འཕགས་མཆོག་གར་དབང་ལས་ཚོགས་སྐོར་ལསཿ གྲིབ་སེལ་ཟབ་པའི་མཐར་ཐུག་བཞུགསཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-06-CHA-003
Wylie title 'phags mchog gar dbang las tshogs skor las grib sel zab pa'i mthar thug
Location mdo mkhyen brtse bka' 'bum
Volume 6, Text 3, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Ritual and Liturgical Texts - cho ga phyag len
Cycle འཕགས་མཆོག་གར་དབང་སྒྲུབ་སྐོར་ ('phags mchog gar dbang sgrub skor)
Deity thugs rje chen po
Colophon

ཁྲག་འཐུང་ལས་ཀྱི་དཔའ་བོས་མཁའ་དབྱིངས་པདྨ་རཀྟའི་ཀློང་ནས་སྦྱན་དྲངས་ཤིང་དག་བར་ཕབ་བའོཿ ཁ་ཐཾཿ གུ་ཧྱཿ ཡི་གེ་པ་ནི་དཔལ་གྱི་སེངྒེས་སོ།།

khrag 'thung las kyi dpa' bos mkha' dbyings pad+ma rak+ta'i klong nas sbyan drangs shing dag bar phab ba'oH_kha thaMH_gu h+yaH_yi ge pa ni dpal gyi seng+ges so//

[edit]
ཧྲཱི༔ འཕགས་མཆོག་གར་དབང་ལས་ཚོགས་སྐོར་ལསཿ གྲིབ་སེལ་ཟབ་པའི་མཐར་ཐུག་བཞུགསཿ

༑༑༑༑༑༑ །གར་གྱི་དབང་ཕྱུག་སྙིང་རྗེའི་ལྷ་ལ་འ»དུད«་»ཿ བདག«་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་ལས་ཅན་སྐལ་ལྡན་སྐྱེས་བུའི་»དོན«ཿ མཁའ་འགྲོའི་གྲིབ་་སེལ་གསང་བ་གཅིག་བརྒྱུད་བསྟནཿ གཞི་དཀར་སྟེང་དུ་འབྲས་ཀྱི་ཚོམ་བུའི་ཁརཿ ཟངས་ཀྱི་བུམ་པ་མགུལ་ཆིངས་མཐིང་ཀས་བརྒྱནཿ གུར་གུམ་གླ་»རྩི«་ཙནྡན་དཀར་པོ་དངཿ བདེ་བསྐྱེད་མའི་ཆུར་ཛ་ཏི་ཆོས་སྨན་བཏབཿ རྒྱུན་ལྡན་ཆུ་གཙང་བུམ་པའི་སུམ་གཉིས་བཀངཿ »རྨ་བྱ«འི་མདོངས་དང་བ་ལུ་གཡུ་ཤུག་མཁནཿ ཁ་བརྒྱན་ལེགས་བཀོད་མཚན་ལྡན་བྷནྡྷ་རུཿ ཆང་ཁྲུས་ལྡན་པའི་བདུད་བརྩིའི་ལེགས་པར་བཀངཿ མེ་ལོང་དུང་མགྲོན་བརྒྱན་པའི་མདའ་དར་བཀོདཿ མདུན་དུ་མཆོད་གཏོར་སྨན་རཀ་ཉེར་སྦྱོར་བསྐོརཿ བདག་བསྐྱེད་ཐུགས་རྗེ་ཆེན་པོའི་གཞུང་བསྲངས་ལཿ བཟླས་པའི་མཇུག་ཏུ་མདུན་བསྐྱེད་སྒོམ་པ་ནི»།« ཨོཾ་སྭ་བྷཱ་ཝ་སོགས»།« མདུན་དུ་རིན་ཆེན་བུམ་པ་ནིཿ ཚད་དང་མཚན་ཉིད་ཡོངས་རྫོགས་དབུསཿ སྣ་ཚོགས་པད་ཉིའི་གདན་སྟེང་དུཿ གྲབ་སེལ་ལྷ་མོ་ཆེན་མོ་ནིཿ མཐིང་ནག་ཞལ་གཅིག་ཕྱག་གཉིས་པཿ གཡས་པ་རལ་གྲི་འབར་བ་དངཿ གཡོན་པ་ཉི་མའི་དཀྱིལ་འཁོར་འཛིནཿ ཞི་མ་ཁྲོའི་ཉམས་སྤྱན་གསུམ་བསྒྲད༔ ཐོར་གཙུག་རུས་པའ»ི«་རྒྱན་»དྲུ«ག་དངཿ ཞབས་གཉིས་རབ་བསྒྲད་དར་དབྱངས་བརྒྱནཿ དེ་ཡི་ཐུགས་ཀར་རིན་པོ་ཆེའིཿ འཆོང་གུར་དབུས་སུ་ཟླ་བའི་སྟེང་ཿ ཧཱུྃ་ཡིག་རི་བོང་འཛིན་པའི་མདོགཿ ད»ེ«་མཐར་སྔགས་ཀྱི་ཕྲེང་བས་བསྐོརཿ ཡེ་ཤེས་ལྷ་ཚོགས་སྤྱན་དྲ»ང«ས་བསྟིམཿ ཕྱི་ནང་གསང་བའི་མཆོད་ཚོགས་འབུལཿ དཔག་མེད་ཉམས་ཆག་འགལ་འཁྲུལ་བཤགསཿ སྐུ་གསུང་ཐུགས་ལ་གུས་པས་བསྟོདཿ རང་གི་ཐུགས་ཀའི་ས་བོན་ལསཿ འོད་ཟེར་འཕྲོས་བས་མདུན་བསྐྱེད་ཀྱིཿ ཐུགས་ཀའི་སྔགས་ཕྲེང་ལ་ཕོག་པསཿ འོང་ཟེར་འཕྲོ་འདུས་དོན་གཉིས་བྱསཿ བྱིན་རླབས་ད»ངོ«ས་གྲུབ་ཚུར་བསྡུས་ཤིངཿ སྔགས་ཕྲེང་ལས་བྱུང་བདུད་རྩིའི་རྒྱུནཿ སྐུ་ཡི་དབྱིངས་བརྒྱུད་པདྨའི་ལམཿ ནས་བབ་བུམ་བ་ཡོངས་གང་གྱུརཿ ཨོཾ་བཛྲ་»ཛྙཱནཱ་«རོ་ཥ་ན་ཌཱཀྐི་ནིཿ དྷུ་་ན་མ་ཏི་ཡོ་ཏིཥྛ་ན་ཡོ་ཏི་ཥ྄»ག«་ཏེ་སརྦ་ཙིཏྟ་ཨ་བྷི་ཥྛ་ན་ཨ་བྷི་ཥ྄ག་ཏེ་བྷི་ན་བྷི་མུཀ་གུ་ཧྱ་ཡོ་དྷི་ཥྛ་ན་ཡོ་དྷི་ཥ྄ག་ཏིཿ བྷི་མ་མུ་དྷི་མུ་དྷིཿ སུ»ཾ«་བྷུ་ན་བྷ་མི་ཁི་ཏེཿ ཀྲོ་ཏ་མུ་དྷ་ལ་ན་ཨ་»ཨ་«མུ་ཥི་བི་་མ་ལ་ཡེ་སྭཱ་ཧཱཿ སྔགས་ཀྱི་སྙིང་བོ་རྡོ་རྗེའི་བཅུད་དྲིལ་འདིཿ སྟོང་ཕྲག་གཅིག་བཟླས་ལས་ཀུན་ཐོགས་མེད་འགྲུབཿ དམ་གྲིབ་ཉམས་གྲིབ་མཁོན་གྲིབ་མི་གཙང་གྲིབཿ མཛེ་ཡུགས་དམེ་མནོལ་ཟས་དང་གོས་སྤྱོད་གྲིབཿ ཅིས་ཀྱང་མི་ཤིག་རྡོ་རྗེའི་གོ་ཁྲབ་སྟེཿ དམ་ཚིག་ལྡན་བས་འདི་ལ་ནན་ཏན་གྱིསཿ འབུམ་ཕྲག་གཅིག་བཟླས་མཛེ་ཡུགས་རོ་ཟོས་ཀྱངཿ གནོད་བར་གྱུར་པ་ལྟ་ཅི་གསོ་བྱེད་ཀྱིཿ སྨན་མཆོག་ཡེ་ཤེས་བདུད་རྩེར་འགྱུར་བར་ངེསཿ ཡོན་ཏན་ནུས་པ་བསྐལ་བར་བརྗོད་མི་ཡངས༔ ཇི་ལྟར་བདེན་རྫུན་ལག་ཏུ་ལོངས་དང་གསལཿ སྐབས་སུ་ཆང་ཁྲུས་དག་ལ་སྔགས་ཀྱིས་བཏབཿ ཐུན་མཐར་མཆོད་བསྟོད་འོད་ཞུ་བརྟན་པར་བྱཿ དེ་ནས་རིག་འཛིན་རེ་བའི་གདན་དུ་བཞུགས་བུམ་པ་ཐོགས་ཤིང་མདུན་དུ་གྲིབ་གླུད་བཞགཿ ཧོཿ འབྱུང་བ་ལྔ་ལས་བསྐྱེད་པ་ཡིཿ ལུས་དང་ངག་ཡིད་ལྷ་སྲུང་ལཿ མི་གཙང་གྲིབ་ཀྱིས་ཕོག་པ་དང་ཿ དམ་ཚིག་ཉམས་པའི་དམ་གྲིབ་ཕོགཿ དམེ་རྨུགས་མཛེ་ཡུགས་རོ་བག་དངཿ མཁོན་གཞོབ་ཐབ་དང་ཟབ་གོས་སོགས༔ བག་མེད་རྐྱེན་གྱིས་གྲིབ་གྱུར་ཀུནཿ བཀྲུའོ་བྱང་ཞིང་དག་གྱུར་ཅིགཿ སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་དམིགས་གནད་དང་ལྡན་པའི་ཆུས་བཀྲུ་བར་བྱའོཿ ལུས་ཡོངས་སུ་བརྐུས་པའི་མཐར་གདན་རེ་ནག་ངར་མི་འོག་ཏུ་དོརཿ རྨ་བྱའི་མདོངས་ཐོགས་ལ་བདེན་སྟོབས་བརྗོད་ཅིང༔ བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོའི་སྟོབས་ཆོས་ཉིད་རྣམ་པར་དག་པའི་མཐུས་རིག་པ་འཛིན་པ་འདི་ཉིད་ཀྱི་སྐུུ་གསུང་ཐུགས་ལ་ཉེས་པའི་སྐྱོན་དང་འགལ་རྐྱེན་གྱིས་ཕོག་པའི་ཉམས་གྲིབ་མཁོན་གཞོབ་འགོ་བའི་ལྷ་སྲུང་ཉམས་པར་གྱུར་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱཿ ཞེས་བརྗོད་ཅིང་བསྙེན་པ་ཉི་ཤུ་རྩ་གཅིག་བཟླ་ཞིང་བྱ་བ་པར་བྱའོཿ དེ་ནས་གླུད་རྫས་བྱིན་གྱིས་བརླབས་ལཿ ཧཱུྃཿ ཕྱོགས་ཕྱོགས་དག་ནི་པ་གི་ནཿ ཉི་མ་ནུབ་ཕྱོགས་ཕ་གི་ནཿ གྲིབ་ཡུལ་མུན་པ་གླིང་དགུ་ནཿ གྲིབ་བདག་རྒྱལ་མོ་རྫུ་འཕྲུལ་ཅནཿ གྲིབ་ཐོད་ནག་པོ་དབུ་ལ་བརྒྱནཿ གྲིབ་དར་ནག་པོ་ལག»་«ན་གཡུགསཿ གྲིབ་ཀྱི་དྲྭ་བ་རྒྱབ་ཏུ་ཁུརཿ གྲིབ་རྟ་གླ་བ་རྐང་གསུམ་ཞོནཿ གྲིབ་ཁྱི་སྦྱང་ཀི་ནག་པོ་ཁྲིདཿ གྲིབ་བྱ་འོལ་བ་གླད་ན་ལྡིངཿ སྔ་ལོག་གྲིབ་ཀྱི་རྐྱལ་པ་དངཿ ཕྱི་ལོག་ནད་ཀྱི་གལ་ཏ་བཀལཿ ནད་བདག་ཆེན་མོ་རྫུ་འཕྲུལ་ཅནཿ འདོད་ཡོན་གྲིབ་གླུད་རྒྱུན་ལྡན་མཆོགཿ སྐུ་མཁར་འབྲང་རྒྱས་འདི་བཞེས་ལཿ གྲིབ་ཡུལ་མུན་པ་གླིང་དགུར་དེངསཿ ཕྱིན་ཆད་གནས་འདིར་མ་འཁོརཅིགཿ བདག་ནི་ཐུགས་རྗེ་ཆེན་པོ་སྟེཿ འགྲོ་བ་ཀུན་ལ་བུ་ལྟར་བརྩེཿ སེམས་ཅན་ཡོངས་ལ་མ་ལྟར་བྱམསཿ ང་ཡི་བཀའ་ལས་འདའ་གྱུར་ནཿ ཁྱོད་ནི་སྟོབས་རྩལ་འཇོམས་གྱུར་ཅིང་ཿ རྡོ་རྗེའི་དམྱལ་བ་ཆེན་བོར་ལྟུངཿ དེ་བས་མ་འདུག་མྱུར་དུ་དེངསཿ ཞེས་བརྗོད་ཅིང་གླུད་གཏོར་ལྷོ་ཕྱོགས་རྒྱ་མཚོའི་ཕ་མཐར་དོར་རོ༔ དེ་ནས་བདུད་རྩི་ཆང་ཀྲུས་ཀྱིས་ལུས་ཀུན་བཀྲུ་ཞིང་ཁོང་དུ་བཏངཿ ཤིང་སྣ་གསུམ་གྱི་དུད་པས་འདུགཿ མདའ་དར་གཡབ་ཅིངཿ ཧྲཱིཿ སྐུ་གསུམ་ཞིང་ཁམས་རབ་འབྱམ་དཔག་མེད་ནསཿ བཞུགས་པའི་རྒྱལ་བ་རྒྱ་མཚོ་སྲས་དང་བཅས༔ ཁྱད་བར་འཕགས་མཆོག་གར་དབང་ཚེ་ཡི་ལྷཿ པདྨ་འབྱུང་གནས་རིག་འཛིན་རྗེ་འབངས་ཚོགསཿ ལྷ་མིའི་དྲང་སྲོང་བདེན་ཚིག་གྲུབ་རྣམས་ཀྱིསཿ བྱིན་ནུས་ཕོབ་ལ་འཆི་མེད་ཚེ་དབང་སྩོལཿ རྡོ་རྗེ་སློབ་དཔོན་རིག་པ་འཛ»ི«ན་པ་ཡིསཿ སྐུ་ཚེ་བསྐལ་བ་རྒྱ་མཚོ་ཡུན་བརྟན་ཞིང༔ བར་ཆད་བདུད་ལས་རྣམ་པར་རྒྱལ་བ་དང་ཿ མ»ི«་ག»ཙ«ང་གྲིབ་དང་ན་བུན་ཀུན་བསལ་ཞིངཿ འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྦྱོད་ནསཿ ཚེ་དབང་རིག་འཛིན་རྡོ་རྗེའི་སྐུ་བརྙེས་ཤོགཿ ཀ་ཡ་»ཝཱ«»ཀྐ«་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃཿ ཞེས་བརྗོད་ཅིང་ཞབས་བརྟན་འབུལཿ ཤིས་བརྗོད་བྱའོཿ ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མ་ལཿ དམ་ཉམས་གྲིབ་དང་མི་གཙང་རྐྱེན་ལྡང་ཞིང༔ ཁྱད་བར་ང་སྤྲུལ་སྐྱེས་བུའི་ལུས་སེམས་ལཿ འཁྲུགས་སྦྱོར་རྐྱེན་མང་བར་ཆད་འབྱུང་བའི་དུསཿ བར་ཅད་སེལ་ཕྱིར་ལྷ་ལྕམ་ལག་ཆ་རུཿ པདྨ་བདག་གིས་སྦྱིན་ནོ་སྙིང་ལ་འཆངཿ རིན་ཆེན་འབར་བའི་བརྡ་རིས་ཆེན་མོར་ཐོབཿ ལས་ཅན་སྙིང་གི་བུ་དག་འཕྲད་བར་ཤོགཿ ས་མ་ཡཿ སྐུ་གསུང་ཐུགས་ཀྱི་རྒྱཿ ཁྲག་འཐུང་ལས་ཀྱི་དཔའ་བོས་མཁའ་དབྱིངས་པདྨ་རཀྟའི་ཀློང་ནས་སྦྱན་དྲངས་ཤིང་དག་བར་ཕབ་བའོཿ ཁ་ཐཾཿ གུ་ཧྱཿ ཡི་གེ་པ་ནི་དཔལ་གྱི་སེངྒེས་སོ།།