རྡོ་རྗེའི་བླ་མ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་མཛེས།

From Khyentse Lineage - A Tsadra Foundation Project
Wylie title rdo rje'i bla ma pad+ma 'byung gnas la gsol ba 'debs pa byin rlabs sprin mdzes JKCL-KABUM-03-GA-008.pdf
Location chos kyi blo gros bka' 'bum
Volume 3, Text 8, Pages 29-33 (Folios 1a1 to 3a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rdo rje'i bla ma pad+ma 'byung gnas la gsol ba 'debs pa byin rlabs sprin mdzes. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 29-33. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Deity pad+ma 'byung gnas
Colophon

།ཅེས་རྩ་གསུམ་ཀུན་འདུས་གུ་རུ་རིན་པོ་ཆེར་གསོལ་འདེབས་འདི་འང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཤིང་གླང་ཆུ་སྟོད་ཟླ་བའི་ཚེས་ཉེར་ལྔ་ལྷ་ལྡན་འཕྲུལ་སྣང་དགའ་བཞིའི་གཙུག་ལག་ཁང་ཆེན་པོའི་བར་ཁང་སྐུ་ཚབ་རིན་པོ་ཆེའི་མདུན་ཚོགས་ཀྱི་མཆོད་པའི་དགའ་སྟོན་ལ་ལོངས་སྤྱོད་པའི་ཚེ་ཤར་མར་བྲིས་པ་ལ་ལོ་དེའི་ཟླ་༧པའི་ཚེས་༡ལ་ཡེར་པ་ཟླ་བ་ཕུག་གི་སྒྲུབ་ཁང་ཆེན་པོར་ཤྭ་ལོ་ཀ་ཁ་ཤས་བསྣན་ནས་ཡོངས་སུ་གྲུབ་པ་འདིས་ཀྱང་བོད་ཁམས་དུས་ཀྱིས་རྒུད་པ་ཞི་ཞིང་ཡིད་ཅན་ཐམས་ཅད་དཔལ་རི་པདྨ་འོད་ཀྱི་གཞལ་མེད་ཁང་ཆེན་པོར་སྐྱེས་ནས་རང་རིག་པད་འབྱུང་རྗེ་དང་དབྱེར་མེད་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

ces rtsa gsum kun 'dus gu ru rin po cher gsol 'debs 'di 'ang 'jam dbyangs blo gros rgya mtshos shing glang chu stod zla ba'i tshes nyer lnga lha ldan 'phrul snang dga' bzhi'i gtsug lag khang chen po'i bar khang sku tshab rin po che'i mdun tshogs kyi mchod pa'i dga' ston la longs spyod pa'i tshe shar mar bris pa la lo de'i zla 7pa'i tshes 1la yer pa zla ba phug gi sgrub khang chen por shwa lo ka kha shas bsnan nas yongs su grub pa 'dis kyang bod khams dus kyis rgud pa zhi zhing yid can thams cad dpal ri pad+ma 'od kyi gzhal med khang chen por skyes nas rang rig pad 'byung rje dang dbyer med mngon par byang chub pa'i rgyur gyur cig__/sarba dA mang+ga laM//

1 Texts in this Section (sde tshan or chos tshan)

[edit]
རྡོ་རྗེའི་བླ་མ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་མཛེས་ཞེས་བྱ་བ་བཞུགས་སོ། །ན་མོཿགུ་རུ་པདྨཱ་ཀ་ར་ཡེ། མཁའ་ཁྱབ་ཆོས་སྐུའི་དབྱིངས་ལས་མ་གཡོས་ཀྱང་། །འོད་གསལ་བདེ་ཆེན་ལོངས་སྤྱོད་རྫོགས་སྐུའི་སྤྲིན། །ཐུགས་རྗེ་ཆགས་མེད་སོར་རྟོག་སྤྲུལ་པའི་སྐུ། །པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །གདོད་ནས་མངོན་སངས་རྒྱས་ཀྱང་རྩོད་དུས་འདིར། །ཤཱཀྱའི་རྒྱལ་པོའི་བསྟན་པ་རིན་པོ་ཆེར། །སྟོན་པ་གཉིས་པ་ལྟ་བུའི་བཀའ་དྲིན་ཅན། །པདྨ་འབྱུང་གནས་ཞབས་ལ༴ །ཆོས་སྐུའི་ཞིང་ན་འཆི་མེད་སྣང་མཐའ་ཡས། །ལྔ་ལྡན་ཞིང་ན་རིགས་ལྔ་གངས་ཆེན་མཚོ། །གང་འདུལ་སྣང་ངོར་མཚན་མཆོག་བརྒྱ་རྩ་སོགས། །འཕྲུལ་མཚན་བསམ་མི་ཁྱབ་ལ༴ །མི་བསྐྱོད་རིགས་འདུས་རྡོ་རྗེ་ཐོད་ཕྲེང་རྩལ། །རྣམ་སྣང་རིགས་འདུས་བུདྡྷ་ཐོད་ཕྲེང་རྩལ། །རིན་ཆེན་རིགས་འདུས་རཏྣ་ཐོད་ཕྲེང་རྩལ། །པདྨ་རིགས་འདུས་དབང་མཛད་ཐོད་ཕྲེང་རྩལ། །ལས་ཀྱི་རིགས་འདུས་ཀརྨ་ཐོད་ཕྲེང་རྩལ། །གུ་རུ་པདྨ་ཐོད་ཕྲེང་སྡེ་ལྔ་ལ། །བདེ་གཤེགས་རྒྱལ་བའི་རིགས་རྣམས་འདུས་པའི་སྐུ། །དངོས་གྲུབ་ཀུན་བདག་ཞབས་ལ༴ །ལྷོ་ནུབ་རྔ་ཡབ་དཔལ་རི་པདྨ་འོད། །སྐུ་གསུམ་ཞིང་གི་གཙོ་བོ་པདྨ་འབྱུང་། །སྲིན་པོའི་ཚོགས་རྣམས་ཐེག་ཆེན་ཆོས་ལ་འཛུད། །སྲིན་རྒྱལ་ཐོད་པའི་ཕྲེང་བར༴ །སྒྲུབ་པ་སྡེ་བརྒྱད་བདེ་དགྱེས་གསང་བ་འདུས། །དུས་ཀྱི་འཁོར་ལོ་གདན་བཞི་གཤིན་རྗེ་གཤེད། །ཚེ་དཔག་མེད་མགོན་ཕག་ཁྲོས་སེང་གསུམ་སོགས། །ཞི་ཁྲོའི་རོལ་གར་སྟོན་ལ༴ །དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་འབྱུང་གནས་མཆོག །རྩ་གསུམ་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ། །ཁ་སྦྱོར་བདུན་ལྡན་བླ་མ་བདེ་བ་ཆེ། །མཚོ་སྐྱེས་རྡོ་རྗེ་འཆང་ལ༴ །བློ་ལྡན་མཆོག་སྲེད་ཉི་མ་འོད་ཟེར་དང་། །པདྨ་རྒྱལ་པོ་ཤཱཀྱ་སེང་གེ་དང་། །པདྨ་སཾ་བྷ་སེང་སྒྲ་གྲོ་བོ་ལོད། །སྤྲུལ་པའི་གུ་རུ་མཚན་བརྒྱད་ལ༴ དངོས་གཅིག་ཡེ་ཤེས་སྒྱུ་མའི་བཀོད་པ་ལས། །ས་ར་ཧ་དང་ལུ་ཧི་བིཪྺ་པ། །ཌོམྦྷི་པ་དང་ནག་པོ་སྤྱོད་པ་སོགས། །རྣམ་འཕྲུལ་དུ་མར་སྟོན་ལ༴ །མནྡཱ་ར་བ་ཌཱ་ཀི་མཚོ་རྒྱལ་དང་། །རྗེ་དང་འབངས་རིགས་གྲུབ་པའི་ཁྱུ་མཆོག་དང་། །གཏེར་སྟོན་རིག་འཛིན་རྩལ་འཆང་ལ་སོགས་པ། །རྣམ་རོལ་ཕ་མཐའ་ཡས་ལ༴ །ཇོ་རྔོག་འབྲོམ་དང་འཇམ་དབྱངས་བདུན་བརྒྱུད་དང་། །ཟླ་འོད་གཞོན་ནུ་རྗེ་བཙུན་བློ་བཟང་གྲགས། །སྙིགས་མའི་འགྲོ་འདུལ་འཇམ་མགོན་རྣམ་གཉིས་སོགས། །ངོ་མཚར་སྤྲུལ་པ་སྟོན་ལ༴ །འཕགས་བོད་གཉིས་སུ་རྣམ་ཐར་བསམ་ལས་འདས། །ཁྱད་པར་བོད་ཡུལ་འགྲོ་བའི་སྐྱབས་གཅིག་པུ། །དྲན་པས་གདུང་སེལ་ཨོ་རྒྱན་རྡོ་རྗེ་འཆང་། །བཀའ་དྲིན་དྲན་བཞིན་སྙིང་ནས༴ །ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན། །ཚེས་བཅུ་བྱུང་རེས་དངོས་སུ་བྱོན་ནས་ཀྱང་། །དད་ལྡན་རྣམས་ལ་བྱིན་གྱིས་རློབས་པར་མཛད། །གུ་རུ་རིན་པོ་ཆེ་ལ༴ །སྐུ་ནི་རྔ་ཡབ་གླིང་དུ་རྟག་བཞུགས་ཀྱང་། །ཐུགས་རྗེའི་འཇུག་པས་བོད་ལ་ལྷག་པར་དགོངས། །མཆོག་ཐུན་དངོས་གྲུབ་མ་ལུས་རྩོལ་མཛད་པ། །གུ་རུ་ཡིད་བཞིན་ནོར་བུར༴ །སྙིང་དབུས་གཞོན་ནུ་བུམ་སྐུའི་གྲོང་ཁྱེར་དུ། །སྐུ་གསུམ་རིགས་འདུས་མ་ཧཱ་གུ་རུའི་ཞལ། །རང་བབས་ལྷུག་པའི་ངང་ནས་མཇལ་བ་དང་། །དགོངས་པའི་རྩལ་ཆེན་རྫོགས་པར་བྱིན་གྱིས་རློབས། །མཆོག་གསུམ་ཀུན་འདུས་ངོ་བོར་ངེས་ཤེས་རྙེད། །སྐྱབས་གནས་གཞན་དུ་མི་ཚོལ་གཅིག་ཆོག་རྒྱལ། །སངས་རྒྱས་པདྨའི་ཞབས་ལ་གསོལ༴ །འདི་ཕྱིར་བར་དོ་གསུམ་དུ་བྱིན༴ །བདག་ལ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །གུ་རུ་ཁྱེད་ལས་རེ་ས་གཞན་མེད་པས། །བུ་ཡི་གདུང་དབྱངས་ཕ་ཡིས་མི་གསན་ནམ། །ད་ལྟ་ཉིད་དུ་ཐུགས་རྗེས་གཟིགས་པ་གསོལ། །འཁོར་བའི་འདམས་ལས་དྲོངས་ཤིག་པདྨ་འབྱུང་། །ལས་ཉོན་ལྕགས་སྒྲོགས་སྒྲོལ་ཞིག་པདྨ་འབྱུང་། །སྲིད་པའི་མེ་དཔུང་གཞིལ་ཅིག་པདྨ་འབྱུང་། །བདེ་ཆེན་ཞིང་དུ་དྲོངས་ཤིག་པདྨ་འབྱུང་། །དེང་དུས་ཐུབ་པའི་བསྟན་པ་ཉམ་དམས་ཤིང་། །ནག་ཕྱོགས་ལྷ་མིན་འབྱུང་བོ་ཁ་དར་བས། །སྐྱེ་འགྲོའི་ཤེས་རྒྱུད་ཆོས་མིན་ཕྱོགས་སུ་བསྒྱུར། །སྣོད་བཅུད་རྒུད་པས་གདུང་བའི་ཉམ་ཐག་ཚེ། །ཁྱེད་ཀྱི་ཐུགས་རྗེར་མི་རེ་སུ་ལ་རེ། །གསོལ་བ་སྙིང་ནས་འདེབས་ཤིང་ཁྱེད་བསྐུལ་ན། །བྱིན་རླབས་མཐུ་རྩལ་གློག་ལྟར་མྱུར་བ་ཡིས། །བསྟན་འགྲོའི་འགལ་རྐྱེན་བར་ཆད་ཐམས་ཅད་སོལ། །བསྟན་འཛིན་སྐྱེས་རྣམས་ཞབས་པད་རིང་དུ་བརྟན། །ཕྱོགས་བཅུའི་དགེ་འདུན་ཁྲིམས་ལྡན་འདུ་ཚོགས་རྒྱས། །འགྲོ་ལ་བདེ་སྐྱིད་འབྱུང་བར་བྱིན༴ །དུས་ཀྱི་འཁྲུགས་པ་མ་ལུས་རྒྱུན་ཆད་ཅིང་། །གངས་ཅན་བསྟན་འགྲོའི་མཆོད་སྡོང་ཆོས་འཁོར་ཆེ། །ཡིད་ཅན་ལྷ་མི་ཀུན་གྱིས་མཆོད་བཞིན་དུ། །སྲིད་མཐའི་བར་དུ་བརྟན་པར་བྱིན༴ །བདག་གཞན་རྣམས་ཀྱང་དམ་ཚིག་རྣམ་པར་དག །དད་དང་མོས་གུས་རྩ་བ་རབ་ཏུ་བརྟན། །བསྐྱེད་རྫོགས་ལམ་གྱི་རིམ་པ་མཐར་ཕྱིན་ནས། །རང་རིག་པད་འབྱུང་རྗེ་དང་དབྱེར་མེད་ཤོག །བདག་དང་འགྲོ་བའི་ཡིད་ལ་གང་བསམ་པ། །བུམ་བཟང་དཔག་བསམ་ཤིང་དང་ནོར་བུ་ལྟར། །འབད་པ་མེད་པར་ཡིད་བཞིན་འགྲུབ་པ་དང་། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །བྱང་ཆུབ་སྒྲུབ་པའི་བར་ཆད་གཡུལ་ལས་རྒྱལ། །བསྟན་དང་འགྲོ་བའི་དོན་ཆེན་འགྲུབ་པ་དང་། །སྣོད་བཅུད་བཀྲ་ཤིས་རྫོགས་ལྡན་དཔལ་གྱི་འབྱོར། །བྱིན་རླབས་ཐུགས་རྗེའི་སྣང་བས་དགེ་ལེགས་ཤོག །དེང་བཟུང་བླ་མེད་བྱང་ཆུབ་སྙིང་པོའི་བར། །གུ་རུ་པདྨའི་འབངས་སུ་སྐྱེས་ནས་ཀྱང་། །ཚེ་རབས་ཀུན་ཏུ་སྙིང་པོའི་བསྟན་པ་ལ། །ཉན་བཤད་བསྒྲུབ་པས་ཕྱོགས་བརྒྱར་སྤེལ་བར་ཤོག །མ་ཧཱ་གུ་རུའི་ཐུགས་རྗེའི་བདེན་སྟོབས་དང་། །རྣལ་འབྱོར་བདག་གི་ལྷག་བསམ་དག་པའི་མཐུས། །ཇི་ལྟར་སྨོན་པའི་གནས་འདི་མྱུར་འགྲུབ་ཅིང་། །བསྟན་འགྲོའི་དགེ་མཚན་རྒྱས་པའི་བཀྲ་ཤིས་ཤོག །ཅེས་རྩ་གསུམ་ཀུན་འདུས་གུ་རུ་རིན་པོ་ཆེར་གསོལ་འདེབས་འདི་འང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཤིང་གླང་ཆུ་སྟོད་ཟླ་བའི་ཚེས་ཉེར་ལྔ་ལྷ་ལྡན་འཕྲུལ་སྣང་དགའ་བཞིའི་གཙུག་ལག་ཁང་ཆེན་པོའི་བར་ཁང་སྐུ་ཚབ་རིན་པོ་ཆེའི་མདུན་ཚོགས་ཀྱི་མཆོད་པའི་དགའ་སྟོན་ལ་ལོངས་སྤྱོད་པའི་ཚེ་ཤར་མར་བྲིས་པ་ལ་ལོ་དེའི་ཟླ་༧པའི་ཚེས་༡ལ་ཡེར་པ་ཟླ་བ་ཕུག་གི་སྒྲུབ་ཁང་ཆེན་པོར་ཤྭ་ལོ་ཀ་ཁ་ཤས་བསྣན་ནས་ཡོངས་སུ་གྲུབ་པ་འདིས་ཀྱང་བོད་ཁམས་དུས་ཀྱིས་རྒུད་པ་ཞི་ཞིང་ཡིད་ཅན་ཐམས་ཅད་དཔལ་རི་པདྨ་འོད་ཀྱི་གཞལ་མེད་ཁང་ཆེན་པོར་སྐྱེས་ནས་རང་རིག་པད་འབྱུང་རྗེ་དང་དབྱེར་མེད་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
[edit]

rdo rje'i bla ma pad+ma 'byung gnas la gsol ba 'debs pa byin rlabs sprin mdzes zhes bya ba bzhugs so/____/na moHgu ru pad+mA ka ra ye/__mkha' khyab chos sku'i dbyings las ma g.yos kyang /____/'od gsal bde chen longs spyod rdzogs sku'i sprin/____/thugs rje chags med sor rtog sprul pa'i sku/____/pad+ma thod phreng rtsal la gsol ba 'debs/____/gdod nas mngon sangs rgyas kyang rtsod dus 'dir/____/shAkya'i rgyal po'i bstan pa rin po cher/____/ston pa gnyis pa lta bu'i bka' drin can/____/pad+ma 'byung gnas zhabs la=____/chos sku'i zhing na 'chi med snang mtha' yas/____/lnga ldan zhing na rigs lnga gangs chen mtsho/____/gang 'dul snang ngor mtshan mchog brgya rtsa sogs/____/'phrul mtshan bsam mi khyab la=____/mi bskyod rigs 'dus rdo rje thod phreng rtsal/____/rnam snang rigs 'dus bud+d+ha thod phreng rtsal/____/rin chen rigs 'dus rat+na thod phreng rtsal/____/pad+ma rigs 'dus dbang mdzad thod phreng rtsal/____/las kyi rigs 'dus karma thod phreng rtsal/____/gu ru pad+ma thod phreng sde lnga la/____/bde gshegs rgyal ba'i rigs rnams 'dus pa'i sku/____/dngos grub kun bdag zhabs la=____/lho nub rnga yab dpal ri pad+ma 'od/____/sku gsum zhing gi gtso bo pad+ma 'byung /____/srin po'i tshogs rnams theg chen chos la 'dzud/____/srin rgyal thod pa'i phreng bar=____/sgrub pa sde brgyad bde dgyes gsang ba 'dus/____/dus kyi 'khor lo gdan bzhi gshin rje gshed/____/tshe dpag med mgon phag khros seng gsum sogs/____/zhi khro'i rol gar ston la=____/dkyil 'khor rab 'byams rgya mtsho'i 'byung gnas mchog__/rtsa gsum kun 'dus rdo rje thod phreng rtsal/____/kha sbyor bdun ldan bla ma bde ba che/____/mtsho skyes rdo rje 'chang la=____/blo ldan mchog sred nyi ma 'od zer dang /____/pad+ma rgyal po shAkya seng ge dang /____/pad+ma saM b+ha seng sgra