གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-087
Wylie title gsung ngag rin po che'i bla ma brgyud pa la gsol ba 'debs pa byin rlabs bdud rtsi'i sprin phung JKCL-KABUM-03-GA-087.pdf
Location chos kyi blo gros bka' 'bum
Volume 3, Text 87, Pages 339-347 (Folios 1a1 to 5a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gsung ngag rin po che'i bla ma brgyud pa la gsol ba 'debs pa byin rlabs bdud rtsi'i sprin phung. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 339-347. Bir, H.P.: Khyentse Labrang, 2012.
Genre Lineage Supplications - brgyud 'debs
Cycle གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ (gsung ngag rin po che lam 'bras bu dang bcas pa)
Colophon

།ཅེས་གསུང་ངག་ལམ་འབྲས་སློབ་བཤད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་འདིའང་། རྩ་བརྒྱུད་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་༧རྗེ་སེམས་དཔའ་ཆེན་པོའི་དུས་ཀྱི་མཆོད་པར་གང་ཤར་ཡུད་ཙམ་ལ་རྫོགས་པར་བྲིས་པ་འདིས་ཀྱང་བདག་གཞན་རྣམས་ཀྱི་རྒྱུད་ལ་རྩ་བརྒྱུད་བླ་མའི་བྱིན་རླབས་མྱུར་དུ་འཇུག་ཅིང་ཚེ་འདི་ཉིད་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་སིདྡྷི་རསྟུ།།

/ces gsung ngag lam 'bras slob bshad kyi bla ma brgyud pa'i gsol 'debs 'di'ang /__rtsa brgyud bla ma rnams kyi bran du gyur pa 'jam dbyangs chos kyi blo gros pas 7rje sems dpa' chen po'i dus kyi mchod par gang shar yud tsam la rdzogs par bris pa 'dis kyang bdag gzhan rnams kyi rgyud la rtsa brgyud bla ma'i byin rlabs myur du 'jug cing tshe 'di nyid la zung 'jug rdo rje 'chang gi go 'phang thob pa'i rgyur gyur cig__/sarba sid+d+hi rastu//

1 Texts in this Section (sde tshan or chos tshan)

[edit]
༄༅། །གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་དྷཱ་ར་ཡ། བདེ་སྟོང་ཟུང་འཇུག་ཆོས་ཀྱི་སྐུ། །ཡེ་ཤེས་ཆེན་པོའི་མཛོད་འཆང་བ། །རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེ། །རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཨེ་ཡིག་རྣམ་ཀུན་མཆོག་ལྡན་དབྱིངས། །མཚན་མའི་སྤྲོས་པ་ཀུན་ལས་འདས། །ཝྃ་ཡིག་རྡོ་རྗེ་ནོར་བུའི་དཔྱིད། །བདག་མེད་མ་ལ་གསོལ་བ་འདེབས། །ཟག་མེད་དགའ་བཞི་རབ་རྒྱས་ཤིང་། །བདེ་ཆེན་དེ་ཉིད་བདུད་རྩིའི་མྱོས། །རྣལ་འབྱོར་བརྟུལ་ཞུགས་གྲུབ་པའི་གཙོ། །བི་རཱུ་པ་ལ་གསོལ་བ་འདེབས། །རིམ་གཉིས་ཏིང་འཛིན་ལ་བརྩོན་པས། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །ཡེ་ཤེས་ཕྱག་རྒྱའི་སྐུ་གྲུབ་པ། །ནག་པོ་པ་ལ༴ །གཉིས་སྣང་ཆོས་ཀུན་སྒྱུ་མར་གཟིགས། །གཉིས་མེད་གནས་ལུགས་མངོན་གྱུར་པས། །གཉིས་བྲལ་རྡོ་རྗེའི་སྐུ་བརྙེས་པ། །ཨ་ཝ་དྷཱུ་ཏིར༴ །ལས་རླུང་རྒྱུ་བ་དབུ་མར་ཚུད། །རྩ་ཡི་མདུད་གྲོལ་ས་མཆོག་གཤེགས། །གྲུབ་པའི་གར་གྱི་ཉམས་བརྒྱས་སྒེག །ཌཱ་མ་རུ་པ༴ །གཞན་ཕན་བྱང་ཆུབ་སེམས་མཆོག་མངའ། །ཏིང་འཛིན་ཟབ་མོ་དང་ལྡན་ཞིང་། །མན་ངག་བྱེ་བའི་གཏེར་གྱི་མཛོད། །ག་ཡ་དྷ་རར༴ །གངས་ལྗོངས་སྐད་གཉིས་སྨྲ་བའི་ཕུལ། །འབྲོག་མི་ཤཱཀྱ་ཡེ་ཤེས་ཞེས། །མཁས་དང་གྲུབ་པའི་རྩེར་སོན་པ། །ལོ་ཙ་ཆེན་པོར༴ །གདམས་ངག་བདུད་རྩིའི་མཆོག་ཐོབ་ཅིང་། །ཟབ་མོའི་ལམ་གྱི་དེ་ཉིད་རྟོགས། །རྟག་ཏུ་གཞན་ལ་ཕན་མངའ་བ། །སེ་སྟོན་ཆེན་པོར༴ །ཚེ་གཅིག་སྒྲུབ་པའི་རྒྱལ་མཚན་འཛུགས། །གཡོ་མེད་ཏིང་འཛིན་མཆོག་དང་ལྡན། །རྩ་ཡི་མདུད་གྲོལ་བདེ་སྟོང་རྒྱས། །ཞང་སྟོན་ཆོས་འབར༴ །རིགས་གསུམ་བྱིན་རླབས་གཅིག་བསྡུས་སྐུ། །པདྨ་དཀར་པོ་ལྟར་འཕགས་ཤིང་། །བསྟན་པའི་མངའ་བདག་ས་སྐྱ་པ། །ཀུན་དགའ་སྙིང་པོར་གསོལ་བ་འདེབས། །རིག་པའི་གནས་ལྔ་ཀུན་ལ་མཁས། །སྣང་སེམས་ཆོས་ཀུན་དབྱིངས་སུ་ཟད། །འཇའ་ལུས་དྭངས་མའི་སྐུ་མངོན་གྱུར། །བསོད་ནམས་རྩེ་མོར༴ །རྡོ་རྗེ་འཆང་དབང་མི་ཡི་གཟུགས། །སྤངས་རྟོགས་ཡོན་ཏན་མཐར་སོན་པ། །རྗེ་བཙུན་ཐམས་ཅད་མཁྱེན་པ་ཆེ། །གྲགས་པའི་དཔལ་ལ༴ །འཛམ་གླིང་མཁས་པ་ཀུན་གྱི་རྒྱན། །གནས་ལྔ་རིག་པའི་པཎྜི་ཏ། །མི་འཕྲོག་པ་ཡི་ཐུགས་མངའ་བ། །འཇམ་དབྱངས་བླ་མར༴ །ཆོས་དང་སྲིད་ཀྱི་རྒྱལ་ཐབས་ལ། །དབང་བསྒྱུར་འཕགས་པའི་ནོར་གྱི་མཛོད། །མཁས་བཙུན་བཟང་པོའི་དཔལ་མངའ་བ། །དྷརྨ་རཱ་ཛར༴ །ཆོས་བརྒྱད་འཆིང་བ་ལས་གྲོལ་ཞིང་། །ཚེ་གཅིག་སྒྲུབ་པའི་དམ་བཅའ་བརྟན། །ཐུབ་པའི་བསྟན་པ་གསལ་མཛད་པ། །དཀོན་མཆོག་དཔལ་ལ༴ །བླ་མའི་གདམས་ངག་ཐུགས་སུ་ཆུད། །བསྐྱེད་རྫོགས་ཟབ་མོར་བརྩོན་པའི་མཐུས། །ཡེ་ཤེས་ཉི་མ་ཁོངས་ནས་འཆར། །བྲག་ཕུག་པ་ལ༴ །དབང་བཞིའི་ལམ་ལ་གཡོལ་མེད་ཅིང་། །རྣལ་འབྱོར་དྲོད་རྟགས་མཆོག་དང་ལྡན། །བསྟན་པ་ཡུན་རིང་གསལ་མཛད་པ། །བུདྡྷ་ཤྲཱི་ལ༴ །རྒྱལ་བས་བསྔགས་པའི་མེ་ཏོག་འཐོར། །རྒྱལ་བ་གཉིས་པ་ཀུན་དགའ་བཟང་། །རྒྱལ་བསྟན་སྤེལ་ལ་འགྲན་ཟླ་བྲལ། །ཨེ་ཝྃ་པ་ལ༴ །རྡོ་རྗེ་འཆང་གི་ཐུགས་ཀྱི་སྲས། །སུམ་ལྡན་རྡོར་འཛིན་ཀུན་གྱི་རྒྱལ། །འཁོར་ལོ་སྡོམ་པ་མི་ཡི་གཟུགས། །རཏྣ་དྷཱ་ཛར༴ །བསླབ་པ་གསུམ་གྱི་སྐུ་བརྗིད་ཅིང་། །གདམས་ངག་རྒྱ་མཚོའི་བདག་པོ་ཆེ། །སྐལ་ལྡན་ཡོངས་སུ་སྨིན་མཛད་པ། །བློ་གྲོས་ཆེན་པོར༴ །ཀུན་ཏུ་བཟང་པོའི་སྤྱོད་པ་ལ། །རྟག་པར་དམ་བཅའ་མི་བསྙེལ་ཞིང་། །མཁྱེན་བརྩེ་ནུས་པའི་གཏེར་ཆེན་པོ། །ཆོས་ཀྱི་ཉི་མར༴ །ཀུན་དགའི་རིང་ལུགས་ཉིན་མོར་བྱེད། །སྡེ་སྣོད་རྒྱུད་སྡེའི་ཆུ་ཀླུང་ཆེ། །ཟབ་དོན་ནོར་བུ་ལེགས་འབྱུང་གནས། །དཔལ་ལྡན་བླ་མར༴ །སྙན་བརྒྱུད་གདམས་པ་རྒྱ་མཚོའི་མཛོད། །མཐུ་སྟོབས་ནུས་པའི་དབང་ཕྱུག་ཆེ། །མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །བློ་གསལ་རྒྱ་མཚོར༴ །འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ཡི། །རྣམ་འཕྲུལ་ཡེ་ཤེས་སྒྱུ་མའི་གར། །བསྟན་པའི་སྲོག་ཤིང་མཁྱེན་བརྩེའི་ཞབས། །དབང་ཕྱུག་དཔལ་ལ༴ །དབྱངས་ཅན་ལྷ་མོ་མགྲིན་པར་ཞུགས། །ཤེས་རབ་གསུམ་གྱི་གོ་ཆ་ཅན། །ཟབ་མོའི་རྒྱུད་ཀྱི་བཀའ་བབས་པ། །ཀླུ་སྒྲུབ་རྒྱ་མཚོར༴ །ཚུལ་ཁྲིམས་ལང་ཚོ་གཞོན་ནུར་གྱུར། །ཐོས་བསམ་སྒོམ་པའི་ཕ་མཐར་ཕྱིན། །འགྲོ་ལ་ཕན་སྟེར་བློ་གྲོས་ཅན། །བླ་མ་མཆོག་ལ༴ །བསླབ་གསུམ་ཡོན་ཏན་དཔལ་གྱིས་མཐོ། །སྙན་བརྒྱུད་རྒྱལ་མཚན་ཕྱོགས་བརྒྱར་བསྒྲེངས། །ཟབ་མོའི་དོན་ལ་མངའ་བརྙེས་པ། །ཐུགས་རྗེའི་དབང་པོར༴ །བསོད་ནམས་གྲངས་མེད་མཐའ་ཡས་ཤིང་། །ཡེ་ཤེས་ཚོགས་གཉིས་རབ་ཏུ་རྫོགས། །དམ་ཆོས་ལྗོན་ཤིང་འཕེལ་བའི་གཉེན། །རིག་སྔགས་འཆང་བར༴ །ངག་གི་དཔལ་སྟེར་ངག་ལ་དབང་། །ཆོས་ཀྱི་གྲགས་པར་སྙེམས་བྱེད་པ། །ལུང་རིག་སྡེ་སྣོད་སྨྲ་བའི་རྒྱལ། །མཁས་པའི་དབང་པོར༴ །རྡོ་རྗེ་འཆང་དབང་ཐུགས་ཀྱི་སྲས། །སྙན་བརྒྱུད་དབང་ཕྱུག་མངའ་བདག་མཛོད། །བསྐྱེད་རྫོགས་དགོངས་པ་རབ་ཏུ་བརྟན། །རྗེ་བཙུན་བླ་མར༴ །བྷོ་ཏྲའི་ལྗོངས་ཀྱི་མགོན་པོ་མཆོག །བསྟན་འགྲོའི་བསོད་ནམས་དཔལ་ལས་འཁྲུངས། །བློ་གྲོས་རྟོགས་པ་མཆོག་ལྡན་པ། །རྡོ་རྗེ་འཛིན་པར༴ །མཆོག་གསུམ་རིན་ཆེན་གདུགས་དཀར་པོ། །སྲིད་མཐར་སྒྲེངས་ལ་མི་ངལ་བའི། །རྣམ་དཔྱོད་བརྩོན་པ་མཆོག་གྲུབ་པ། །ཁྱབ་བདག་བླ་མར༴ །བྱམས་པའི་དཔལ་མངའ་ཐུགས་རྗེའི་གཏེར། །ངག་གི་དབང་པོས་རྗེས་སུ་བཟུང་། །ཡོན་ཏན་ལྷུན་གྱིས་གྲུབ་པའི་མགོན། །དམ་པ་མཆོག་དེར༴ །ངག་ལ་དབང་བསྒྱུར་འཇམ་མགོན་ལྷས། །རྗེས་བཟུང་མཁས་ཀུན་དགའ་བའི་དཔྱིད། །ལྷུན་གྲུབ་རིག་པ་འཛིན་པའི་རྒྱལ། །རྨོར་ཆེན་རྗེ་ལ༴ །ངག་ལ་དབང་བསྒྱུར་ཀུན་དགའི་སྐུ། །ལེགས་པ་རྣམ་པར་དག་པའི་ཐུགས། །ལུང་རྟོགས་ཡོན་ཏན་འབྱུང་གནས་ཆེ། །ཡེ་ཤེས་སྣང་སྟེར༴ །ངག་གི་སྒྲིབ་པ་ཀུན་དང་བྲལ། །ས་ལ་དབང་མཛད་ཆོས་ཀྱི་རྒྱལ། །ཀུན་དགའི་བསྟན་པ་ཕྱོགས་བརྒྱར་སྤེལ། །བློ་གྲོས་མཚུངས་མེད༴ །ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ། །ཕྲིན་ལས་མཐའ་ཡས་རྒྱལ་སྲས་གཙོ། །འཆི་མེད་རྡོ་རྗེའི་ས་བརྙེས་པ། །རིགས་ཀུན་བདག་པོར༴ །བྱམས༵་པ༵འི་དཔལ་དང་ལྡན་པའི་མཆོག །ཀུན༵་ཏུ་བཟང་པོ་རབ་དགའ༵་བ། །ལྷར་བཅས་འཇིག་རྟེན་མཆོད་འོས་ཆེ། །བ༵སྟན་འཛི༵ན་མཆོག་ལ༴ །ཀུན་དགའི་ཞལ་བཟང་རབ་བལྟ་ཞིང་། །མི་འཕྲོག་པ་ཡི་མཁྱེན་རབ་ལྡན། །བསྟ༵ན་པ༵འི་རྒྱལ༵་མཚ༵ན་སྒྲེངས་མཁས་པ། །འཇམ་དབྱངས་བླ་མར༴ །གངས་ཅན་བསྟན་པ་རྒྱ་མཚོའི་བདག །འཇམ་དཔལ་དབྱངས་དང་ཐ་མི་དད། །མདོ་སྔགས་ཡོངས་ཀྱི་བཀའ་བབས་པ། །མཁྱེན་བརྩེའི་དབང་པོར༴ །འཇ༵མ་དབྱང༵ས་བླ་མའི་ཐུགས་ཀྱི་སྲས། །རིན༵་ཆེན༵་ཆོས་ཚུལ་རྒྱ་མཚོའི་མཛོད། །མི་ཕྱེད་རྡོ༵་རྗེ༵ར་བྱང་ཆུབ་པ། །མཁན་ཆེན་དམ་པར༴ །སྒྲིབ་གསུམ་དྲི་མ་འཇོམས་པའི་དཔལ། །དབང་བཞིའི་ལམ་བརྩོན་སྐུ་བཞི་བརྙེས། །རྒྱུད་སྡེ་རྒྱ་མཚོའི་སྡུད་པ་པོ། །བློ་གཏེར་དབང་པོར༴ །ང༵ག་གི་དབ༵ང་པོ་ཆོས་ཀྱི་རྗེས། །ཀུན༵་དག༵འི་བྱིན་བརླབས་དཔལ་ཐོབ་ཅིང་། །བློ་གྲོས་ལེག༵ས་པ༵འི་འབྱུང༵་གནས༵་གཙོ། །ཡེ༵་ཤེས༵་རྒྱལ༵་མཚ༵ན༴ །དྲན་པས་སྲིད་ཞིའི་འཇིགས་པ་འཕྲོག །རིགས་ཀུན་འདུས་པའི་བདག་ཉིད་ཆེ། །དཀྱིལ་འཁོར་འཁོར་ལོའི་བདག་པོར་བཞུགས། །རྩ་བའི་བླ་མར་གསོལ་བ་འདེབས། །རྩ་བརྒྱུད་བླ་མར་ཕྱག་འཚལ་ཞིང་། །རབ་འབྱམས་མཆོད་པའི་སྤྲིན་གྱིས་མཆོད། །སྡོམ་པ་གསུམ་གྱི་ཉེས་ལྟུང་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རངས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །འདིས་མཚོན་རྣམ་དཀར་ཇི་སྙེད་ཀྱི། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །ཐེག་མཆོག་རིགས་སུ་སྐྱེས་ནས་ཀྱང་། །དཔལ་ལྡན་བླ་མས་རྗེས་བཟུང་ནས། །ཚུལ་ཁྲིམས་མཆོག་ལ་གནས་པར་ཤོག །ཐོས་བསམ་སྒོམ་པ་མཐར་ཕྱིན་ཅིང་། །མ་དག་སྣང་བར་ཞེན་པ་ལྡོག །ཉམས་སྣང་སྐྱོན་མེད་གོང་འཕེལ་ནས། །དག་པའི་སྣང་བར་ཡིད་རབ་སྤྲོ། །དཀྱིལ་འཁོར་བཞི་ལ་དབང་བཞི་བསྐུར། །ཀུན་གཞི་རྒྱུ་རྒྱུད་ལྟ་བ་རྟོགས། །ཟབ་མོའི་ལམ་གྱི་ཆུ་བོ་ལ། །རྟག་ཏུ་བརྩོན་པས་འགྲོས་བཞི་ཐིམ། །ལྟ་དང་གྲུབ་མཐའི་རྩེ་མོར་ཕྱིན། །སྒྲིབ་པ་བཞི་དག་འབྲས་རྒྱུད་ཀྱི། །སྐུ་དང་ཞིང་ཁམས་ཡེ་ཤེས་སོགས། །ཡོན་ཏན་བསམ་མི་ཁྱབ་མངོན་གྱུར། །ཉི་ཟླ་ནོར་བུ་ལྷའི་རྔ་སྒྲ། །དཔག་བསམ་ཤིང་དང་བུམ་བཟང་བཞིན། །མཐའ་ཡས་སེམས་ཅན་མ་ལུས་པའི། །རེ་བ་ཡིད་བཞིན་སྐོང་གྱུར་ཅིག །སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །གསུང་ངག་གདམས་པའི་སྣོད་གྱུར་ཅིང་། །གཞི་ལམ་འབྲས་བུའི་བདག་ཉིད་ཅན། །ཀྱེ་ཡི་རྡོ་རྗེར་བྱང་ཆུབ་ཤོག །ཅེས་གསུང་ངག་ལམ་འབྲས་སློབ་བཤད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་འདིའང་། རྩ་བརྒྱུད་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་༧རྗེ་སེམས་དཔའ་ཆེན་པོའི་དུས་ཀྱི་མཆོད་པར་གང་ཤར་ཡུད་ཙམ་ལ་རྫོགས་པར་བྲིས་པ་འདིས་ཀྱང་བདག་གཞན་རྣམས་ཀྱི་རྒྱུད་ལ་རྩ་བརྒྱུད་བླ་མའི་བྱིན་རླབས་མྱུར་དུ་འཇུག་ཅིང་ཚེ་འདི་ཉིད་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་སིདྡྷི་རསྟུ།། །།
[edit]

