'i pho brang du/____/mkhyen rab ngag gi dbang phyug la=____/gsol ba 'debs so=____/gnas smon dga' bsam gling dben gnas su/____/rmor chen kun dga' lhun grub la=____/gsol ba 'debs so=__'di yan zhal skong bla ma snga ma rnams kyis mdzad pa'o/____/gnas bkra shis chos kyi sde chen por/____/kun dga' legs pa'i 'byung gnas la=____/gsol ba 'debs so=____/gnas dpal ldan sa skya'i bla brang du/____/'jam mgon kun dga' blo gros la=____/gsol ba 'debs so=____/gnas e wa~M thar rtse'i gzims skyil du/____/mkhan chen nam mkha' 'chi med la=____/gsol ba 'debs so=____/gnas khams dbus grub pa'i sman ljongs su/____/byams pa kun dga' bstan 'dzin la=____/gsol ba 'debs so=__sh+lo ka gnyis mkhyen brtse'i dbang pos mdzad pa'o/____/gnas 'og min e wa~M chos ldan du/____/kun dga' bstan pa'i rgyal mtshan la=____/gsol ba 'debs so=__'di mkhan chen bsod nams rgyal mtshan gyis mdzad pa'o/____/gnas 'chi med grub pa'i dga' tshal du/____/'jam dbyangs mkhyen brtse'i dbang po la=____/gsol ba 'debs so=____/gnas rdzong gsar bkra shis lha rtse ru/____/chos rje kun dga' 'jam dbyangs la=____/gsol ba 'debs so=____/gnas gar bzhugs bde chen pho brang du/____/grub dbang kun dga' nyi ma la=____/gsol ba 'debs so=____/gnas lhun grub yang rtse'i dben gnas su/____/'jam dbyangs blo gter dbang po la=____/gsol ba 'debs so=____/gnas spyi gtsug nyi zla'i gdan steng du/____/drin chen rtsa ba'i bla ma la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/gnas snying ga chos kyi pho brang na/____/yi dam dgyes pa rdo rje la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/gnas 'khor 'das dbyer med kyi rang bzhin du/____/dam chos gsung ngag lam 'bras la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/gnas rang snang dag pa'i zhing khams su/____/mched grogs rdo rje'i spun tshogs la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/gnas sgo rum kha'u'i mgon khang du/____/chos skyong gur zhal rnam gnyis la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/lus la bde drod 'bar bar byin gyis rlobs/____/ngag la skye 'gag bral bar byin gyis rlobs/____/sems la bde stong skye bar byin gyis rlobs/____/'khor 'das dbyer med rtogs par byin gyis rlobs/__zhes pa 'di'ang zhang dkon mchog dpal ba yan grub chen brag phug pa la tho rang sa kha zhig na bza' brag phug tu gsung ngag bla ma brgyud pas mdun gyi nam mkha' nas zhal gzigs dus nyams 'ur gyi ngang nas mdzad pa/__brag phug pa'i tshogs gral du rgyun par mdzad/____/de min bla ma so so'i kha skong du mdzad pa 'di gzhan las yid khul stobs che ba yin gsungs nas/__7bdag chen rdo rje 'chang blo gros rgyal mtshan dpal bzang pos thugs gtsigs che ba yin 'dug pas nyams rtogs 'dod pa'i lam 'bras pa rnams kyis kha ton bya'o/____/chos skad kha bshad kho na don du gnyer ba rnams la mkho rigs mi 'dug go/__chos 'phel zhing lam gyi 'bras bu thob pa'i bkra shis shog__/__//__

Footnotes

Other Information