གསོལ་འདེབས།

From Khyentse Lineage - A Tsadra Foundation Project
Wylie title gsol 'debs
Location mdo mkhyen brtse bka' 'bum
Volume 3, Text 2, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Supplications - gsol 'debs
[edit]
༄༅ཿ གསོལ་འདེབས་ནི། ཨེ་མ་ཧོཿ རང་སྣང་རྣམ་དག་བདེ་ཆེན་འཁོར་ལོ་ན༔ ཀུན་བཟང་ཐོག་མའི་མགོན་པོ་དྲི་མ་མེད༔ དགའ་རབ་དཔའ་བོ་ཤྲི་སེང་པད་མ་འབྱུང༔ དབྱེར་མེད་དྲིན་ཅན་བླ་མར་གསོལ་བ་འདེབས༔ དག་པ་རབ་འབྱམས་རྡོ་རྗེ་ཕུང་པོའི་གྲོང༔ ཕུང་ལྔ་དག་པ་རྒྱལ་བ་རིགས་མཆོག་ལྔ༔ འབྱུང་ལྔ་རྣམ་དག་ཤེས་རབ་ཡུམ་ཆེན་ལྔ༔ སྐྱེ་མཆེད་དཀར་དམར་ཐིག་ལེ་བྱང་ཆུབ་སེམས༔ བྷུདྡྷ་བཛྲ་རཏྣ་པདྨ་དང༔ ཀརྨ་འི་ལྷ་ཚོགས་རྣམས་ལ༴ དགའ་དང་མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས༔ ཞུ་བདེའི་འགྲོས་ཀྱི་དྲངས་པའི་རྩལ་རྫོགས་ཚེ༔ ཟག་པ་བག་ཆགས་བཅས་པ་ཡོངས་ཟད་ནས༔ རང་ལུས་དྭངས་མའི་དབྱིངས་སུ་གྲོལ་བར་ཤོག༔ གནས་སྐབས་རྩ་འབྱོང་རླུང་ཆུན་ཐིག་ལེ་འཕེལ༔ དྭངས་མའི་ཀློང་དུ་འཕོ་མེད་བཙན་ས་ཟིན༔ སྐུ་དང་ཐིག་ལེར་དབྱེར་མེད་རོ་གཅིག་འདྲེས༔ འོད་ལུས་ཡེ་ཤེས་སྙིང་པོར་གྲོལ་བར་ཤོག༔