@#/____/gsung ngag rin po che'i bla ma brgyud pa la gsol ba 'debs pa byin rlabs bdud rtsi'i sprin phung zhes bya ba bzhugs so/____/ na mo gu ru badz+ra d+hA ra ya/__bde stong zung 'jug chos kyi sku/____/ye shes chen po'i mdzod 'chang ba/____/rigs rnams kun gyi khyab bdag che/____/rdo rje 'chang la gsol ba 'debs/____/e yig rnam kun mchog ldan dbyings/____/mtshan ma'i spros pa kun las 'das/____/wa~M yig rdo rje nor bu'i dpyid/____/bdag med ma la gsol ba 'debs/____/zag med dga' bzhi rab rgyas shing /____/bde chen de nyid bdud rtsi'i myos/____/rnal 'byor brtul zhugs grub pa'i gtso/____/bi rU pa la gsol ba 'debs/____/rim gnyis ting 'dzin la brtson pas/____/kun tu rtog pa thams cad spangs/____/ye shes phyag rgya'i sku grub pa/____/nag po pa la=____/gnyis snang chos kun sgyu mar gzigs/____/gnyis med gnas lugs mngon gyur pas/____/gnyis bral rdo rje'i sku brnyes pa/____/a wa d+hU tir=____/las rlung rgyu ba dbu mar tshud/____/rtsa yi mdud grol sa mchog gshegs/____/grub pa'i gar gyi nyams brgyas sgeg__/DA ma ru pa=____/gzhan phan byang chub sems mchog mnga'/____/ting 'dzin zab mo dang ldan zhing /____/man ngag bye ba'i gter gyi mdzod/____/ga ya d+ha rar=____/gangs ljongs skad gnyis smra ba'i phul/____/'brog mi shAkya ye shes zhes/____/mkhas dang grub pa'i rtser son pa/____/lo tsa chen por=____/gdams ngag bdud rtsi'i mchog thob cing /____/zab mo'i lam gyi de nyid rtogs/____/rtag tu gzhan la phan mnga' ba/____/se ston chen por=____/tshe gcig sgrub pa'i rgyal mtshan 'dzugs/____/g.yo med ting 'dzin mchog dang ldan/____/rtsa yi mdud grol bde stong rgyas/____/zhang ston chos 'bar=____/rigs gsum byin rlabs gcig bsdus sku/____/pad+ma dkar po ltar 'phags shing /____/bstan pa'i mnga' bdag sa skya pa/____/kun dga' snying por gsol ba 'debs/____/rig pa'i gnas lnga kun la mkhas/____/snang sems chos kun dbyings su zad/____/'ja' lus dwangs ma'i sku mngon gyur/____/bsod nams rtse mor=____/rdo rje 'chang dbang mi yi gzugs/____/spangs rtogs yon tan mthar son pa/____/rje btsun thams cad mkhyen pa che/____/grags pa'i dpal la=____/'dzam gling mkhas pa kun gyi rgyan/____/gnas lnga rig pa'i paN+Di ta/____/mi 'phrog pa yi thugs mnga' ba/____/'jam dbyangs bla mar=____/chos dang srid