སྙན་བརྒྱུད་མ་མོའི་གནད་ཏིག་གི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་རོལ་མོ།

From Khyentse Lineage - A Tsadra Foundation Project
DKR-KABUM-08-NYA-005
Wylie title snyan brgyud ma mo'i gnad tig gi brgyud pa'i gsol 'debs byin rlabs rol mo DKR-KABUM-08-NYA-005.pdf
Location dil mgo mkhyen brtse bka' 'bum
Volume 8, Text 5, Pages 54-55 (Folios 1a1 to 2a2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People དྷ་ན་སཾསྐྲིཏ་ (Dhanasaṃskṛta)
Citation Khyentse, Dilgo. Snyan brgyud ma mo'i gnad tig gi brgyud pa'i gsol 'debs byin rlabs rol mo. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 54-55. Delhi: Shechen Publications, 1994.
Genre Lineage Supplications - brgyud 'debs
Cycle སྲིད་པ་མ་མོའི་གནད་ཏིག་ (srid pa ma mo'i gnad tig)
Deity ma mo
Recension Link Other Versions on this site: སྙན་བརྒྱུད་མ་མོའི་གནད་ཏིག་གི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་རོལ་མོ།
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-KHI-045
Colophon

།མངྒ་ལས་སོ།

/mang+ga las so/

[edit]
སྙན་བརྒྱུད་མ་མོའི་གནད་ཏིག་གི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་རོལ་མོ་བཞུགས། ཆོས་དབྱིངས་བདེ་ཆེན་དཔའ་བོ་མངོན་རྫོགས་རྒྱལ། །ཀུན་བཟང་ཤེས་རབ་ཕར་ཕྱིན་མུ་ཁ་ལེ། །གསང་བདག་རྡོར་སེམས་མཁའ་འགྲོ་ལས་ཀྱི་དབང༌། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་གྲུབ་མཛོད། །མངོན་རྫོགས་མ་མོའི་བཀའ་བབས་དྷཱ་ན་སཾ། །བརྟུལ་ཞུགས་སྤྱོད་པའི་མཆོག་གྲུབ་ཉི་མ་འོད། །རྗེ་འབངས་གྲོགས་གསུམ་འབྲོག་མི་དཔལ་ཡེ་ཤེས། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་གྲུབ་མཛོད། །སྙན་བརྒྱུད་གདམས་པའི་བཀའ་བབ་མདོ་སྔགས་གླིང༌། །སྣང་མཛད་ལོ་ཙཱ་དངོས་བྱོན་གར་གྱི་དབང༌། །ངེས་གསང་བསྟན་པའི་ཤིང་རྟ་ཆོས་རྒྱ་མཚོ། །གསོལ་བ་འདེབས་བདེ་ཆེན་མཆོག་གྲུབ་མཛོད། །གྲུབ་རིགས་འཛིན་པ་འཇམ་དབྱངས་ཚུལ་ཁྲིམས་དང༌། །ཧེ་རུ་ཀ་དཔལ་ཡེ་ཤེས་རྡོ་རྗེ་རྩལ། །རྩ་བརྒྱུད་རིག་འཛིན་བླ་མའི་ཚོགས་ཀུན་ལ། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་གྲུབ་མཛོད། །ཕྱི་ནང་འབྱུང་ལྔ་ཀློང་དག་རྟག་རྒྱལ་ལྔ། །བདེ་ཆེན་སྒྱུ་མའི་ཕོ་ཉ་རྗེ་བཅུ་བཞི། །སྲིད་པ་དབྱིངས་སྒྲོལ་དམན་མོ་ལྔ་བཅུ་ལ། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་གྲུབ་མཛོད། །རང་བཞིན་གཞི་དཀྱིལ་རྩ་རླུང་ཐིག་ལེའི་ཁམས། །གྲོང་ཁྱེར་གསུམ་གྱི་སྣང་ཞེན་དབང་བཞི་དང༌། །རིམ་གཉིས་ལམ་དཀྱིལ་གྱིས་སྦྱངས་འབྲས་བུའི་མཆོག །རྡོ་རྗེ་གསུམ་གྱི་མཁའ་ཀློང་དབྱིངས་སིམ་ཤོག །ཅེས་པའང་རང་ཉིད་ཀྱིས་བསྙེན་སྒྲུབ་འབྲེལ་འཇོག་སྐབས་གསོལ་བ་འདེབས་པ་པོ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་བྲིས་པའོ། །དགེའོ། ༈ ཡང་སྙན་བརྒྱུད་གནད་ཏིག་མ་མོའི་བརྒྱུད་འདེབས་ནི། འཁོར་འདས་སྤྱི་དཔལ་དབྱིངས་ཡུམ་ཀུན་བཟང་མོ། །རིགས་ཀྱི་འཁོར་ལོའི་ཁྱབ་བདག་མངོན་རྫོགས་རྒྱལ། །རྡོ་རྗེ་བཙུན་མོ་རྟག་པའི་རྒྱལ་མོ་ལྔ། །གསོལ་བ་འདེབས་སོ་བདེ་ཆེན་དབྱིངས་ཐོབ་མཛོད། །མ་མོའི་བཀའ་བབས་དྷཱ་ན་སཾ་ཀྲྀ་ཏ། །རྣལ་འབྱོར་དབང་ཕྱུག་ཉི་མ་འོད་ཟེར་ཞབས། །སྙན་བརྒྱུད་བཀའ་བབས་པདྨ་མདོ་སྔགས་གླིང༌། །གསོལ་བ་འདེབས་སོ་བདེ་ཆེན་དབྱིངས་ཐོབ་མཛོད། །མཁའ་འགྲོའི་ཚོགས་རྗེ་པདྨ་གར་གྱི་དབང༌། །བཀའ་གཏེར་ཤིང་རྟ་ཆོས་ཀྱི་རྒྱ་མཚོ་ཆེ། །རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བདེ་ཆེན་དབྱིངས་ཐོབ་མཛོད། འཇམ་མགོན་གྲུབ་པའི་དཔའ་བོ་ཆོས་བློ་གྲོས། །རྩ་བརྒྱུད་བླ་མ་ཁྲག་འཐུང་མངོན་རྫོགས་རྒྱལ། །དཀྱིལ་འཁོར་ལྷ་ཚོགས་མཁའ་འགྲོ་དམ་ཅན་ལ། །གསོལ་བ་འདེབས་སོ་བདེ་ཆེན་དབྱིངས་ཐོབ་མཛོད། །དད་དང་ངེས་འབྱུང་སྔོན་འགྲོས་རྒྱུད་སྦྱངས་ཏེ། །ཁམས་གསུམ་དག་པ་སྒོ་གསུམ་སྐུ་གསུང་ཐུགས། །བསྐྱེད་དང་རྫོགས་པའི་མཁའ་ཀློང་དབྱིངས་གསུམ་གྲོལ། །ཧེ་རུ་ཀ་དཔལ་དཔའ་བོ་མངོན་གྱུར་ཤོག །མངྒ་ལས་སོ།

Footnotes

Other Information