JKCL-KABUM-02-KHA-004

From Khyentse Lineage - A Tsadra Foundation Project

སྟོན་པ་མཉམ་མེད་ཐུབ་དབང་རིན་པོ་ཆེར་བསྟོད་པ་ཚངས་པའི་མགྲིན་གསོལ།
Wylie title ston pa mnyam med thub dbang rin po cher bstod pa tshangs pa'i mgrin gsol JKCL-KABUM-02-KHA-004.pdf
Location chos kyi blo gros bka' 'bum
Volume 2, Text 4, Pages 317-321 (Folios 1a1 to 3a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཤཱཀྱ་ཐུབ་པ་ (Śākyamuni)
Citation 'jam dbyangs mkhyen brtse chos kyi blo gros. ston pa mnyam med thub dbang rin po cher bstod pa tshangs pa'i mgrin gsol. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 317-321. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

ཅེས་སྟོན་པ་བཀའ་དྲིན་མཚུངས་མེད་ལ་བསྟོད་པ་འདིའང་ས་སྐྱོང་སྡེ་དགེའི་ཆོས་རྒྱལ་ཆེན་པོའི་དྲུང་པཎྜི་ཏ་དབྱངས་ཅན་དགྱེས་པའི་ལེགས་བཤད་རྒྱ་མཚོའི་གཞིས་ཀ་རྒྱ་མཁར་གྱི་འཆི་མེད་བདེ་ལྡན་ལྷ་ཁང་བཀྲ་ཤིས་ཕུན་ཚོགས་འཁྱིལ་བར་ཤིང་ཁྱི་ས་ཟླའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོའི་ཚེས་ལ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དང་གཞན་གྱི་རྒྱུད་ལ་ཐུབ་དབང་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །ཤུ་བྷམ་ས་སྟུ་སརྦ་ཛ་ག་ཏཾ། །དགེའོ། དགེའོ། དགེའོ། ། །།

ces ston pa bka' drin mtshungs med la bstod pa 'di'ang sa skyong sde dge'i chos rgyal chen po'i drung paN+Di ta dbyangs can dgyes pa'i legs bshad rgya mtsho'i gzhis ka rgya mkhar gyi 'chi med bde ldan lha khang bkra shis phun tshogs 'khyil bar shing khyi sa zla'i dkar phyogs kyi bzang po dang po'i tshes la/__'jam dbyangs chos kyi blo gros pas gsol ba btab pa dang gzhan gyi rgyud la thub dbang ye shes gzigs pa'i byin rlabs myur du 'jug pa'i rgyur gyur cig__/shu b+ham sa stu sarba dza ga taM/____/dge'o/__dge'o/__dge'o/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
སྟོན་པ་མཉམ་མེད་ཐུབ་དབང་རིན་པོ་ཆེར་བསྟོད་པ་ཚངས་པའི་མགྲིན་གསོལ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། རྒྱལ་བ་ཉི་མ་འཇིག་རྟེན་གསུམ་གྱི་མགོན། །སྙིགས་མ་རྩོད་ལྡན་འདུལ་བར་ཐུགས་བསྐྱེད་པ། །ཐུབ་མཆོག་མཚུངས་མེད་ཤཱཀྱའི་རྒྱལ་པོ་ལ། །གུས་པས་མགོ་བོས་རབ་ཏུ་བཏུད་དེ་མཆོད། ༡། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་ནི། །ལྷ་བུ་དམ་པ་ཏོག་དཀར་མཚན་སྙན་པ། །དགའ་ལྡན་ལྷ་ཡི་གཞལ་མེད་ཁང་ཆེན་དེར། །ཐེག་ཆེན་ཆོས་ཀྱི་ལྷ་རྣམས་གྲོལ་བར་མཛད། ༢། འཛམ་བུའི་གླིང་དུ་འཕོ་བར་བཞེད་པ་ན། །གསེར་སྦྱང་ནོར་བུའི་བརྒྱན་པའི་ཅོད་པཎ་ཆེ། །མགོན་པོ་མ་ཕམ་བྱམས་པའི་དབུར་བཅིངས་ནས། །གཟིགས་པ་རྣམ་ལྔས་དགའ་ལྡན་གནས་ནས་གཤེགས། ༣། གླང་པོའི་རྒྱལ་པོ་མཆེ་བ་དྲུག་ལྡན་པ། །གངས་རིའི་མདོག་འཆང་མིག་མི་འཛུམ་བཞིན་དུ། །མཛེས་པའི་སྟོབས་ཀྱིས་སྒྱུ་མའི་ལྷུམས་སུ་ཞུགས། །གཙང་མའི་གཞལ་མེད་ཁང་པར་བྱིན་གྱིས་བརླབས། ༤། བྱང་ཆུབ་སེམས་དཔའི་ལུས་སྟོབས་ཡོངས་རྫོགས་ཏེ། །རྩིབས་མའི་གཡས་ཀྱི་སྒོ་ཆེན་བཟང་པོ་ནས། །ལྷར་བཅས་འཇིག་རྟེན་དགའ་བའི་གཞོན་ནུས་སྐུ། །ངོ་མཚར་མཚན་དཔེའི་པདྨོ་བཞད་པར་གྱུར། ༥། ལྷ་ཡི་སྲབ་འཇམ་དར་གྱིས་ལེགས་ཕྱིས་ཤིང་། །འཆི་མེད་ལམ་ནས་འབབ་པའི་བདུད་རྩིས་ཁྲུས། །གསོལ་བས་གཙང་ཞིང་ཤིན་ཏུ་དག་ཅིང་གཙང་། །མཛེས་སྐུ་འོད་ཟེར་བྱེ་བའི་གཟི་བརྗིད་འཕྲོ། ༦། གང་དུ་འབྱོན་དེར་པདྨ་སྟོང་ལྡན་རེ། །དེ་ཡི་མོད་ལ་འཁྲུངས་པའི་དགའ་སྟོན་འདི། །ཁོ་ནས་ཐུབ་པ་འཇིག་རྟེན་ཀུན་གྱི་རྒྱན། །མཚུངས་ཟླ་སྤངས་པའི་ཨུ་དུམ་ཝ་ར་བཞིན། ༧། ཤེས་བྱ་སྣ་ཚོགས་ནམ་མཁའི་རྗེས་འགྲོ་བ། །སྐད་ཅིག་རེས་ཀྱང་རྫོགས་པ་དེ་ཡི་མོད། །ཆེན་པོར་རློམ་པའི་ང་རྒྱལ་ཆང་གིས་མྱོས། །དྲེགས་ལྡན་ཐམས་ཅད་ངོ་ཚའི་གནས་སུ་བཀོད། ༨། ཞེན་མེད་རྣམ་གནོན་རྒྱལ་ཐབས་ཁྲིར་བཞུགས་ནས། །རིན་ཆེན་བདུན་གྱིས་འབྱོར་བའི་དཔུང་ཚོགས་ལ། །ཅི་བདེར་སྤྱོད་ཚེ་སུམ་རྩེན་བདག་པོ་ཡང་། ཁེངས་པ་བསྐྱུངས་པའི་ངང་ཚུལ་གྱུར་ཏོ་སྙམ། ༩། སྲིད་པའི་སྡུག་བསྔལ་སྤངས་པའི་སྤྲུལ་པ་བཞིན། །གཟིགས་ནས་ངེས་པར་འབྱུང་བའི་ཚུལ་བསྟན་ཅིང་། །ལྷ་ཡི་དཔལ་འབྱོར་མཆིལ་མ་བཞིན་དོར་ནས། །རབ་ཡངས་དགུང་སྔོན་མཐོན་པོའི་དབྱིངས་ནས་བསྐྱོད། ༡༠། རྒྱལ་བའི་མཆོད་རྟེན་རྣམ་པར་དག་པའི་དྲུང་། །སྟོན་པ་མེད་པ་རབ་ཏུ་བྱུང་བའི་ཚེ། །དབུ་ལྗོན་དབང་པོས་བསོད་ནམས་ལག་གིས་བླངས། །རྣམ་པར་རྒྱལ་བའི་མཆོད་པའི་རྟེན་དུ་གྲུབ། ༡༡། གདོད་ནས་རྣམ་གྲོལ་གོ་འཕང་བརྙེས་གྱུར་ཀྱང་། །གདུལ་བྱ་ཐར་ལམ་མཆོག་ལ་བཀྲི་དྲངས་གི། ཐབས་ལ་མཁས་པའི་ཆོ་འཕྲུལ་བསམ་ཡས་པས། །འཇིག་རྟེན་ཏིང་འཛིན་ཐོག་མར་འཁྲིད་ཚུལ་སྟོན། ༡༢། ཀུ་ཀུའི་མགྲིན་ལྟར་སྔོ་བའི་རྩྭ་འཇམ་སྟེང་། །སྐྱིལ་ཀྲུང་མི་གཡོ་བརྟན་པར་བཞུགས་བྱས་ཏེ། །མ་དག་ཟས་དང་འཁོན་པ་ལྟར་གྱུར་ནས། །ཟག་མེད་རོ་མཆོག་བརྒྱ་པས་འཚོ་བར་གྱུར། ༡༣། གང་ཞིག་བྱང་ཆུབ་དམ་པར་མངོན་ཕྱོགས་ཚེ། །དེ་ཙམ་རྣམ་གྲོལ་མཐར་ཐུག་མི་གཞོལ་ཕྱིར། །སྔ་མ་ལས་ལྡངས་རྡོ་རྗེ་གདན་གཤེགས་ནས། །བྱང་ཆུབ་ཆེན་པོ་མངོན་སུམ་བརྙེས་པར་སྟོན། ༡༤། འདོད་པའི་འཕྲུལ་ཞགས་རིང་དུ་འཕེན་པ་ཡི། །མེ་ཏོག་མདའ་ཅན་དཔུང་གི་ཚོགས་ལྷགས་ཚེ། །ཁྱོད་ཀྱི་བྱམས་པའི་མཚོན་གྱིས་བཏུལ་བ་ན། །དྲག་པོར་ཁྲོས་པའི་མཚོན་བརྒྱའང་ཞི་བར་འགྱུར། ༡༥། བདུད་ཀྱི་དགའ་མའི་བཞིན་རས་མཛེས་པ་དེ། །རྒ་བས་ནོན་པའི་གཟུགས་སུ་བསྒྱུར་བ་ན། །གཡོ་ཅན་དེ་ཡང་ཞུམ་བཅས་མདུན་དུ་ལྷགས། །དམ་ཚིག་མནོས་ཚེ་ཐུབ་གསུང་དཔང་པོ་ཡང་། ༡༦། འཛིན་མའི་ཁུར་ཁྱེར་གསེར་མདོག་བུམ་འཛིན་མ། །རིན་ཆེན་ལེགས་བརྒྱན་སྐུ་ཡི་ཕྱེད་ཐོན་སྟེ། །ཁྱོད་གསུང་དཔང་པོར་གྱུར་ཚེ་མདའ་ལྔ་པ། །ཤིན་ཏུ་སྐྱེངས་ཏེ་རང་གི་གནས་དེར་འཁུམས། ༡༧། ས་གའི་ཉ་ཡི་སྔོ་སངས་བུ་མོ་ཡི། །འཛུམ་ཞལ་ངོམ་ཚེ་འདྲེན་པ་མངོན་འཚང་རྒྱ། །ཤར་ནུབ་ཀུན་ཏུ་རྫུ་འཕྲུལ་ཞབས་ཀྱིས་བཅག །མི་གསུང་ཆོས་དབྱིངས་ཆེན་པོར་མཉམ་པར་འཇོག༡༨། དེ་ཚེ་གསེར་མངལ་ཅན་དང་མིག་སྟོང་ལྡན། །སྡེ་བཅས་ལྷགས་ནས་གསོལ་བཏབ་ཆོས་འཁོར་བསྐོར། །ལྔ་སྡེ་ལ་སོགས་བདེན་མཐོང་གནས་བཀོད་ནས། །དབང་རིམ་ཐེག་གསུམ་ཆོས་ཀྱི་གསུང་དབྱངས་སྒྲོགས། ༡༩། གསང་གསུམ་ཉི་མ་བྱེ་བའི་གཟི་བརྗིད་ཀྱིས། །མུ་སྟེགས་གཉིས་འཐུང་མཆེ་རྣོན་སྨད་ནས་ནི། །སྡང་བ་མེད་ཀྱང་ལྟ་ངན་སྡེ་བཅས་བརླག །བདེ་གཤེགས་མི་ཡི་སེངྒེ་འགྲན་ཟླ་སྤངས། ༢༠། རལ་པའི་ཚོགས་ཀྱིས་ཀུན་ནས་འཐིབ་པ་དང་། །མུན་སྤྲུལ་ཕྱིན་ཅི་ལོག་གི་རྒྱུད་ཁེངས་རྣམས། །ཐུབ་པའི་སྐུ་ཡི་བ་སྤུ་རེ་རེ་ལས། །ཆོ་འཕྲུལ་ཕྲ་མོ་རེས་ཀྱང་མོག་པོར་བྱེད། ༢༡། འདུལ་བ་རྣམ་བཞིའི་མཛད་པ་མཐའ་ཀླས་པ། །སེམས་ལྡན་སུ་ཞིག་གིས་ནི་སེམས་པར་ནུས། །འཇམ་དཔལ་དབྱངས་ཀྱིས་བརྗོད་པར་མི་སྤོབས་ན། །བདག་འདྲས་བརྗོད་པའི་ངལ་བས་ཅི་ཞིག་བྱ། ༢༢། སྐུ་ཡི་མཛད་པ་དབྱིངས་སུ་སྡུད་པའི་ཚེ། །སེངྒེའི་ཁྲི་ལ་མཚན་དཔེའི་སྐུ་བསྙལ་ཏེ། །བཞུགས་པའི་ཚུལ་ནི་རི་མོར་བྲིས་པས་ཀྱང་། །སེམས་གཅོང་བྱེད་ན་སྨྲ་བར་ག་ལ་སྤོབས། ༢༣། ངེས་དོན་ཐེག་པ་ཆེན་པོའི་ཚུལ་བཟང་པོར། །སྟོན་པ་མྱ་ངན་མི་འདའ་རྟག་བཞུགས་ཤིང་། །ཆོས་ཀྱི་སྣང་བས་ཁྱབ་པར་མཛད་བཞིན་དུ། །བཞུགས་པའི་གསུང་གིས་དབུག་དབྱུངས་ཆེན་པོ་བྱིན། ༢༤། དེ་ལྟར་ཐུབ་པ་དྲང་སྲོང་ཆེན་པོ་དེས། །མཛད་པའི་རྣམ་ཐར་ཤས་ཙམ་མཐོང་བ་ལ། །བདག་བློ་དད་པའི་སྤུ་ལོང་ཆེར་གཡོས་པས། །བླ་མ་ཐུབ་མཆོག་དེ་ལ་བསྟོད་པའི་ཚིག༢༥། སྦྱར་བའི་དགེ་བས་སྟོན་པ་མཆོག་དེ་ཡི། །བྱིན་རླབས་སྙིང་གི་དབུས་སུ་སིམ་པ་དང་། །ལེགས་གསུང་དམ་པའི་ཆོས་ལ་བློ་མཆོག་གཏེར། །མཚུངས་མེད་རྙེད་ནས་བསྟན་པ་གསལ་གྱུར་ཅིག༢༦། དེང་བཟུང་ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་ཀྱི། །ཕུང་པོ་རྒྱས་པའི་བསུང་ཞིམ་དངར་མོོ་ཡིས། །རྒྱལ་བ་དགྱེས་པའི་མཆོད་པ་སྟོབས་པ་དང་། །ཤཱཀྱའི་རྒྱལ་པོ་མཆོག་དང་མི་འབྲལ་ཤོག༢༧། ཅེས་སྟོན་པ་བཀའ་དྲིན་མཚུངས་མེད་ལ་བསྟོད་པ་འདིའང་ས་སྐྱོང་སྡེ་དགེའི་ཆོས་རྒྱལ་ཆེན་པོའི་དྲུང་པཎྜི་ཏ་དབྱངས་ཅན་དགྱེས་པའི་ལེགས་བཤད་རྒྱ་མཚོའི་གཞིས་ཀ་རྒྱ་མཁར་གྱི་འཆི་མེད་བདེ་ལྡན་ལྷ་ཁང་བཀྲ་ཤིས་ཕུན་ཚོགས་འཁྱིལ་བར་ཤིང་ཁྱི་ས་ཟླའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོའི་ཚེས་ལ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དང་གཞན་གྱི་རྒྱུད་ལ་ཐུབ་དབང་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །ཤུ་བྷམ་ས་སྟུ་སརྦ་ཛ་ག་ཏཾ། །དགེའོ། དགེའོ། དགེའོ། ། །།
