འདོད་ཡོན་ཚོགས་ཀྱི་འཁོར་ལོཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-03-GA-029
Wylie title 'dod yon tshogs kyi 'khor lo
Location mdo mkhyen brtse bka' 'bum
Volume 3, Text 29, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Feast Offering - tshogs mchod - tshogs kyi 'khor lo
Colophon

བརྡ་རིས་ངོས་ནས་དག་པར་ཕབཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ

brda ris ngos nas dag par phab:_sa ma yA:_rgya rgya rgya:

[edit]
༄༅། །འདོད་ཡོན་ཚོགས་ཀྱི་འཁོར་ལོ་ནིཿ རཾ་ཡཾ་ཁཾཿ དངོས་འཛིན་དྲི་མ་བསྲེག་གཏོར་བཀྲུསཿ ཟག་མེད་ཡེ་ཤེས་བདུད་རྩིས་བསྒྱུརཿ ཨོཾ་ཨཱཿཧཱུྃཿཧ་ཧོ་ཧྲཱིཿ ཧྲཱིཿ རྗེ་བཙུན་པདྨ་ཐོད་ཕྲེང་རྩལཿ ཁྲོ་བོ་འཆོལ་བ་སེང་གེའི་སྒྲཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགསཿ རྔ་ཡབ་གླིང་ནས་སྤྱན་འདྲེན་གཤེགསཿ དམ་རྫས་ཚོགས་ལ་བྱིན་ཆེན་ཕོབཿ མོས་པའི་བུ་ལ་དབང་མཆོག་བསྐུརཿ མ་ཧཱ་པཉྩ་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧཱུྃཿ བཅུ་དྲུག་ཕོ་ཉའི་གར་མཁན་མསཿ རོ་བརྒྱ་ནུས་པ་སྟོང་ལྡན་ཚོགསཿ འཆི་མེད་ཡེ་ཤེས་བདུད་རྩིའི་བཅུདཿ ཀུན་འདུས་དཀྱིལ་འཁོར་ལྷ་ཚོགས་མཆོདཿ མེ་ཏོག་བདུག་སྤོས་མར་མེ་ཆབཿ ལྷ་བཤོས་གཟུགས་སྒྲ་དྲི་རོ་རེགཿ དགའ་བཞི་ཡེ་ཤེས་བདེ་བའི་རོཿ ཆོས་ཀྱི་ཕྱག་རྒྱ་ཐུགས་དམ་དངཿ གཟུང་འཛིན་ཆོས་དབྱིངས་ཀློང་དུ་སྒྲོལཿ དགའ་བཞི་བདེ་བ་ཆེན་པོར་སྦྱོརཿ ག་ཎ་ཙཀྲ་པཱུ་ཙ་ཧོཿ ས་མ་ཡ་ཤུདྡྷེ་ཨཱཿ ཏ་ན་ག་ཏན་པཱུ་ཙ་ཨ་ལ་ལ་ཧོ། ཧཱུྃ་མཁའ་འགྲོ་མ་དང་ཤུགས་འགྲོ་མཿ དམ་ཚིག་ལས་དང་ཤ་ཟའི་ཚོགས༔ གིང་དང་ལང་ཀ་དབང་ཕྱུག་མཿ འབར་མ་བཀའ་ཡི་སྲུང་མར་བཅསཿ ཧེ་རུ་ཀ་ཡི་ཕབ་ཕམ་ལོངསཿ བཀའ་དང་དམ་ལས་མ་འདའ་བརཿ སྦྱོར་སྒྲོལ་བླ་མེད་གསང་སྔགས་སྐྱོངསཿ བཀའ་འདའ་བརླག་པའི་ཕྲིན་ལས་མཛོདཿ བརྡ་རིས་ངོས་ནས་དག་པར་ཕབཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