ཨོཾ། བཀྲ་ཤིས་བསོད་ནམས་སོགས།

From Khyentse Lineage - A Tsadra Foundation Project
DKR-KABUM-12-NA-006
Wylie title oM/ bkra shis bsod nams sogs DKR-KABUM-12-NA-006.pdf
Location dil mgo mkhyen brtse bka' 'bum
Volume 12, Text 6, Pages 334 (Folios 1a1 to 1a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. oM bkra shis bsod nams sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 12: 334. Delhi: Shechen Publications, 1994.
Genre Invocation of Auspiciousness - bkra shis brjod pa
Colophon

།ཞེས་མཆོག་གི་རྡོ་རྗེའི་གདུང་རིགས་སུ་བྱོན་པའི་མཁན་ཆེན་མཉྫུ་གྷོ་ཥ་སིཾ་ཧས་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་ཞུ་བའི་སྐབས་བཀའ་བསྩལ་བ་བཞིན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱི་བྲིས་པ་འདིས་ཀྱང་ཟབ་གསང་གི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་ཡུན་དུ་གནས་པའི་རྟེན་འབྱུང་དུ་གྱུར་ཅིག།

/zhes mchog gi rdo rje'i gdung rigs su byon pa'i mkhan chen many+dzu g+ho Sha siM has gter chen rdo rje gling pa'i zab gter yongs rdzogs kyi smin grol zhu ba'i skabs bka' bstsal ba bzhin 'jigs med mkhyen brtse'i 'od zer gyi bris pa 'dis kyang zab gsang gi bstan pa rin po che 'phel rgyas yun du gnas pa'i rten 'byung du gyur cig/

[edit]
༄༅། ཨོཾ། བཀྲ་ཤིས་བསོད་ནམས་བརྒྱ་ལས་གྲུབ་པ་ཡིས། །བཀྲ་ཤིས་མཚན་གྱི་རི་མོ་ལས་འཕོས་པའི། །བཀྲ་ཤིས་རྟགས་མཆོག་བརྒྱད་ཀྱིས་དབང་བསྐུར་བས། །བཀྲ་ཤིས་དགེ་ལེགས་དཔལ་གྱིས་འབྱོར་བར་ཤོག །ཨོཾ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་ཨ། ཨོཾ། དགེ་ལེགས་འཇིག་རྟེན་ཉི་མའི་མཛད་བཟང་གི །དགེ་ལེགས་སྤེལ་བའི་རྫས་སུ་བྱིན་བརླབས་པ། །དགེ་ལེགས་བཀྲ་ཤིས་རྫས་ཀྱིས་དབང་བསྐུར་བས། །དགེ་ལེགས་ཕན་བདེའི་པདྨོ་བཞད་པར་ཤོག །ཨོཾ་མངྒ་ལ་དྲ་བྱ་ཨ་བྷི་ཥིཉྩ་ཨ། ཨོཾ། ཕུན་ཚོགས་འཁོར་ལོས་བསྒྱུར་བའི་རྒྱལ་རྣམས་ཀྱི། །ཕུན་ཚོགས་དཔལ་འབྱོར་རིན་ཆེན་རྣམ་བདུན་གྱིས། །ཕུན་ཚོགས་དཔལ་ཡོན་འཕེལ་ཕྱིར་དབང་བསྐུར་བས། །ཕུན་ཚོགས་ཡོན་ཏན་དཔལ་གྱིས་འབྱོར་བར་ཤོག །ཨོཾ་སརྦ་རཏྣ་ཨ་བྷི་ཥིཉྩ་ཨོཾ། །ཞེས་མཆོག་གི་རྡོ་རྗེའི་གདུང་རིགས་སུ་བྱོན་པའི་མཁན་ཆེན་མཉྫུ་གྷོ་ཥ་སིཾ་ཧས་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་ཞུ་བའི་སྐབས་བཀའ་བསྩལ་བ་བཞིན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱི་བྲིས་པ་འདིས་ཀྱང་ཟབ་གསང་གི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་ཡུན་དུ་གནས་པའི་རྟེན་འབྱུང་དུ་གྱུར་ཅིག། །།
[edit]

@#/_oM/_bkra shis bsod nams brgya las grub pa yis/_/bkra shis mtshan gyi ri mo las 'phos pa'i/_/bkra shis rtags mchog brgyad kyis dbang bskur bas/_/bkra shis dge legs dpal gyis 'byor bar shog_/oM aSh+Ta mang+ga laM a b+hi Shiny+tsa a/_oM/_dge legs 'jig rten nyi ma'i mdzad bzang gi_/dge legs spel ba'i rdzas su byin brlabs pa/_/dge legs bkra shis rdzas kyis dbang bskur bas/_/dge legs phan bde'i pad+mo bzhad par shog_/oM mang+ga la dra bya a b+hi Shiny+tsa a/_oM/_phun tshogs 'khor los bsgyur ba'i rgyal rnams kyi/_/phun tshogs dpal 'byor rin chen rnam bdun gyis/_/phun tshogs dpal yon 'phel phyir dbang bskur bas/_/phun tshogs yon tan dpal gyis 'byor bar shog_/oM sarba rat+na a b+hi Shiny+tsa oM/_/zhes mchog gi rdo rje'i gdung rigs su byon pa'i mkhan chen many+dzu g+ho Sha siM has gter chen rdo rje gling pa'i zab gter yongs rdzogs kyi smin grol zhu ba'i skabs bka' bstsal ba bzhin 'jigs med mkhyen brtse'i 'od zer gyi bris pa 'dis kyang zab gsang gi bstan pa rin po che 'phel rgyas yun du gnas pa'i rten 'byung du gyur cig/_//

Footnotes

Other Information