kyi rgyal thabs la/____/dbang bsgyur 'phags pa'i nor gyi mdzod/____/mkhas btsun bzang po'i dpal mnga' ba/____/d+harma rA dzar=____/chos brgyad 'ching ba las grol zhing /____/tshe gcig sgrub pa'i dam bca' brtan/____/thub pa'i bstan pa gsal mdzad pa/____/dkon mchog dpal la=____/bla ma'i gdams ngag thugs su chud/____/bskyed rdzogs zab mor brtson pa'i mthus/____/ye shes nyi ma khongs nas 'char/____/brag phug pa la=____/dbang bzhi'i lam la g.yol med cing /____/rnal 'byor drod rtags mchog dang ldan/____/bstan pa yun ring gsal mdzad pa/____/bud+d+ha shrI la=____/rgyal bas bsngags pa'i me tog 'thor/____/rgyal ba gnyis pa kun dga' bzang /____/rgyal bstan spel la 'gran zla bral/____/e wa~M pa la=____/rdo rje 'chang gi thugs kyi sras/____/sum ldan rdor 'dzin kun gyi rgyal/____/'khor lo sdom pa mi yi gzugs/____/rat+na d+hA dzar=____/bslab pa gsum gyi sku brjid cing /____/gdams ngag rgya mtsho'i bdag po che/____/skal ldan yongs su smin mdzad pa/____/blo gros chen por=____/kun tu bzang po'i spyod pa la/____/rtag par dam bca' mi bsnyel zhing /____/mkhyen brtse nus pa'i gter chen po/____/chos kyi nyi mar=____/kun dga'i ring lugs nyin mor byed/____/sde snod rgyud sde'i chu klung che/____/zab don nor bu legs 'byung gnas/____/dpal ldan bla mar=____/snyan brgyud gdams pa rgya mtsho'i mdzod/____/mthu stobs nus pa'i dbang phyug che/____/mkhas grub bye ba'i gtsug gi rgyan/____/blo gsal rgya mtshor=____/'jam dpal sprul pa'i rgyal po yi/____/rnam 'phrul ye shes sgyu ma'i gar/____/bstan pa'i srog shing mkhyen brtse'i zhabs/____/dbang phyug dpal la=____/dbyangs can lha mo mgrin par zhugs/____/shes rab gsum gyi go cha can/____/zab mo'i rgyud kyi bka' babs pa/____/klu sgrub rgya mtshor=____/tshul khrims lang tsho gzhon nur gyur/____/thos bsam sgom pa'i pha mthar phyin/____/'gro la phan ster blo gros can/____/bla ma mchog la=____/bslab gsum yon tan dpal gyis mtho/____/snyan brgyud rgyal mtshan phyogs brgyar bsgrengs/____/zab mo'i don la mnga' brnyes pa/____/thugs rje'i dbang por=____/bsod nams grangs med mtha' yas shing /____/ye shes tshogs gnyis rab tu rdzogs/____/dam chos ljon shing 'phel ba'i gnyen/____/rig sngags 'chang bar=____/ngag gi dpal ster ngag la dbang /____/chos kyi grags par snyems byed pa/____/lung rig sde snod smra ba'i rgyal/____/mkhas pa'i dbang por=____/rdo rje 'chang dbang thugs kyi sras/____/snyan brgyud dbang phyug mnga' bdag mdzod/____/bskyed rdzogs dgongs pa rab tu brtan/____/rje btsun bla mar=____/b+ho tra'i ljongs kyi mgon po mchog__/bstan 'gro'i bsod nams dpal las 'khrungs/____/blo gros rtogs pa mchog ldan pa/____/rdo rje 'dzin par=____/mchog gsum rin chen gdugs dkar po/____/srid mthar sgrengs la mi ngal ba'i/____/rnam dpyod brtson pa mchog grub pa/____/khyab bdag bla mar=____/byams pa'i dpal mnga' thugs rje'i gter/____/ngag gi dbang pos rjes su bzung /____/yon tan lhun gyis grub pa'i mgon/____/dam pa mchog der=____/ngag la dbang bsgyur 'jam mgon lhas/____/rjes bzung mkhas kun dga' ba'i dpyid/____/lhun grub rig pa 'dzin pa'i rgyal/____/rmor chen rje la=____/ngag la dbang bsgyur kun dga'i sku/____/legs pa rnam par dag pa'i thugs/____/lung rtogs yon tan 'byung gnas che/____/ye shes snang ster=____/ngag gi sgrib pa kun dang bral/____/sa la dbang mdzad chos kyi rgyal/____/kun dga'i bstan pa phyogs brgyar spel/____/blo gros mtshungs med=____/nam mkha' lta bur kun la khyab/____/phrin las mtha' yas rgyal sras gtso/____/'chi med rdo rje'i sa brnyes pa/____/rigs kun bdag por=____/byamasa~X pa~X'i dpal dang ldan pa'i mchog__/kuna~X tu bzang po rab dga'a~X ba/____/lhar bcas 'jig rten mchod 'os che/____/ba~Xstan 'dzi~Xn mchog la=____/kun dga'i zhal bzang rab blta zhing /____/mi 'phrog pa yi mkhyen rab ldan/____/bsta~Xn pa~X'i rgyala~X mtsha~Xn sgrengs mkhas pa/____/'jam dbyangs bla mar=____/gangs can bstan pa rgya mtsho'i bdag__/'jam dpal dbyangs dang tha mi dad/____/mdo sngags yongs kyi bka' babs pa/____/mkhyen brtse'i dbang por=____/'ja~Xm dbyanga~Xs bla ma'i thugs kyi sras/____/rina~X chena~X chos tshul rgya mtsho'i mdzod/____/mi phyed rdo~X rje~Xr byang chub pa/____/mkhan chen dam par=____/sgrib gsum dri ma 'joms pa'i dpal/____/dbang bzhi'i lam brtson sku bzhi brnyes/____/rgyud sde rgya mtsho'i sdud