ཡི་དམ་ཀུན་འདུས་གསང་བའི་བདགཿ སྒྲུབ་ཐབས་སྙིང་པོའི་བཅུད་དྲིལ་བཞུགསཿ

From Khyentse Lineage - A Tsadra Foundation Project
Wylie title yi dam kun 'dus gsang ba'i bdag sgrub thabs snying po'i bcud dril
Location mdo mkhyen brtse bka' 'bum
Volume 4, Text 12, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
[edit]
༄༅། །ཡི་དམ་ཀུན་འདུས་གསང་བའི་བདགཿ སྒྲུབ་ཐབས་སྙིང་པོའི་བཅུད་དྲིལ་བཞུགསཿ

༄༅།« །ཆོས་སྐུ་ཡེ་ནས་བྱང་ཆུབ་ཀྱངཿ ལོངས་སྤྱོད་རྫོགས་སྐུའི་གདངས་ཤར་བཿ སྤྲུལ་སྐུ་ཐུགས་རྗེའི་རོལ་རྩལ་གརཿ རྡོ་རྗེ་འཛིན་ལ་གུས་པས་འདུདཿ ཡང་གསང་སྒྲུབ་པའི་སྙིང་པོ་མཆོགཿ མན་ངག་རྒྱ་མཚོ་ལྟ་བུའི་བཅུདཿ གསང་བ་ལས་ཀྱང་ཆེས་གསང་བཿ ཡི་དམ་ཀུན་འདུས་གསང་བའི་བདགཿ སྒྲུབ་ཐབས་སྙིང་པོའི་བཅུད་དྲིལ་བསྟནཿ མ་འོངས་ལྔ་བཅུའི་ཁ་རལ་དུསཿ འདི་ཉིད་ཁོག་པའི་སྙིང་དང་འདྲཿ སྲོག་གི་དྭངས་མར་ཟུངས་ཤིག་བུཿ སྤྲོས་མེད་ཨ་ཏི་ཡོ་གའི་ལུགསཿ རང་ལུས་ལྷ་ཡི་དཀྱིལ་འཁོར་ལཿ འདོད་ཡོན་མ་སྤང་མཆོད་པའི་སྤྲིནཿ ཡེ་ནས་ལྷུན་རྫོགས་ཆེན་པོར་གྲུབཿ སྤྲོས་བཅས་རྫས་ཀྱི་དཀྱིལ་འཁོར་ལཿ གཏོར་ཚོགས་བཤམས་ཤིང་མཆོད་པས་བསྐོརཿ དང་པོ་བྱུགས་བདུག་བྲབ་གསུམ་སྟེཿ བྱུགས་པ་བདུད་རྩི་ཁྱུང་ཆེན་ལྔཿ བདུག་པ་འདྲེ་འཇིགས་བྲབ་ཡུང་དཀརཿ སྒྲུབ་རྫས་རྣལ་འབྱོར་ལུས་ཉིད་དོཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ »སྐུ་གསུམ་ཀུན་འདུས་དྲི་མ་མེདཿ རྡོ་རྗེ་འཛིན་པ་གསང་བའི་ཡུམཿ བླ་མ་ཡི་དམ་མཁའ་འགྲོ་ལཿ བྱང་ཆུབ་བར་དུ་སྐྱབས་སུ་མཆིཿ «གཉིས་པ་བྱང་ཆུབ་སེམས་བསྐྱེད་པཿ »སངས་རྒྱས་མེད་ལ་སེམས་ཅན་མེདཿ འཁོར་འདས་རང་གྲོལ་ཆོས་ཀྱི་སྐུཿ ཀ་དག་དྲི་བྲལ་ལྷུག་པའི་ངང་ཿ བྱང་ཆུབ་ཆེན་པོར་སེམས་བསྐྱེད་དོཿ «གསུམ་པ་ཡན་ལག་བརྒྱད་པ་ནིཿ» རིག་པ་ཡེ་ཤེས་ལྷ་ཚོགས་གཤེགསཿ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགསཿ ཡི་རངས་བསྐུལ་ཞིང་གསོལ་བ་འདེབསཿ དགེ་རྩ་བསྔོའོ་བྱང་ཆུབ་ཤོགཿ «བཞི་པ་བགེགས་ལ་བཀའ་བསྒོ་བཿ »ཧཱུྃ་ཧཱུྃ་ཧཱུྃཿ ང་ནི་སྲིད་གསུམ་དབང་བསྒྱུར་བའིཿ དམ་ཚིག་བདག་པོ་རྡོ་རྗེ་འཛིནཿ སྐུ་ལས་ཁྲོ་མཚོན་མེ་དཔུང་འཕྲོཿ མ་རིག་རྣམ་རྟོག་གདོན་བགེགས་བདུདཿ ཁྲོ་རྒྱལ་བཀའ་ལས་མ་འདའ་བརཿ འདོད་ཡོན་གཏོར་མ་འདི་ལོངས་ལཿ མཐའ་ཡི་རྒྱ་མཚོའི་ཕ་མཐར་དེངསཿ དམ་འགལ་རྡོ་རྗེའི་མེ་ཆར་གྱིསཿ རྡུལ་ཕྲན་ཕྱེ་མར་བརླག་ཏ་རེཿ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊཿ «ཧཱུྃ་བཞིའི་སྔགས་དང་དམིགས་པས་གཟིརཿ ལྔ་པ་བསྲུང་འཁོར་བསྒོམ་པ་ནིཿ »ཧཱུྃཿ ཡེ་དག་སྲུང་བའི་དཀྱིལ་འཁོར་འདིརཿ བར་ཆད་ལོག་འདྲེན་མིང་ཡང་མེདཿ འཇིགས་མེད་རྡོ་རྗེའི་བསྲུང་གུར་གཏམསཿ དག་ཞིང་ལྷུན་རྫོགས་ཆེན་པོར་གྱུརཿ བཛྲ་རཀྵ་རཀྵ་ཧཱུྃཿ «དྲུག་པ་དམ་བཅའ་བ་ནིཿ »ཡི་དམ་ཀུན་འདུས་གསང་བའི་བདགཿ ཡེ་ནས་རང་དག་གཉིས་སུ་མེདཿ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབཿ མི་འདའ་རྡོ་རྗེའི་དམ་ཚིག་བསྲུངསཿ ས་མ་ཡ་ཨ་ལ་ལ་ཧོཿ «བདུན་པ་བྱིན་ཆེན་དབབ་པ་ནིཿ »ཧཱུྃཿ བྱིན་རླབས་ཡ་མཚན་མཆོག་གི་གནསཿ ཆོས་དབྱིངས་འོག་མིན་བདེ་ཆེན་བརྩེགསཿ དག་ཞིང་བཞུགས་པའི་སྐུ་གསུམ་ལྷསཿ བརྟན་གཡོ་སྣོད་བཅུད་གནས་ཡོ་བྱདཿ སྒྲུབ་པོའི་ལུས་ངག་ཡིད་གསུམ་ལཿ བྱིན་ཆེན་ཕོབ་ལ་དངོས་གྲུབ་སྩོལཿ ཧཱུྃ་ཛྙ་ན་དྷེ་ཝ་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕེམ་ཕེམཿ ཧཱུྃ་ཧཱུྃ་ཧཱུྃཿ«རྗེས་འབྲེལ་མཆོད་པ་བྱིན་རླབས་ནིཿ »ཨོཾ་ཨཱཿཧཱུྃཿ འདོད་ཡོན་ལྷ་མོ་དཔག་མེད་ཀྱིསཿ ཕྱི་ནང་གསང་བའི་མཆོད་པའི་ཚོགསཿ ནམ་མཁའ་གང་བར་རབ་སྤྲུལ་བཿ ལྷ་ཚོགས་དགྱེས་པ་བསྐྱེད་ནུས་གྱུརཿ སརྦ་པཱུ་ཙ་ས་མ་ཡ་ཧོཿ «བརྒྱད་པ་དངོས་གཞིའི་ལྷ་བསྐྱེད་ནིཿ» ཧཱུྃཿ སྤྲོས་བྲལ་སྟོང་ཆེན་དེ་བཞིན་ཉིད་དབྱིངས་ལསཿ ཀུན་སྣང་འགྲོ་ལ་སྙིང་རྗེ་སྒྱུ་མར་ཤརཿ རང་རིག་རྒྱུ་ཡི་ས་བོན་ཧཱུྃ་མཐིང་ཀཿ འོད་འཕྲོས་རྒྱལ་མཆོད་བྱིན་བསྡུས་སེམས་ཅན་གྱིཿ སྒྲིབ་སྦྱངས་གདུགས་པ་ཅན་རྣམས་ཚར་བཅད་ཅིངཿ ཚེ་བསོད་བཀྲག་མདངས་མཐུ་སྟོབས་གཟི་བརྗིད་བསྡུསཿ ཕྱི་སྣོད་འོག་མིན་ལྕང་ལོ་ཅན་གྱི་ཞིངཿ ནང་དབྱིངས་དུར་ཁྲོད་རོལ་བའི་གཞལ་ཡས་ཁངཿ བརྒྱན་བཀོད་ཡོངས་རྫོགས་ཙཀྲ་རྩིབས་བཅུའི་དབུསཿ རྒྱལ་བསེན་རུ་ཏྲ་དམ་སྲི་ཕོ་མོ་དངཿ ཐེ་རང་ཀླུ་བརྒྱད་ཁ་སྦུབ་གན་རྐྱལ་བསྣོལཿ པདྨ་ཉི་ཟླ་བམ་སྟེང་ས་བོན་བབཿ རྡོ་རྗེ་སྔོན་པོ་རྩེ་ལྔ་ཧཱུྃཿམཐིང་མཚནཿ ཡོངས་གྱུར་བདག་ཉིད་སྐད་ཅིག་དྲན་རྫོགས་སུཿ ཁྲོ་རྒྱལ་ཀུན་འདུས་གསང་བདག་རྡོ་རྗེ་འཛིནཿ མཐིང་ནག་བརྗིད་རྔམས་སྐུ་ཆེ་ཡན་ལག་རགསཿ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྡང་མིག་གཡོཿ ཁྲོ་གཉེར་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགསཿ དབུ་སྐྲ་སྨར་སྨིན་ཨག་ཚོམ་དམར་གསལ་འབརཿ ཤངས་བགྲད་རླུང་འཚུབས་ཞལ་ནས་དྲག་སྔགས་སྒྲོགསཿ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ནམ་མཁར་ཕྱརཿ གཡོན་པས་ཐུགས་ཀར་དམ་རྒྱས་ཁྲོ་ཆུང་འགྱེདཿ ཞབས་གཉིས་ཁྲོ་བོ་ཆེན་པོའི་འགྱིངས་སྟབས་རོལཿ གོ་ཁྲབ་རུས་རྒྱན་དུར་ཁྲོད་ཆས་བརྒྱད་གསོལཿ གསང་བའི་ཡུམ་ཆེན་དབྱིངས་ཕྱུག་དམར་མོ་ནིཿ ཞལ་གཅིག་སྤྱན་གསུམ་ཕྱག་གཉིས་གཡས་དྲིལ་བུཿ འཁྱུད་ཅིང་གཡོན་པས་བདུད་རྩི་དབྱིངས་སུ་སྟོབསཿ ཁྲོ་མོའི་ཆས་རྫོགས་ཞབས་གཉིས་བརྐྱང་བརྐུམ་འཁྲིལཿ སྤྱི་བོ་འཕྲག་གོང་སོག་དབྲག་འདོམས་རྣམས་སུཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པའི་གརཿ ཁྱུང་ཆེན་དཀར་དམར་མཐིང་སེར་མུན་པའི་མདོགཿ གནམ་ལྕགས་ལུས་ལ་སྒྲོ་གཤོག་མཚོན་ཆར་གྲུབཿ ར་རལ་མཆུ་སྡེར་ཕ་ལམ་མ་སྨིན་འབརཿ བ་སྤུ་རྡོ་རྗེ་ཕྱེད་མཚན་སྦྲུལ་ལྔ་ཟཿ སྤྱི་བོར་རིགས་བདག་ཀུན་བཟང་ཡབ་ཡུམ་མཐིངཿ རྒྱན་མེད་གཅེར་བུ་སྐྱིལ་ཀྲུང་མཉམ་བཞག་སྦྱོརཿ སྙིང་ཁར་སྲོག་འཛིན་འཆི་མེད་ཚེ་ཡི་ལྷཿ དམར་སྐྱ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅནཿ སྐྱིལ་ཀྲུང་མཉམ་བཞག་ཡུམ་སྦྱོར་ཚེ་བུམ་འཛིནཿ ཡུམ་མཆོག་འཆི་མེད་བདེ་སྟེར་བཅུད་འདྲེན་མཿ དམར་གསལ་མདའ་དར་ཚེ་ཡི་བུམ་པ་འཛིནཿ ཡབ་དང་འཁྲིལ་སྦྱོར་ཆོས་ཉིད་བདེ་བའི་ངངཿ གཙོ་བོའི་སྐུ་ལས་ཡེ་ཤེས་མེ་དཔུང་འབརཿ གནམ་ལྕགས་རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཁྲུགསཿ ཕྱོགས་བཞིར་དྲག་རྩལ་ཁྲོ་མོ་རིགས་བཞི་ནིཿ དཀར་སེར་དམར་ལྗང་གྲི་ཐོད་ཁྲོ་མོའི་ཆསཿ པད་ཉིར་འགྱིང་ཞིང་ལས་བཞིའི་ཕྲིན་ལས་སྒྲུབཿ སྟེང་འོག་ཕྱོགས་མཚམས་གནམ་ལྕགས་རྩིབས་བཅུ་རུཿ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་ཕྲ་ཕྱག་བཅསཿ སྐུ་མདོག་ཕྱག་མཚན་མགོ་བརྙན་སྣ་ཚོགས་སྟོནཿ རང་རང་བརྒྱན་དང་ཆ་ལུགས་ཡོངས་སུ་རྫོགསཿ བར་མཚམས་སྟེང་འོག་རྩ་གསུམ་ཞི་ཆགས་ཁྲོ༔ དྲང་སྲོང་རིག་འཛིན་སྤྲུལ་པ་ཡང་སྤྲུལ་ཚོགསཿ མཁའ་འགྲོ་མ་མོ་དབང་ཕྱུག་སྲིན་པོའི་སྡེཿ སྒོ་བཞིར་ཕོ་ཉ་གིང་ཆེན་བཅུ་དྲུག་དངཿ བཀའ་སྲུང་དམ་ཅན་དྲེགས་པ་སྡེ་བརྒྱད་ཚོགསཿ ཉི་ཟེར་རྡུལ་བཞིན་མ་འདྲེས་ཡོངས་རྫོགས་གསལཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ག་ཏེ་ས་མ་ཡ་ཤྲཱི་ཧཱུྃཿ དབང་ལྷ་རིགས་ལྔ་སྤྱན་དྲངས་སྦྱོར་བ་མཛདཿ བདུད་རྩིའི་དབང་བསྐུར་སྐུ་གང་དྲི་མ་དགཿ ཆུ་ལྷག་ཡར་ལུད་རིགས་ལྔའི་དབུ་བརྒྱན་ཅིངཿ གནས་གསུམ་སྐུ་གསུང་ཐུགས་ཀྱིས་མཚན་པར་སྒོམཿ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ རང་གི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་ནམ་མཁའ་བར་སྣང་ས་གཞི་གང་བའི་དཀྱིལ་འཁོར་ལྷ་ཚོགས་སྤྱན་དྲངས་བར་མོས་ལཿ «དགུ་བ་ཡེ་ཤེས་སྤྱན་འདྲེན་ནིཿ »ཧཱུྃཿ འོག་མིན་ཆོས་དབྱིངས་དབུས་མཐའ་བྲལ་བའི་ཞིངཿ ལོངས་སྤྱོད་རྫོགས་དང་བདུད་འདུལ་ལྕང་ལོ་ཅནཿ ཞིང་བཞུགས་སྐུ་གསུམ་ཡེ་ཤེས་དོན་གྱི་ལྷཿ ཁྲོ་བོ་རོལ་པའི་རྣམ་རོལ་ཆེན་པོ་རུཿ ཐུགས་རྗེས་དགོངས་ལ་གནས་འདིར་གཤེགས་སུ་གསོལཿ ཨོཾ་བཛྲ་ཙནྟྲ་རོ་ཥ་སརྦ་ས་མ་ཡ་ཛ་ཛ༔ ཨེ་ཧྱ་ཧི་ཨ་ར་ལི་ཕེཾ་ཕེཾ་ཛཿ« བཅུ་པ་བཞུགས་སུ་གསོལ་བ་ནིཿ »བསྐྱེད་དང་ཡེ་ཤེས་ཡེ་ནས་ཐ་མི་དདཿ ཀུན་རྫོབ་དོན་དམ་ཉིད་དབྱིངས་གྲོལ་བའི་ཕྱིརཿ ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་འདྲེསཿ བག་ཆགས་རྣམ་དག་ཡེ་ཤེས་ལྷ་ཉིད་དོཿ ཏིཥྛ་ལྷནཿ ཨ་ལ་ལ་ཧོཿ «བཅུ་གཅིག་བརྡ་ཕྱག་འཚལ་བ་ནིཿ »རང་རིག་ཡེ་ནས་ཆོས་ཀྱི་སྐུཿ གསང་བདག་རྡོ་རྗེ་འཛིན་པ་སྟེ༔ ཡིན་པར་ཤེས་པའི་ངང་ཉིད་དུཿ རང་གྲོལ་སྤྲུལ་པའི་བརྡ་ཕྱག་འཚལཿ ཨ་ཏི་པུ་ཏོཿ པྲ་ཏིཙྪ་ཧོཿ «བཅུ་གཉིས་པ་མཆོད་པ་འབུལ་བ་ནིཿ »ཧཱུྃཿ གཏུམ་ཆེན་ཁྲོ་བོའི་ལྷ་ཚོགས་ལཿ དགྱེས་སྐོང་ལྷ་མོའི་ཚོགས་རྣམས་ཀྱིསཿ འདོད་ཡོན་ལྔ་ལྡན་ཕྱི་མཆོད་དངཿ དམ་རྫས་སྦྱོར་སྒྲོལ་ནང་མཆོད་མཆོགཿ དེ་བཞིན་ཉིད་དབྱིངས་གསང་བ་ཡིཿ མཆོད་པ་འབུལ་ལོ་དགྱེས་པར་རོལཿ མ་ཧཱ་སརྦ་པུ་ཙ་ཏ་ན་ག་ཎ་དྷརྨཱ་དྷརྟུ་ཨ་ཧཱུྃཿ «བཅུ་གསུམ་བསྟོད་པ་ནིཿ »ཧཱུྃཿ ཆོས་སྐུ་འགྱུར་མེད་མཐིང་ནག་རྡོ་རྗེ་འཛིནཿ གདུགས་པ་སྒྲོལ་བའི་མཐུ་ལྡན་ཧེ་རུ་ཀཿ ངན་སོང་གནས་སྟོང་རྗེས་འཛིན་གསང་བའི་བདགཿ ཁྲོ་རྒྱལ་ཡོངས་ཀྱི་སྤྱི་དཔལ་རྗེ་ལ་བསྟོདཿ ཁྱོད་ནི་སྲིད་དང་ཞི་བའི་མངའ་བདག་མཆོགཿ ཞིང་ཁམས་དབང་བསྒྱུར་འཁོར་འདས་ས་འཚམས་འཛིནཿ དྲེགས་པའི་སྲོག་བདག་མགོན་མེད་འགྲོ་བའི་སྐྱབསཿ ཁྲོ་བོ་འཆོལ་བའི་རྒྱལ་པོ་ཁྱེད་ལ་བསྟོདཿ ཁྲོ་མོ་རིགས་བཞི་ཁྲོ་བཅུ་ཕྲ་ཕྱག་ཚོགསཿ འཇིག་རྟེན་འདས་དང་མ་འདས་ས་མཚམས་འཛིནཿ གིང་ཆེན་བཀའ་འཁོར་དྲེགས་པ་སྡེ་བརྒྱད་ཚོགསཿ གསང་བདག་དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོདཿ «བཅུ་བཞི་མངའ་གསོལ་རྒྱུད་བསྐུལ་ནིཿ» ཧོཿ ཚེ་རབས་ཐོག་མ་མེད་པའི་དུས་ཉིད་ནསཿ རྩེ་གཅིག་བསྙེན་ཅིང་བསྒྲུབ་པའི་ཡི་དམ་ལྷཿ ཁྱོད་ཀྱི་ཞལ་མཐོང་དངོས་གྲུབ་མཆོག་ཐོབ་སྟེཿ སྐྱེ་ཀུན་འབྲལ་བ་མེད་པར་རྗེས་བཟུངས་བསཿ ད་ལྟ་རང་དང་ཡི་དམ་དབྱེར་མེད་རྟོགསཿ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངསཿ གཟུང་འཛིན་མ་རིག་རྒྱུ་ལས་བསྐྱེད་པ་ཡིསཿ ལོག་འདྲེན་རཱུ་ཏྲ་རྒྱལ་བསེན་དམ་སྲི་དངཿ དྲེགས་པ་སྡེ་བརྒྱད་བདུད་སྲིན་ཀླུ་ས་བདགཿ གཉན་ནད་ཧུར་ཐུམ་མཛེ་ཡམས་འགོ་བའི་ནདཿ གྲིབ་གདོན་རྒྱ་འདྲེ་ནད་བདག་གདོན་རིགས་སོགསཿ རིག་པ་ཡེ་ཤེས་ཀློང་དུ་ཚར་ཆོད་ཅིགཿ ཧཱུྃཿ ང་ནི་ཁྲོ་རྒྱལ་ཆེ་བཙན་ཆེཿ རྡོ་རྗེ་གཏུམ་པོ་དམ་ཚིག་བདགཿ སྲིད་གསུམ་འདི་ན་སུ་ཡང་རུངཿ ང་ཡི་བཀའ་ལས་མ་འདའ་བརཿ དམ་མེད་འབྱུང་པོ་བརླག་པར་གྱིསཿ ས་མ་ཡཱཿ ན་རཀྐནཿ «བཅོ་ལྔ་འཛབ་བཟླས་དམིགས་པ་ནིཿ» རང་ཉིད་གསང་བདག་ཐུགས་ཀ་རུཿ གསེར་གྱི་རྡོ་རྗེ་རྩེ་ལྔ་པའིཿ ཁོང་གསེང་ཉི་སྟེང་ཧཱུྃཿམཐོང་ལཿ དྲག་པོའི་སྔགས་ཀྱིས་གཡས་སུ་བསྐོརཿ འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུསཿ འགྲོ་ཀུན་སྒྲིབ་སྦྱངས་ཁྲོ་བོར་བསྒྱུརཿ གདུགས་པ་ཅན་རྣམས་ཚར་བཅད་ཅིངཿ འཁོར་འདས་སྣོད་བཅུད་མཐུ་སྟོབས་བསྡུསཿ ཀུན་ཀྱང་ཁྲོ་བོའི་རང་བཞིན་ལཿ དྲག་པོ་སྔགས་ཀྱི་རང་སྒྲ་སྒྲོགསཿ ཆོས་ཉིད་ཁྱབ་བདལ་ཆེན་པོའི་ངངཿ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་སརྦ་སིདྡྷི་ཕ། «རྩ་བའི་བསྙེན་པ་འདི་ལ་འབདཿ རེས་འགའ་དྲག་པོའི་ཧཱུྃ་གླུ་ལེནཿ རིག་པ་གཏད་མེད་ཀ་དག་ངངཿ འབུམ་ལྔ་བཟླས་པས་མཆོག་འགྲུབ་བོཿ དེ་ནས་སྒྲུབ་པ་ཆེན་པོ་ནིཿ »གཙོ་འཁོར་གསལ་བརྟན་གཟི་བརྗིད་འབརཿ ཐུགས་ཀའི་ཧཱུྃ་ལ་སྔགས་ཕྲེང་བསྐོརཿ འོད་ཟེར་འཕྲོ་འདུས་དོན་གཉིས་བྱསཿ ཁྱུང་ཆེན་ལྔ་ལ་བྱིན་རླབས་བསྡུསཿ སྣང་སྲིད་ཁྲོ་བོ་ཁྲོ་མོས་གངཿ ཁྲོ་ཆུང་ཚྭ་ཚྭ་སྐར་ལྟར་འཁྲུགསཿ ཁྱུང་ཆེན་སྤྲུལ་པ་དཔག་མེད་ཀྱིསཿ ཀླུ་གཉན་ས་བདག་དམྱལ་ཐག་བཅདཿ སྡེ་བརྒྱད་དྲེགས་པའི་སྲོག་བསྡུས་ནསཿ ཕྱག་འཚལ་བྲོ་བོར་དམ་འོག་ཚུདཿ སྣང་སྲིད་དག་པ་རབ་འབྱམས་ལཿ ཁྲོ་རྒྱལ་དཀྱིལ་འཁོར་ཆེན་པོར་རྫོགསཿ ཀུན་ཀྱང་དྲག་སྔགས་འབྲུག་ལྟར་སྒྲོགསཿ ལས་བཞི་ལྷུན་གྲུབ་མྱ་ངན་འདའཿ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ན་ཁྲ་མོ་བུདྡྷ་པདྨ་བཛྲ་རཏྣ་ཀརྨ་ག་རུ་ཊ་ཙ་ལེ་ཙ་ལེ་ཀྲོ་ཏི་ཤྭ་རི་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཨ་ཡ་མ་དུ་རུ་ཙ་ཤ་ན་དུཥྟཾ་མ་ར་ཡ་ཕཊཿ «ལས་ཀུན་འགྲུབ་པར་ཐེ་ཚོམ་མེདཿ དྲག་པོ་སྔགས་ཀྱི་སྙིང་པོ་མཆོགཿ འབུམ་ཕྲག་གཅིག་གིས་ལས་འགྲུབ་ཅིངཿ ཁྲོ་རྒྱལ་མཆོག་དང་དབྱེར་མེད་གྲོལཿ ལས་སྦྱོར་གསང་བ་གཅིག་བརྒྱུད་ནིཿ» ཁྲོ་རྒྱལ་ཐུགས་ལས་དྲག་པོའི་འོདཿ མེ་ཡི་ཚྭ་ཚ་ལྟར་འཕྲོས་པསཿ ལོག་འདྲེན་དམིགས་བྱ་དམ་སྲི་བདུདཿ འགུགས་འཆིང་སྡོམ་མྱོས་དྲག་པོས་གཟིརཿ ཁྲོ་ཁྱུང་རྡོ་རྗེ་མེ་ཆར་གྱིསཿ རྡུལ་དུ་བརླག་ཅིང་དབྱིངས་སུ་སྤརཿ ཕྲིན་ལས་ཡོངས་གྲུབ་ཆོས་ཉིད་ངངཿ «དྲག་པོའི་སྔགས་ཀྱི་ཤམ་བུ་རུཿ དམིགས་པའི་ཁ་བསྒྱུར་དང་སྔགས་ཀྱི་མདེའུ་ཆུང་ཞལ་ལས་ཤེསཿ »བཛྲ་ཙནྚ་སརྦ་དུཥྟཾ་གྷ་རུ་ཎ་གནོད་བྱེད་«ཆྒཻ་མོའི་»སྲོག་ལ་མ་ར་ཡ་སྤུ་གྲིས་ཟུངས་ཟུངསཿ ལྕགས་ཀྱི་སྡེར་མོས་སྙིང་ལ་ཟུངས་ཟུངསཿ ནག་པོ་བྷི་མ་ལ་རཾ་རཾ་ཤིག་ཤིག་«ཆྒཻ་མོ་»ཧུར་ཐུམ་ཤ་ལ་ཡཾ་ཡཾ་ཁྲག་ལ་ཧུབ་ཧུབ་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཧུར་ཐུམ་ཚེ་བསོད་བསྡུས་བསྡུས་ཕྱེ་མ་ཕྱེ་མ་རྡུལ་ཕྲན་རྡུལ་ཕྲན་བཛྲ་ཛ་ལ་རམ་མ་ར་ཡ་རྦད་ཛ་བྷྱོ་ཕཊཿ «ལས་སྦྱོར་གནམ་ལྕགས་ཐོག་མཐའ་འདིཿ བརྒྱ་ཕྲག་བདུན་གྱིས་ཐོགས་མེད་འགྲུབཿ སྲིད་གསུམ་ཕུང་བ་དྲང་སྲོང་བཀའཿ སྲོག་ལས་གཅེས་སོ་ས་མ་ཡཱཿ ཐུན་མཐར་མཆོད་ཅིང་བསྟོད་པ་ནིཿ »རྡོ་རྗེ་གཏུམ་པོའི་ལྷ་ཚོགས་ལཿ འདོད་ཡོན་ཕྱི་ཡི་མཆོད་པ་འབུལཿ རྨད་བྱུང་ནང་གི་མཆོད་པ་འབུལཿ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལཿ དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལཿ བཛྲ་པུཥྤེ་དྷུཔྤེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་རུ་པ་ཤབྟ་གྷནྡྷེ་ར་ས་སྤརྴེ་མ་ཧཱ་པཉྩ་རཀྟ་བ་ལིང་ཏ་ཏ་ན་གྷ་ཎ་དྷརྨ་དྷརྟུ་པུ་ཙ་ཁཱ་ཧིཿ« བསྟོད་པ་ནིཿ» ཧཱུྃཿ སྐུ་མཆོག་འགྱུར་མེད་གསང་བདག་རྡོ་རྗེ་འཛིན༔ གསུང་མཆོག་འགག་མེད་དྲག་པོའི་སྔགས་སྒྲ་སྒྲོགསཿ ཐུགས་མཆོག་མི་གཡོ་ཆོས་ཉིད་ཡེ་ཤེས་རྩལཿ རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་ལྷ་ལ་བསྟོདཿ «བཤགས་པ་བྱ་བ་ནིཿ» རང་རིག་གདོད་ནས་རྡོ་རྗེ་འཛིན་པའི་དཔལཿ སྣོད་བཅུད་དཀྱིལ་འཁོར་ལྷ་རུ་མ་རྟོགས་ཏེཿ གཉིས་འཛིན་དབང་གྱུར་དམ་ཉམས་ཉེས་ལྟུང་ཀུནཿ མཉམ་ཉིད་བདེ་བ་ཆེན་པོའི་ཀློང་དུ་བཤགསཿ «ཡི་གེ་བརྒྱ་པས་བཤགས་ཤིང་བརྟནཿ སྤྲོ་ན་ཚོགས་ཀྱི་འཁོར་ལོས་མཆོདཿ ཚོགས་བསྡུས་ནིཿ» རང་གི་ཐུགས་ལས་རཾ་ཡཾ་ཁཾཿ འཕྲོས་པས་མ་དག་ཉེས་སྐྱོན་སྦྱངསཿ ཚོགས་མཆོད་འོད་ཕུང་ལྡེམས་སེ་ལྡེམཿ ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུརཿ ཨོཾ་ཨཱཿཧཱུྃཿ «ལན་བདུནཿ» སྐུ་གསུམ་ཞིང་ནས་རྩ་གསུམ་ལྷཿ སྲིད་གསུམ་ཚོགས་ཀྱི་མགྲོན་ལ་གཤེགསཿ ཆོས་ཉིད་ཏིང་འཛིན་བྱིན་རླབས་པའིཿ ཕྱི་ནང་གསང་བའི་ཚོགས་མཆོད་འབུལཿ བླ་མ་རྒྱ་མཚོ་ཚོགས་ལ་རོལཿ ཡི་དམ་རྒྱ་མཚོ་ཚོགས༴ མཁའ་འགྲོ་རྒྱ་མཚོ་ཚོགས༴ ཆོས་སྐྱོང་དམ་ཅན་ཚོགས་ལ༴ གཏེར་བདག་ནོར་ལྷ་ཚོགས༴ ཡུལ་ལྷ་གཞི་བདག༴ སྣང་སྲིད་ལྷ་འདྲེ་ཚོགས༴ རིགས་དྲུག་སེམས་ཅན་ཚོགས༴ ལན་ཆགས་བགེགས་རིགས་ཚོགས༴ ལ་ལ་ཕྱི་ཡི་ཚོགས༴ ལ་ལ་ནང་གི་ཚོགས༴ ལ་ལ་གསང་བའི་ཚོགས༴ དེ་ཁོ་ན་ཉིད་ཀྱི་ཚོགས་བདེ་བ་ཆེན་པོ་ཨ་ལ་ལ་ཧོཿ «བསྐང་བསྡུས་ནིཿ »ཧོཿ མཆོད་དུ་མེད་དེ་ལྟ་བའི་ཀློངཿ བསྐང་དུ་མེད་དེ་སྒོམ་པའི་ངངཿ བཤགས་སུ་མེད་དེ་སྤྱོད་པའི་རྩལཿ སྦྱོར་དུ་མེད་དེ་བདེ་བ་ཆེཿ བསྒྲལ་དུ་མེད་དེ་གཉིས་འཛིན་བྲལཿ དོན་དམ་རྟོགས་པའི་ཐུགས་དམ་བསྐངཿ འ་ཨ་ཧ་ཤ་ས་མ་ཡཱཿ «ལྷག་མ་བསྔོ་བཿ» ལྷག་སྡུད་རྗེས་འབྲང་ཕོ་ཉའི་ཚོགསཿ བཀའ་ཡི་ཕ་འབབ་ཆེན་པོ་ལོངསཿ སྔོན་གྱི་ཁས་བླངས་ཕྲིན་ལས་སྒྲུབསཿ བསྟན་དགྲ་ལས་ངན་རྡུལ་དུ་རློགཿ ཨུཥྩི་ཊ་བཱ་ལིང་ཏ་ཁཱ་ཧི༔ «སྤྲོས་མེད་ཨ་ཏིའི་ཁྱད་ཆོས་ཏེཿ ཐེ་ཚོམ་ཅན་གྱི་སྤྱོད་ཡུལ་མིནཿ ཐུགས་ཐིག་གསང་བའི་ཆ་ལག་གོཿ བཅུ་དྲུག་བཀའ་གཏེར་མཆོད་པ་ནིཿ »རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ སྔོན་ཚེ་འོག་མིན་ལྕང་ལོ་ཅན་གྱི་ཞིངཿ རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཆེན་པོ་རུཿ བཀའ་བསྒོས་དམ་བཞག་སྲོག་སྙིང་ཕུལ་བ་ཡིཿ མ་མོ་གཟའ་དང་དམ་ཅན་བདུད་བཙན་ཀླུཿ ཁྱད་པར་གཉན་ཆེན་དྲག་པོ་ཐོད་པ་རྩལཿ ཡབ་ཡུམ་སྲས་བློན་བཀའ་འཁོར་དྲེགས་པའི་ཚོགསཿ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་དངཿ བདུད་རྩི་སྨན་རཀ་རྟེན་སྒྲུབ་བསྐང་རྫས་ཀྱིསཿ མཆོད་དོ་འབུལ་ལོ་ཐུགས་དམ་གཉན་པོ་བསྐངཿ མངའ་གསོལ་བསྟོད་དོ་གསང་བའི་བདག་པོའི་དྲུངཿ ཁས་བླངས་རྡོ་རྗེའི་དམ་ལས་མི་འདའ་བརཿ སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་སྲུངསཿ ཁྱད་པར་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོརཿ ལུས་དང་གྲིབ་ལྟར་འགྲོགས་ལ་བར་ཆད་སོལཿ བཅོལ་བའི་ཕྲིན་ལས་ལས་བཞི་ཐོགས་མེད་སྒྲུབསཿ ལོག་འདྲེན་དགྲ་བགེགས་དམ་ཉམས་མྱུར་དུ་སྒྲོལཿ ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་དགའ་སྟོན་སྩོལཿ མ་ཧཱ་པཉྩ་རཀྟ་བཱ་ལིང་ཏ་ཁཱ་ཧིཿ «བཅུ་བདུན་པ་དངོས་གྲུབ་བསྡུ་བ་ནིཿ »ཧོཿ ཡི་དམ་ཁྲོ་རྒྱལ་གཏུམ་པོའི་དཀྱིལ་འཁོར་དུཿ བསྙེན་སྒྲུབ་མཐར་ཕྱིན་གྲུབ་པའི་མཚན་མ་མཐོངཿ དངོས་གྲུབ་བསྡུ་བའི་དུས་ལ་ད་བབས་ནཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་པ་ལྔཿ མཆོག་ཐུན་དབང་དང་དངོས་གྲུབ་ཀུན་སྩོལ་ལཿ ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ནསཿ ལས་བཞི་རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབཿ རྡོ་རྗེ་འཛིན་པའི་ས་ལ་དབུགས་དབྱུང་མཛོདཿ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ བུདྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་སིདྡྷི་ཕ་ལ་ཤནྟིཾ་པུཥྟཾ་ཝ་ཤཾ་མ་ར་ཡ་ཨ་ལ་ལ་ཧོཿ «བཅོ་བརྒྱད་བཤགས་ཤིང་དྲིན་གསོ་བཿ» གསང་བའི་དཀྱིལ་འཁོར་ཆེན་པོ་འདིརཿ ཏིང་འཛིན་མ་གསལ་བཟླས་གྲངས་ཆགསཿ ཐེ་ཚོམ་རྣམ་རྟོག་བག་ཆགས་མཐུསཿ ཆོས་ཉིད་དོན་ལས་ཉམས་པ་ཀུནཿ བཤགས་སོ་ཚངས་པའི་དངོས་གྲུབ་སྩོལཿ ཡི་དམ་ཁྱོད་ཀྱིས་རྗེས་བཟུང་ཞིངཿ རིག་པ་བཅུད་དུ་སྨིན་པ་ཡིཿ ལྷ་དང་གཉིས་མེད་ཆེན་པོ་རུཿ མངོན་འཚང་རྒྱ་བ་ངོ་མཚར་ཆེཿ ས་མ་ཡ་ཤུདྡྷེ་ཤུདྡྷེ་ཨ་ལ་ལ་ཨེ་མ་ཧོཿ« བཅུ་དགུ་ཉེར་ལྷར་ལྡང་བ་ནིཿ »སྣོད་བཅུད་དཀྱིལ་འཁོར་ལྷ་ཚོགས་རང་ལ་ཐིམཿ རང་ཉིད་འོད་ཀྱི་ཕུང་པོ་ཧཱུྃ་ལ་བསྡུཿ དེ་ཉིད་རིགས་བདག་བླ་མའི་ཐུགས་ཁར་ཐིམསཿ དེ་ཉིད་ཆོས་དབྱིངས་སྤྲོས་བྲལ་བདེ་ཆེན་ངངཿ སླར་ཡང་རང་ལུས་གནམ་ལྕགས་རྡོ་རྗེ་ནིཿ སྲ་བརྟན་རབ་འཇིགས་ཡེ་ཤེས་མེ་དཔུང་འབརཿ ལྟེ་བར་ཐུགས་སྲོག་སྙིང་པོ་ཧཱུྃཿགིས་མཚནཿ རང་སྒྲ་སྒྲོགས་ཤིང་གཉུག་མའི་རང་གདངས་ངངཿ ཧཱུྃ་ཧཱུྃ་ཧཱུྃཿ «ཉི་ཤུ་བསྔོ་བ་སྨོན་ལམ་ནིཿ» སྐུ་གསུམ་ཡོངས་རྫོགས་གསང་བདག་དཀྱིལ་འཁོར་དུཿ བསྙེན་སྒྲུབ་ཕྲིན་ལས་དགེ་རྩ་མི་ཟད་པཿ མཐའ་མེད་འཁོར་བ་སྡུག་བསྔལ་རྒྱ་མཚོའི་གྲོངཿ ཆོས་དབྱིངས་ཀུན་བཟང་ས་ལ་འགོད་ཕྱིར་བསྔོ༔ གསང་ཆེན་ཐེག་པ་ཆེན་པོའི་ལམ་བཟང་མཆོགཿ རིམ་གཉིས་མཐར་ཕྱིན་རྡོ་རྗེ་འཛིན་པའི་སཿ མངོན་གྱུར་སྐུ་ལྔ་ཡེ་ཤེས་རང་བྱན་ཆུབཿ ཡེ་ཤེས་བླ་མའི་ས་ལ་ལྷུན་རྫོགས་ཤོགཿ «ཉེར་གཅིག་བཀྲ་ཤིས་རིམ་པ་བརྗོདཿ