ན་མོ་གུ་རུ། རིག་སྟོང་འོད་གསལ་སོགས་གསོལ་འདེབས།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-031
Wylie title na mo gu ru/ rig stong 'od gsal sogs gsol 'debs JKCL-KABUM-03-GA-031.pdf
Location chos kyi blo gros bka' 'bum
Volume 3, Text 31, Pages 109 (Folios 1a1 to 1a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People འཕགས་མཆོག་རྡོ་རྗེ་ ('phags mchog rdo rje)
Citation 'jam dbyangs mkhyen brtse chos kyi blo gros. na mo gu ru rig stong 'od gsal sogs gsol 'debs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 109. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/prayer-to-se-pakchok-dorje
Colophon

།ཅེས་པའང་བློ་གྲོས་རྒྱ་མཚོས་གང་ཤར་བྲིས་པ་དགེ།

ces pa'ang blo gros rgya mtshos gang shar bris pa dge

1 Texts in this Section (sde tshan or chos tshan)

[edit]
ན་མོ་གུ་རུ། རིག་སྟོང་འོད་གསལ་བདེ་ཆེན་ཕོ་བྲང་ནས། །རང་བྱུང་རིག་པའི་རྩལ་རྫོགས་ཆོས་ཀྱི་སྐུ། །ཀུན་བཟང་ཁྱབ་བདག་བླ་མར་གསོལ་བ་འདེབས། །ཀ་དག་ཁྲེགས་ཆོད་རྟོགས་པར་བྱིན་གྱིས་རློབས། །རང་མདངས་འགགས་མེད་རང་གསལ་གཞལ་ཡས་ནས། །ལྷུན་གྲུབ་ལོངས་སྐུའི་བླ་མར་གསོལ་བ་འདེབས། །འོད་གསལ་སྣང་བཞིའི་ལམ་མཆོག་མཐར་ཕྱིན་ནས། །འཇའ་ལུས་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས། །རིག་རྩལ་ཐུགས་རྗེ་སྤྲུལ་སྐུའི་ཞིང་ཁམས་ནས། །སྤྲུལ་སྐུ་ཀུན་བཟང་འཕགས་མཆོག་རྡོ་རྗེ་ལ། །དྲན་རིག་རྒྱུན་ཆད་མེད་པས་གསོལ་བ་འདེབས། །འགྲོ་དོན་དཔག་མེད་འབྱུང་བར་བྱིན་གྱིས་རློབས། །སྐྱབས་ཀུན་སྙིང་པོ་རང་རིག་བླ་མར་ཤེས། །སྐུ་གསུམ་ལྷུན་གྲུབ་གཞོན་ནུ་བུམ་སྐུའི་སྦུབས། །གཞོམ་མེད་རྡོ་རྗེའི་ངོ་བོར་མངོན་བྱང་ཆུབ། །སྲིད་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག །ཅེས་པའང་བློ་གྲོས་རྒྱ་མཚོས་གང་ཤར་བྲིས་པ་དགེ། །།

Footnotes

Other Information