pa po/____/blo gter dbang por=____/nga~Xg gi dba~Xng po chos kyi rjes/____/kuna~X dga~X'i byin brlabs dpal thob cing /____/blo gros lega~Xs pa~X'i 'byunga~X gnasa~X gtso/____/ye~X shesa~X rgyala~X mtsha~Xn=____/dran pas srid zhi'i 'jigs pa 'phrog__/rigs kun 'dus pa'i bdag nyid che/____/dkyil 'khor 'khor lo'i bdag por bzhugs/____/rtsa ba'i bla mar gsol ba 'debs/____/rtsa brgyud bla mar phyag 'tshal zhing /____/rab 'byams mchod pa'i sprin gyis mchod/____/sdom pa gsum gyi nyes ltung bshags/____/dge ba kun la rjes yi rangs/____/chos kyi 'khor lo bskor bar bskul/____/mya ngan mi 'da' bzhugs gsol 'debs/____/'dis mtshon rnam dkar ji snyed kyi/____/dge ba byang chub chen por bsngo/____/deng nas byang chub snying po'i bar/____/theg mchog rigs su skyes nas kyang /____/dpal ldan bla mas rjes bzung nas/____/tshul khrims mchog la gnas par shog__/thos bsam sgom pa mthar phyin cing /____/ma dag snang bar zhen pa ldog__/nyams snang skyon med gong 'phel nas/____/dag pa'i snang bar yid rab spro/____/dkyil 'khor bzhi la dbang bzhi bskur/____/kun gzhi rgyu rgyud lta ba rtogs/____/zab mo'i lam gyi chu bo la/____/rtag tu brtson pas 'gros bzhi thim/____/lta dang grub mtha'i rtse mor phyin/____/sgrib pa bzhi dag 'bras rgyud kyi/____/sku dang zhing khams ye shes sogs/____/yon tan bsam mi khyab mngon gyur/____/nyi zla nor bu lha'i rnga sgra/____/dpag bsam shing dang bum bzang bzhin/____/mtha' yas sems can ma lus pa'i/____/re ba yid bzhin skong gyur cig__/skye dang skye ba thams cad du/____/gsung ngag gdams pa'i snod gyur cing /____/gzhi lam 'bras bu'i bdag nyid can/____/kye yi rdo rjer byang chub shog__/ces gsung ngag lam 'bras slob bshad kyi bla ma brgyud pa'i gsol 'debs 'di'ang /__rtsa brgyud bla ma rnams kyi bran du gyur pa 'jam dbyangs chos kyi blo gros pas 7rje sems dpa' chen po'i dus kyi mchod par gang shar yud tsam la rdzogs par bris pa 'dis kyang bdag gzhan rnams kyi rgyud la rtsa brgyud bla ma'i byin rlabs myur du 'jug cing tshe 'di nyid la zung 'jug rdo rje 'chang gi go 'phang thob pa'i rgyur gyur cig__/sarba sid+d+hi rastu//____//

Footnotes

Other Information