དམ་ཆོས་པདྨ་སྙིང་ཐིག་ལསཿ མན་ངག་ལས་ཚོགསཿ

From Khyentse Lineage - A Tsadra Foundation Project
Wylie title dam chos pad+ma snying thig las man ngag las tshogs
Location mdo mkhyen brtse bka' 'bum
Volume 4, Text 8, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Activity Practices - las tshogs  ·  Pith Instructions - man ngag
Cycle དམ་ཆོས་པདྨ་སྙིང་ཐིག་ (dam chos pad+ma snying thig)
[edit]
༄༅། །དམ་ཆོས་པདྨ་སྙིང་ཐིག་ལསཿ མན་ངག་ལས་ཚོགས་བཞུགསཿ

༄༅། «།ལྷག་པའི་ལྷ་མཆོག་རྒྱལ་བ་ལཿ གུས་པས་བཏུད་དེ་གསང་བ་བཀོདཿ ཆ་ལག་ལས་ཚོགས་རིམ་པ་ལཿ དང་པོ་ཚེ་བསྲིང་གདམས་པ་ནིཿ» རང་ཉིད་པདྨ་རྒྱལ་པོ་ཡིཿ ཐུགས་ཀར་འོད་དམར་ཐིག་ལེའི་དབུསཿ འཆི་མེད་མགོན་པོ་ཚེ་དཔག་མེདཿ དམར་གསལ་ཕྱག་གཉིས་མཉམ་བཞག་སྟེངཿ འཆི་མེད་བདུད་རྩིའི་བུམ་པ་འཛིནཿ ཐུགས་ཀར་ཧྲཱིཿཡིག་དམར་པོའི་མཐརཿ སྔགས་ཀྱི་ཕྲེང་བ་བསྐོར་བ་ལསཿ འོད་འཕྲོས་རྒྱལ་བ་སྲས་བཅས་ཀྱིཿ ཐུགས་རྗེས་བྱིན་བརླབས་ནུས་མཐུ་དངཿ འབྱུང་ལྔའི་དྭངས་བཅུད་མ་ལུས་པཿ འོད་དམར་རྣམ་པ་ཚུར་བསྡུས་ཤིངཿ རང་ལ་བསྟིམ་པས་ཚེ་ཉམས་པསཿ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོགཿ «རྩ་སྔགས་ཤམ་བུར།» ཨ་ཡུ་ཚེ་བྷྲཱུཾ་ནྲི་ཛ་ཧཱུྃཿ «ཞེས་བཟླས་ཚེ་ཡི་དངོས་གྲུབ་ཐོབཿ ནད་གདོན་ཞི་བའི་དམིགས་པ་ནིཿ» པདྨ་རྒྱལ་པོའི་ཐུགས་ཀ་ནསཿ འོད་ཟེར་མེ་ལྟར་འབར་བ་ཉིདཿ འཕྲོས་པས་ནད་གདོན་མི་མཐུན་ཕྱོགསཿ གཞོབ་ཐུལ་བསྲེགས་པར་མོས་ནས་ཀྱངཿ «རྩ་སྔགས་ཤམ་བུར་འདི་བཞིན་གདབཿ» སརྦ་བགྣིན་ཛྭ་ལ་པ་ལ་ཧཱུྃ་ཕཊཿ «དལ་འབྱོར་ལོངས་སྤྱོད་རྒྱས་འདོད་ནསཿ» པདྨ་རྒྱལ་པོའི་ཐུགས་ཀར་ནསཿ གློག་ཞགས་ལྟ་བུའི་འོད་ཟེར་གྱིསཿ ཀླུ་ཡི་རིན་ཆེན་གནོད་སྦྱིན་ནོརཿ ལྷ་མིའི་དཔལ་འབྱོར་མ་ལུས་པཿ རང་དབང་མེད་པར་དབང་བསྡུས་གྱུརཿ «རྩ་སྔགས་ཤམ་བུར་འདི་བཞིན་གདབཿ» སརྦ་སམྦྷ་པུཥྟིཾ་ཀུ་རུ་ཧོཿ «འཁོར་འདས་དབང་དུུ་སྡུད་བྱེད་ནཿ» པདྨ་རྒྱལ་པོའི་ཐུགས་ཀ་ནསཿ འོད་དམར་ལྕགས་ཀྱུ་ལྟར་འཕྲོས་པསཿ ལྷ་ཀླུ་མི་དང་གནོད་སྦྱིན་ཚོགསཿ ཁྱད་པར་དམིགས་པའི་ཡུལ་ཕྱུགས་ཀུནཿ འདུད་ཅིང་བརྟན་པ་བྲལ་བར་དམིགསཿ «རྩ་སྔགས་ཤམ་བུར་འདི་བཞིན་གདབཿ» སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོཿ «གླག་ལྟའི་འབྱུང་པོ་འདུལ་བྱེད་ནཿ» པདྨ་རྒྱལ་པོའི་གནས་རྣམས་ནསཿ ཁྲོ་རྒྱལ་མེ་ཡི་ཚྭ་ཚྭ་འཕྲོསཿ གནོད་བྱེད་འབྱུང་པོ་ཐམས་ཅད་ཀུནཿ སྤ་བཀོང་རྡུལ་དུ་བརླག་པར་གྱུརཿ «རྩ་སྔགས་ཤམ་བུར་འདི་བཞིན་གདབཿ» བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་མ་ར་ཧཱུྃ་ཕཊཿ «སྤྱི་ཡི་ལས་ཚོགས་རྣམ་པ་ལྔ་འོང་ཿ ས་མ་ཡཱཿ