gro bo lod/____/sprul pa'i gu ru mtshan brgyad la=__dngos gcig ye shes sgyu ma'i bkod pa las/____/sa ra ha dang lu hi biR+Wa pa/____/Dom+b+hi pa dang nag po spyod pa sogs/____/rnam 'phrul du mar ston la=____/man+dA ra ba DA ki mtsho rgyal dang /____/rje dang 'bangs rigs grub pa'i khyu mchog dang /____/gter ston rig 'dzin rtsal 'chang la sogs pa/____/rnam rol pha mtha' yas la=____/jo rngog 'brom dang 'jam dbyangs bdun brgyud dang /____/zla 'od gzhon nu rje btsun blo bzang grags/____/snyigs ma'i 'gro 'dul 'jam mgon rnam gnyis sogs/____/ngo mtshar sprul pa ston la=____/'phags bod gnyis su rnam thar bsam las 'das/____/khyad par bod yul 'gro ba'i skyabs gcig pu/____/dran pas gdung sel o rgyan rdo rje 'chang /____/bka' drin dran bzhin snying nas=____/nangs re dgong re bod kyi don la byon/____/tshes bcu byung res dngos su byon nas kyang /____/dad ldan rnams la byin gyis rlobs par mdzad/____/gu ru rin po che la=____/sku ni rnga yab gling du rtag bzhugs kyang /____/thugs rje'i 'jug pas bod la lhag par dgongs/____/mchog thun dngos grub ma lus rtsol mdzad pa/____/gu ru yid bzhin nor bur=____/snying dbus gzhon nu bum sku'i grong khyer du/____/sku gsum rigs 'dus ma hA gu ru'i zhal/____/rang babs lhug pa'i ngang nas mjal ba dang /____/dgongs pa'i rtsal chen rdzogs par byin gyis rlobs/____/mchog gsum kun 'dus ngo bor nges shes rnyed/____/skyabs gnas gzhan du mi tshol gcig chog rgyal/____/sangs rgyas pad+ma'i zhabs la gsol=____/'di phyir bar do gsum du byin=____/bdag la skyid sdug legs nyes ci byung yang /____/gu ru khyed las re sa gzhan med pas/____/bu yi gdung dbyangs pha yis mi gsan nam/____/da lta nyid du thugs rjes gzigs pa gsol/____/'khor ba'i 'dams las drongs shig pad+ma 'byung /____/las nyon lcags sgrogs sgrol zhig pad+ma 'byung /____/srid pa'i me dpung gzhil cig pad+ma 'byung /____/bde chen zhing du drongs shig pad+ma 'byung /____/deng dus thub pa'i bstan pa nyam dmas shing /____/nag phyogs lha min 'byung bo kha dar bas/____/skye 'gro'i shes rgyud chos min phyogs su bsgyur/____/snod bcud rgud pas gdung ba'i nyam thag tshe/____/khyed kyi thugs rjer mi re su la re/____/gsol ba snying nas 'debs shing