གཏེར་སྲུང་མཆོད་པཿ

From Khyentse Lineage - A Tsadra Foundation Project
Wylie title gter srung mchod pa
Location mdo mkhyen brtse bka' 'bum
Volume 7, Text 52, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
[edit]
༄༅། །གཏེར་སྲུང་མཆོད་པ་ནིཿ ཧཱུཾ། །དགེ་བསྙེན་ཤིའུ་མཁའ་རི་དང༌། །ཇོ་བོ་ཀླུ་བདུད་མགོ་དགུ་དང༌། །བསྙོ་ཁ་ནག་པོ་ཏི་པ་ཙ། །གཏེར་སྲུང་ཚོགས་རྣམས་གནས་འདིར་སྤྱོན། །ཉེར་སྤྱོད་འདོད་ཡོན་གཏོར་མ་དང༌། །མཐུན་པའི་དམ་རྫས་ཚོགས་ཀྱིས་མཆོད། །ཉམ་ཆགས་འགལ་འཁྲུལ་ཅི་མཆིས་བཤགས། །ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། །ཨོཾ་ཨཱ་ཀོ་རོ༴ ལན་གསུམ་གྱིས་གཏོར་མ་བསྔོ། ཨོཾ་དེ་ཝ་ནཱ་ག་ཨརྒྷཾ་ནས་ཤཔྟ་པྲ་ཏིཙྪ་སྭཱ་ཧཱ། ཧཱུྃ་མཁོ་མཐིང་གཏེར་སྲུང་ཤེལ་གིང་དཀར། །ཚུར་བྱོན་དགྱེས་པའི་གདན་ལ་བཞུགས། །སྨན་རཀ་གཏོར་གསུམ་ཕྱི་ནང་གི། །འདོད་ཡོན་མཆོད་པ་རྒྱ་མཚོ་འབུལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ཟབ་ཆོས་འཆད་ཉན་སྒོམ་སྒྲུབ་ལ། །ཕྲག་དོག་ཉེར་འཚེ་མེད་པ་ཡིས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་མ་ཧཱ་རཱ་ཛ་གིང་ཀ་ར་ས་པཱ་རི་ཝ་ར་མ་ཧཱ་པཉྩ་མ་ཧཱ་རཀྟ། མ་ཧཱ་བཱ་ལིངྟ་ཁཱ་ཧི། སྔགས་མཇུག་ཏུ་ཨ་རྒྷཾ་ནས་ཤཔྟའིབར་གྱིས་མཆོད། ཧཱུཾ། གཏེར་གྱི་སྲུང་མ་འཁོར་དང་བཅས། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །ཟབ་གཏེར་གཉན་གྱི་བསྟན་པ་སྲུངས། །ཞི་རྒྱས་དབང་དང་དྲག་པོའི་ལས། །ཐོགས་མེད་མྱུར་དུ་འགྲུབ་པར་མཛོད། །ཅེས་གཏོར་མ་གཤེགས་སོ། བཅའ་ཐབ་ནི། དགེ་བསྙེན་ཤིའུ་ལ་ཟླུམ་གཏོར་གཅིག ཇོ་བོ་ཀླུ་བདུད་དང་བསྙོ་ཁ་གཉིས་ལ་ཟླུམ་གཏོར་སྦྲུལ་འཁྱུད་ཅན་གཉིས། གཏེར་སྲུང་ཤེལ་གིང་ལ་གསང་བྱི་ཕྱེད་བཤོས་དང༌། སོ་སོའི་མཐུན་རྫས་ཟས་སྣ་སྐྱེམས་ཕུད་བཅས་བཤམ་མོ། །ཕྲིན་ལས་མྱུར་རོ། །