[edit]

ston pa mnyam med thub dbang rin po cher bstod pa tshangs pa'i mgrin gsol zhes bya ba bzhugs so/____/oM swa sti/__rgyal ba nyi ma 'jig rten gsum gyi mgon/____/snyigs ma rtsod ldan 'dul bar thugs bskyed pa/____/thub mchog mtshungs med shAkya'i rgyal po la/____/gus pas mgo bos rab tu btud de mchod/__1/__srid pa tha ma'i byang chub sems dpa' ni/____/lha bu dam pa tog dkar mtshan snyan pa/____/dga' ldan lha yi gzhal med khang chen der/____/theg chen chos kyi lha rnams grol bar mdzad/__2/__'dzam bu'i gling du 'pho bar bzhed pa na/____/gser sbyang nor bu'i brgyan pa'i cod paN che/____/mgon po ma pham byams pa'i dbur bcings nas/____/gzigs pa rnam lngas dga' ldan gnas nas gshegs/__3/__glang po'i rgyal po mche ba drug ldan pa/____/gangs ri'i mdog 'chang mig mi 'dzum bzhin du/____/mdzes pa'i stobs kyis sgyu ma'i lhums su zhugs/____/gtsang ma'i gzhal med khang par byin gyis brlabs/__4/__byang chub sems dpa'i lus stobs yongs rdzogs te/____/rtsibs ma'i g.yas kyi sgo chen bzang po nas/____/lhar bcas 'jig rten dga' ba'i gzhon nus sku/____/ngo mtshar mtshan dpe'i pad+mo bzhad par gyur/__5/__lha yi srab 'jam dar gyis legs phyis shing /____/'chi med lam nas 'bab pa'i bdud rtsis khrus/____/gsol bas gtsang zhing shin tu dag cing gtsang /____/mdzes sku 'od zer bye ba'i gzi brjid 'phro/__6/__gang du 'byon der pad+ma stong ldan re/____/de yi mod la 'khrungs pa'i dga' ston 'di/____/kho nas thub pa 'jig rten kun gyi rgyan/____/mtshungs zla spangs pa'i u dum wa ra bzhin/__7/__shes bya sna tshogs nam mkha'i rjes 'gro ba/____/skad cig res kyang rdzogs pa de yi mod/____/chen por rlom pa'i nga rgyal chang gis myos/____/dregs ldan thams cad ngo tsha'i gnas su bkod/__8/__zhen med rnam gnon rgyal thabs khrir bzhugs nas/____/rin chen bdun gyis 'byor ba'i dpung tshogs la/____/ci bder spyod tshe sum