དྲང་སྲོང་དྲི་མེད་འོད་ཟེར་གྱི། །ཆུ་གཏོར་འབུལ་བའི་རིམ་པ།

From Khyentse Lineage - A Tsadra Foundation Project
Wylie title drang srong dri med 'od zer gyi chu gtor 'bul ba'i rim pa
Location mdo mkhyen brtse bka' 'bum
Volume 4, Text 34, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Torma-offering Rituals - gtor chog
[edit]
༄༅།« །དྲང་སྲོང་དྲི་མེད་འོད་ཟེར་གྱི། །ཆུ་གཏོར་འབུལ་བའི་རིམ་པ་ནི། །དཀར་གསུམ་མངར་གསུམ་གཏོར་རིལ་དང༌། །ཤིང་ཏོག་འོ་ཆབ་དང་བཅས་བཤམས། །ཨ་མྲྀ་ཏས་བསང་སྭ་བྷས་སྦྱང༌།» །ཨོཾ་ཨཱཿཧཱུྃ་«གསུམ་བྱིན་གྱིས་རློབ།» རང་གི་སྙིང་ཀའི་འོད་ཟེར་གྱིས་རི་རབ་ཀྱི་རྩེ་ནས་དྲང་སྲོང་དྲི་མེད་འོད་ཟེར་འཁོར་དྲང་སྲོང་འབུམ་ཕྲག་དུ་མའི་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་«བར་»བསམ་«ལ།» ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿཧཱུྃ་བཾ་ཧོ། ཨོཾ་གྱིས་འབག་བཙོག་དག་པར་གྱུར། ཨཱཿཡིས་རྒྱ་མཚོར་སྤེལ་ནས་ཀྱང༌། ཧཱུྃ་གིས་གཏོར་མ་བདུད་རྩིར་བཞུ། «འབྲུ་གསུམ་ལན་བདུན་བརྗོད།» དྲང་སྲོང་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར་«བར་བསམ་ལ། »ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿ ཁ་ཁ་ཁཱ་ཧི་ཁཱ་ཧི་དུ་ན་ཡ་སྭཱ་ཧཱ། དྲང་སྲོང་དྲི་མེད་འོད་ཟེར་སོགས་དྲང་སྲོང་རྣམས་ཀྱི་ཞལ་དུ་ཁཱ་ཧི་ཁཱ་ཧི། «ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ་ལ། »སངས་རྒྱས་ཀུན་ཀྱི་སྤྲུལ་པའི་སྐུ། །དྲང་སྲོང་ཆེན་པོ་རིག་སྔགས་བདག །སྡེ་བརྒྱད་འདུལ་བའི་དྲག་ཤུལ་ཅན། །ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །དྲང་སྲོང་དྲི་མེད་འོད་ཟེར་འཁོར་དང་བཅས་པ་རྣམས་ཀྱི་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཕྱི་ནང་གི་བར་ཆད་ཐམས་ཅད་ལས་སྐྱོབ་ཅིང་དངོས་གྲུབ་ཀྱི་འབྲས་བུ་ཡིད་བཞིན་དུ་བསྩལ་དུ་གསོལ། «།ཞེས་འདོད་དོན་གསོལ།» དྲང་སྲོང་འཁོར་དང་བཅས་པ་རྣམས། །རང་གི་གནས་སུ་བཛྲ་མུཿ «ཅེས་གཤེགས་གསོལ་བྱའོ། །