JKCL-KABUM-03-GA-079

From Khyentse Lineage - A Tsadra Foundation Project

‎‎

ཟབ་དོན་རྟོགས་པའི་གསོལ་འདེབས།
Wylie title zab don rtogs pa'i gsol 'debs JKCL-KABUM-03-GA-079.pdf
Location chos kyi blo gros bka' 'bum
Volume 3, Text 79, Pages 279 (Folios 1a1 to 1a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. zab don rtogs pa'i gsol 'debs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 279. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/supplication-to-realize-the-profound
Colophon

།ཅེས་པའང་མཁས་གྲུབ་ཡོངས་ཀྱི་རྗེ་བོ་བདུད་འཇོམས་མཆོག་སྤྲུལ་རིན་པོ་ཆེའི་སྐུ་སྲས་ཕྲིན་ལས་ནོར་བུ་ནས་གསུང་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ།

/ces pa'ang mkhas grub yongs kyi rje bo bdud 'joms mchog sprul rin po che'i sku sras phrin las nor bu nas gsung bskul ngor/__'jam dbyangs chos kyi blo gros pas bris pa dge/

[edit]
ཟབ་དོན་རྟོགས་པའི་གསོལ་འདེབས་བཞུགས་སོ། །ན་མོ་གུ་རུ། ཆོས་དབྱིངས་མཁའ་ལ་ཐུགས་རྗེའི་སྤྲིན་འཁྲིགས་ཤིང་། །བྱིན་རླབས་དངོས་གྲུབ་སྦྲང་ཆར་འབེབ་མཛད་པ། །མཚོ་སྐྱེས་རྡོ་རྗེ་མཁྱེན་བརྩེའི་དབང་པོ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །རིག་འཛིན་གྲུབ་པ་ཡོངས་ཀྱི་གདུང་འཚོབ་ཏུ། །རྒྱལ་སྲས་སེམས་དཔའ་ཀུན་ཏུ་བཟང་པོ་ཡི། །འོད༷་གས༷ལ་སྙིང༷་པོ༷འི་དགོངས་པའི་རྩལ༷་རྫོགས་པ། །དཔལ་ལྡན་བླ་མས་བདག་རྒྱུད་བྱིན་གྱིས་རློབས། །རང་སེམས་གདོད་ནས་སྐྱེ་མེད་རིག་པའི་གཤིས། །མ་བཅོས་ཇི་བཞིན་བཞག་པའི་སྒོམ་པ་དང་། །སྤང་བླང་འཛིན་རྩོལ་བྲལ་བའི་སྤྱོད་པ་ཡིས། །ཀ་དག་ཆོས་སྐུ་མངོན་དུ་འགྱུར་བར་ཤོག །ཅེས་པའང་མཁས་གྲུབ་ཡོངས་ཀྱི་རྗེ་བོ་བདུད་འཇོམས་མཆོག་སྤྲུལ་རིན་པོ་ཆེའི་སྐུ་སྲས་ཕྲིན་ལས་ནོར་བུ་ནས་གསུང་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ། །།
[edit]

zab don rtogs pa'i gsol 'debs bzhugs so/____/na mo gu ru/__chos dbyings mkha' la thugs rje'i sprin 'khrigs shing /____/byin rlabs dngos grub sbrang char 'beb mdzad pa/____/mtsho skyes rdo rje mkhyen brtse'i dbang po la/____/mi phyed snying nas gus pas gsol ba 'debs/____/rig 'dzin grub pa yongs kyi gdung 'tshob tu/____/rgyal sras sems dpa' kun tu bzang po yi/____/'odaX gsaXl snyingaX poX'i dgongs pa'i rtsalaX rdzogs pa/____/dpal ldan bla mas bdag rgyud byin gyis rlobs/____/rang sems gdod nas skye med rig pa'i gshis/____/ma bcos ji bzhin bzhag pa'i sgom pa dang /____/spang blang 'dzin rtsol bral ba'i spyod pa yis/____/ka dag chos sku mngon du 'gyur bar shog__/ces pa'ang mkhas grub yongs kyi rje bo bdud 'joms mchog sprul rin po che'i sku sras phrin las nor bu nas gsung bskul ngor/__'jam dbyangs chos kyi blo gros pas bris pa dge/____//_

Footnotes

Other Information