rtsen bdag po yang /__khengs pa bskyungs pa'i ngang tshul gyur to snyam/__9/__srid pa'i sdug bsngal spangs pa'i sprul pa bzhin/____/gzigs nas nges par 'byung ba'i tshul bstan cing /____/lha yi dpal 'byor mchil ma bzhin dor nas/____/rab yangs dgung sngon mthon po'i dbyings nas bskyod/__10/__rgyal ba'i mchod rten rnam par dag pa'i drung /____/ston pa med pa rab tu byung ba'i tshe/____/dbu ljon dbang pos bsod nams lag gis blangs/____/rnam par rgyal ba'i mchod pa'i rten du grub/__11/__gdod nas rnam grol go 'phang brnyes gyur kyang /____/gdul bya thar lam mchog la bkri drangs gi/__thabs la mkhas pa'i cho 'phrul bsam yas pas/____/'jig rten ting 'dzin thog mar 'khrid tshul ston/__12/__ku ku'i mgrin ltar sngo ba'i rtswa 'jam steng /____/skyil krung mi g.yo brtan par bzhugs byas te/____/ma dag zas dang 'khon pa ltar gyur nas/____/zag med ro mchog brgya pas 'tsho bar gyur/__13/__gang zhig byang chub dam par mngon phyogs tshe/____/de tsam rnam grol mthar thug mi gzhol phyir/____/snga ma las ldangs rdo rje gdan gshegs nas/____/byang chub chen po mngon sum brnyes par ston/__14/__'dod pa'i 'phrul zhags ring du 'phen pa yi/____/me tog mda' can dpung gi tshogs lhags tshe/____/khyod kyi byams pa'i mtshon gyis btul ba na/____/drag por khros pa'i mtshon brgya'ang zhi bar 'gyur/__15/__bdud kyi dga' ma'i bzhin ras mdzes pa de/____/rga bas non pa'i gzugs su bsgyur ba na/____/g.yo can de yang zhum bcas mdun du lhags/____/dam tshig mnos tshe thub gsung dpang po yang /__16/__'dzin ma'i khur khyer gser mdog bum 'dzin ma/____/rin chen legs brgyan sku yi phyed thon ste/____/khyod gsung dpang por gyur tshe mda' lnga pa/____/shin tu skyengs te rang gi gnas der 'khums/__17/__sa ga'i nya yi sngo sangs bu mo yi/____/'dzum zhal ngom tshe 'dren pa mngon 'tshang rgya/____/shar nub kun tu rdzu 'phrul zhabs kyis bcag__/mi gsung chos dbyings chen por mnyam par 'jog18/__de tshe gser mngal can dang mig stong ldan/____/sde bcas lhags nas gsol btab chos 'khor bskor/____/lnga sde la sogs bden mthong gnas bkod nas/____/dbang rim theg gsum chos kyi gsung dbyangs sgrogs/__19/__gsang gsum nyi