གཙང་སར་མཆོག་སྤྲུལ་རིན་པོ་ཆེར་བསྟོད་པ་ལྷ་ཡི་རྔ་ཆེན།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-095
Wylie title gtsang sar mchog sprul rin po cher bstod pa lha yi rnga chen JKCL-KABUM-02-KHA-095.pdf
Location chos kyi blo gros bka' 'bum
Volume 2, Text 95, Pages 705 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gtsang sar mchog sprul rin po cher bstod pa lha yi rnga chen. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 705. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་ཐུབ་བསྟན་དཔལ་བཟང་ནས་ལྷ་རྫས་གངས་རིའི་མདང་འཛིན་དང་། རིན་གཉིས་མེ་ཏོག་ཕུན་སུམ་ཚོགས་པའི་གྲངས་ལྡན་བཅས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

ces pa'ang thub bstan dpal bzang nas lha rdzas gangs ri'i mdang 'dzin dang /__rin gnyis me tog phun sum tshogs pa'i grangs ldan bcas bskul ngor chos kyi blo gros pas bris pa dge zhing bkra shis par gyur cig

1 Texts in this Section (sde tshan or chos tshan)

[edit]
གཙང་སར་མཆོག་སྤྲུལ་རིན་པོ་ཆེར་བསྟོད་པ་ལྷ་ཡི་རྔ་ཆེན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། དུས་གསུམ་རྒྱལ་བའི་ཐུགས་བསྐྱེད་འོད་དཀར་ལས། །བསྟན་འགྲོའི་མགོན་དུ་བསམ་བཞིན་བྱོན་པའི་སྐུ། །འཇམ་དབྱངས་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། །སྤྱི་བོའི་རྒྱན་དུ་བསྟེན་བཞིན་གུས་པས་བསྟོད། །ཤེས་བྱ་རྒྱ་མཚོའི་གནས་ལ་ལེགས་སྦྱངས་ཤིང་། །མདོ་སྔགས་ཟབ་དོན་གདམས་པའི་གཏེར་གྱིས་ཕྱུག །ཐོས་བསམ་སྒོམ་པའི་ཕ་མཐར་རབ་སོན་ཅིང་། །མཆོག་གི་སྤྲུལ་སྐུ་མཚུངས་མེད་ཞབས་ལ་འདུད། །མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཕ་མཐའ་ཡས། །འཆད་རྩོད་རྩོམ་པས་ཐུབ་བསྟན་ཉིན་མོར་བྱེད། །སྐལ་བཟང་གདུལ་བྱའི་པདྨོ་བཞད་མཛད་པ། །དཔལ་ལྡན་བླ་མ་མཆོག་ལ་གུས་པས་འདུད། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བླ་མའི་ཞབས་བརྟན་བསྟན་པ་དར་ཞིང་རྒྱས། །འཇིག་རྟེན་བདེ་དགའི་དཔལ་འབྱོར་རྒྱས་པ་དང་། །ཕྱོགས་དུས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཅེས་པའང་ཐུབ་བསྟན་དཔལ་བཟང་ནས་ལྷ་རྫས་གངས་རིའི་མདང་འཛིན་དང་། རིན་གཉིས་མེ་ཏོག་ཕུན་སུམ་ཚོགས་པའི་གྲངས་ལྡན་བཅས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། །།

Footnotes

Other Information