khyed bskul na/____/byin rlabs mthu rtsal glog ltar myur ba yis/____/bstan 'gro'i 'gal rkyen bar chad thams cad sol/____/bstan 'dzin skyes rnams zhabs pad ring du brtan/____/phyogs bcu'i dge 'dun khrims ldan 'du tshogs rgyas/____/'gro la bde skyid 'byung bar byin=____/dus kyi 'khrugs pa ma lus rgyun chad cing /____/gangs can bstan 'gro'i mchod sdong chos 'khor che/____/yid can lha mi kun gyis mchod bzhin du/____/srid mtha'i bar du brtan par byin=____/bdag gzhan rnams kyang dam tshig rnam par dag__/dad dang mos gus rtsa ba rab tu brtan/____/bskyed rdzogs lam gyi rim pa mthar phyin nas/____/rang rig pad 'byung rje dang dbyer med shog__/bdag dang 'gro ba'i yid la gang bsam pa/____/bum bzang dpag bsam shing dang nor bu ltar/____/'bad pa med par yid bzhin 'grub pa dang /____/bsam pa lhun gyis 'grub par byin gyis rlobs/____/byang chub sgrub pa'i bar chad g.yul las rgyal/____/bstan dang 'gro ba'i don chen 'grub pa dang /____/snod bcud bkra shis rdzogs ldan dpal gyi 'byor/____/byin rlabs thugs rje'i snang bas dge legs shog__/deng bzung bla med byang chub snying po'i bar/____/gu ru pad+ma'i 'bangs su skyes nas kyang /____/tshe rabs kun tu snying po'i bstan pa la/____/nyan bshad bsgrub pas phyogs brgyar spel bar shog__/ma hA gu ru'i thugs rje'i bden stobs dang /____/rnal 'byor bdag gi lhag bsam dag pa'i mthus/____/ji ltar smon pa'i gnas 'di myur 'grub cing /____/bstan 'gro'i dge mtshan rgyas pa'i bkra shis shog__/ces rtsa gsum kun 'dus gu ru rin po cher gsol 'debs 'di 'ang 'jam dbyangs blo gros rgya mtshos shing glang chu stod zla ba'i tshes nyer lnga lha ldan 'phrul snang dga' bzhi'i gtsug lag khang chen po'i bar khang sku tshab rin po che'i mdun tshogs kyi mchod pa'i dga' ston la longs spyod pa'i tshe shar mar bris pa la lo de'i zla 7pa'i tshes 1la yer pa zla ba phug gi sgrub khang chen por shwa lo ka kha shas bsnan nas yongs su grub pa 'dis kyang bod khams dus kyis rgud pa zhi zhing yid can thams cad dpal ri pad+ma 'od kyi gzhal med khang chen por skyes nas rang rig pad 'byung rje dang dbyer med mngon par byang chub pa'i rgyur gyur cig__/sarba dA mang+ga laM//____//

Footnotes

Other Information