ma bye ba'i gzi brjid kyis/____/mu stegs gnyis 'thung mche rnon smad nas ni/____/sdang ba med kyang lta ngan sde bcas brlag__/bde gshegs mi yi seng+ge 'gran zla spangs/__20/__ral pa'i tshogs kyis kun nas 'thib pa dang /____/mun sprul phyin ci log gi rgyud khengs rnams/____/thub pa'i sku yi ba spu re re las/____/cho 'phrul phra mo res kyang mog por byed/__21/__'dul ba rnam bzhi'i mdzad pa mtha' klas pa/____/sems ldan su zhig gis ni sems par nus/____/'jam dpal dbyangs kyis brjod par mi spobs na/____/bdag 'dras brjod pa'i ngal bas ci zhig bya/__22/__sku yi mdzad pa dbyings su sdud pa'i tshe/____/seng+ge'i khri la mtshan dpe'i sku bsnyal te/____/bzhugs pa'i tshul ni ri mor bris pas kyang /____/sems gcong byed na smra bar ga la spobs/__23/__nges don theg pa chen po'i tshul bzang por/____/ston pa mya ngan mi 'da' rtag bzhugs shing /____/chos kyi snang bas khyab par mdzad bzhin du/____/bzhugs pa'i gsung gis dbug dbyungs chen po byin/__24/__de ltar thub pa drang srong chen po des/____/mdzad pa'i rnam thar shas tsam mthong ba la/____/bdag blo dad pa'i spu long cher g.yos pas/____/bla ma thub mchog de la bstod pa'i tshig25/__sbyar ba'i dge bas ston pa mchog de yi/____/byin rlabs snying gi dbus su sim pa dang /____/legs gsung dam pa'i chos la blo mchog gter/____/mtshungs med rnyed nas bstan pa gsal gyur cig26/__deng bzung tshe rabs kun tu tshul khrims kyi/____/phung po rgyas pa'i bsung zhim dngar mo+o yis/____/rgyal ba dgyes pa'i mchod pa stobs pa dang /____/shAkya'i rgyal po mchog dang mi 'bral shog27/__ces ston pa bka' drin mtshungs med la bstod pa 'di'ang sa skyong sde dge'i chos rgyal chen po'i drung paN+Di ta dbyangs can dgyes pa'i legs bshad rgya mtsho'i gzhis ka rgya mkhar gyi 'chi med bde ldan lha khang bkra shis phun tshogs 'khyil bar shing khyi sa zla'i dkar phyogs kyi bzang po dang po'i tshes la/__'jam dbyangs chos kyi blo gros pas gsol ba btab pa dang gzhan gyi rgyud la thub dbang ye shes gzigs pa'i byin rlabs myur du 'jug pa'i rgyur gyur cig__/shu b+ham sa stu sarba dza ga taM/____/dge'o/__dge'o/__dge'o/__/____//_

Footnotes

Other Information