ཚད་མེད་བཞིའི་ཚིག་འགྲེལ། གསང་སྔགས་རྡོ་རྗེ་ཐེག་པ་སོགས།

From Khyentse Lineage - A Tsadra Foundation Project
DKR-KABUM-14-PHA-009
Wylie title tshad med bzhi'i tshig 'grel/ gsang sngags rdo rje theg pa sogs DKR-KABUM-14-PHA-009.pdf
Location dil mgo mkhyen brtse bka' 'bum
Volume 14, Text 9, Pages 331 (Folios 1a1 to 1b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation Khyentse, Dilgo. Tshad med bzhi'i tshig 'grel gsang sngags rdo rje theg pa sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 14: 331. Delhi: Shechen Publications, 1994.
Genre Commentary on Words - tshig 'grel
Colophon

འཕྲོ་ལུས།

'phro lus/

[edit]
༄༅། གསང་སྔགས་རྡོ་རྗེ་ཐེག་པ་ནི་ཐེག་པ་ཆེན་པོའི་ཡང་ཆེན་པོ་ཡིན་པས་དམིགས་པའི་ཡུལ་སེམས་ཅན་ཐམས་ཅད་ལ་ཚད་མེད་པ་བཞིའི་ཏིང་ངེ་འཛིན་ནི་སྟོང་ཉིད་སྙིང་རྗེ་དབྱེར་མེད་སྔགས་ཀྱི་ལྟ་སྒོམ་སྤྱོད་པའི་རྩིས་ཟིན་པ་ལ་གཉིས་རྟོག་གི་གོ་སྐབས་མི་ཕྱེད་པས་རྡོ་རྗེའི་སྒྲས་སྨོས་པ་སྟེ། དེ་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་ནི་དམིགས་ཡུལ་ལ་རང་ལས་གཅེས་པར་འཛིན་ཏེ་གནས་སྐབས་དང་མཐར་ཐུག་གི་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་ནས་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པའི་སེམས་བསྐྱེད་ནུས་པར་གྱུར་ཅིག །དེ་བཞིན་དུ་བདག་གཞན་མཉམ་པ་ཉིད་དུ་རྟོགས་པས་སྡུག་བསྔལ་རྒྱུ་འབྲས་དང་བྲལ་བའི་སེམས་ཀྱི་རྒྱུད་རྡོ་རྗེའི་རྣལ་འབྱོར་གྱིས་སེམས་ཅན་ཐམས་ཅད་ལ་གཉིས་སུ་མེད་པ་བསྡམས་པས་འཁོར་འདས་མཉམ་པ་ཉིད་དུ་རྗེས་སུ་བསྡམས་ཏེ་གཞན་དོན་བྱེད་ནུས་པར་གྱུར་ཅིག །ཟག་མེད་ཀྱི་བདེ་བ་ནི་ནམ་ཡང་སྡུག་བསྔལ་རྒྱུ་འབྲས་ཀྱི་གོ་སྐབས་མི་ཕྱེད་པའི་རྡོ་རྗེའི་བདེ་བ་ཆེན་པོའི་གནས་ལས་རྟག་ཏུ་ཉམས་པ་མེད་པས་རྒྱུད་གང་སྟེ་འགྲོ་ཀུན་མ་འཁྲུལ་པར་ཡང་དག་པ་བདེ་བས་མྱོས་པར་བྱེད་པར་གྱུར་ཅིག །གཉིས་འཛིན་མཐའ་དག་ལས་འདས་པའི་རྡོ་རྗེ་ཐེག་པའི་རིམ་གཉིས་ཀྱི་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་གྱི་འགྲོ་ཀུན་གྱི་སྒོ་གསུམ་ལ་རྟག་ཏུ་སྦྱོར་བས་སྲིད་ཞི་ལ་མི་གནས་པའི་གོ་འཕང་དམ་པ་མངོན་དུ་གྱུར་ཏེ་འབྲས་བུའི་མཐར་ཐུག་ཏུ་རྗེས་སུ་གྲོལ་ནུས་པའི་མཐུ་ཐོགས་པ་མེད་པར་གྱུར་ཅིག །དེ་ལྟར་གཞི་སེམས་ཅན་ཐམས་ཅད་ཆོས་ཉིད་བདེ་གཤེགས་སྙིང་པོའི་གནས་ལུགས་མངོན་དུ་བྱ་བའི་ཕྱིར་ལམ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་རྡོ་རྗེ་ཆགས་པ་སོགས་ཚད་མེད་པ་བཞིའི་རྩིས་ཟིན་པའི་ཕར་ཕྱིན་དྲུག་རྫོགས་སྨིན་སྦྱངས་བ་མཐར་ཕྱིན་པས་འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མངོན་དུ་བྱེད་པའི་དོན་ནོ། །ཨོཾ་ནི་བཀྲ་ཤིས་པ་དང་གྲུབ་པའི་དོན་རིག་བྱེད་ཀྱི་གཞུང་ལས་འབྱུང་བ་བཞིན་དང་ཐུན་མིན་ཡེ་ཤེས་ལྔ་ལྡན་དུ་མཚོན་པས་ཐོག་དྲངས་པའོ། འཕྲོ་ལུས།
[edit]

@#/_gsang sngags rdo rje theg pa ni theg pa chen po'i yang chen po yin pas dmigs pa'i yul sems can thams cad la tshad med pa bzhi'i ting nge 'dzin ni stong nyid snying rje dbyer med sngags kyi lta sgom spyod pa'i rtsis zin pa la gnyis rtog gi go skabs mi phyed pas rdo rje'i sgras smos pa ste/_de thams cad bde ba dang ldan 'dod kyi byams pa ni dmigs yul la rang las gces par 'dzin te gnas skabs dang mthar thug gi bde ba dang ldan na ci ma rung snyam nas sems can thams cad la rjes su chags pa'i sems bskyed nus par gyur cig_/de bzhin du bdag gzhan mnyam pa nyid du rtogs pas sdug bsngal rgyu 'bras dang bral ba'i sems kyi rgyud rdo rje'i rnal 'byor gyis sems can thams cad la gnyis su med pa bsdams pas 'khor 'das mnyam pa nyid du rjes su bsdams te gzhan don byed nus par gyur cig_/zag med kyi bde ba ni nam yang sdug bsngal rgyu 'bras kyi go skabs mi phyed pa'i rdo rje'i bde ba chen po'i gnas las rtag tu nyams pa med pas rgyud gang ste 'gro kun ma 'khrul par yang dag pa bde bas myos par byed par gyur cig_/gnyis 'dzin mtha' dag las 'das pa'i rdo rje theg pa'i rim gnyis kyi bskyed rdzogs zab mo'i rnal 'byor gyi 'gro kun gyi sgo gsum la rtag tu sbyor bas srid zhi la mi gnas pa'i go 'phang dam pa mngon du gyur te 'bras bu'i mthar thug tu rjes su grol nus pa'i mthu thogs pa med par gyur cig_/de ltar gzhi sems can thams cad chos nyid bde gshegs snying po'i gnas lugs mngon du bya ba'i phyir lam stong nyid snying rje dbyer med kyi rdo rje chags pa sogs tshad med pa bzhi'i rtsis zin pa'i phar phyin drug rdzogs smin sbyangs ba mthar phyin pas 'bras bu sku lnga ye shes lnga ldan gyi go 'phang mngon du byed pa'i don no/__/oM ni bkra shis pa dang grub pa'i don rig byed kyi gzhung las 'byung ba bzhin dang thun min ye shes lnga ldan du mtshon pas thog drangs pa'o/_'phro lus/

Footnotes

Other Information