རིན་ཆེན་གཏེར་གྱི་མཛོད་ཆེན་མོ་ལས་འཕྲོས་པའི་འབེལ་གཏམ་སྐལ་བཟང་ཀུན་དགའི་གླིང་བུ།

From Khyentse Lineage - A Tsadra Foundation Project
DKR-KABUM-04-NGA-004
Wylie title rin chen gter gyi mdzod chen mo las 'phros pa'i 'bel gtam skal bzang kun dga'i gling bu DKR-KABUM-04-NGA-004.pdf
Location dil mgo mkhyen brtse bka' 'bum
Volume 4, Text 4, Pages 84-92 (Folios 1a1 to 9b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. rin chen gter gyi mdzod chen mo las 'phros pa'i 'bel gtam skal bzang kun dga'i gling bu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 4: 84-92. Delhi: Shechen Publications, 1994.
Genre Discourses - gtam
Colophon

།ཅེས་པའང་ས་རྟ་སྨིན་ཟླ་ནས་གཏེར་མཛོད་དབང་ལུང་འཆད་སྐབས་འདི་ལྟར་བྲིས་ཞེས་ལུང་རྟོགས་ནོར་བུའི་རྒྱན་གྱིས་མཛེས་ཤིང་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ལ་ཐུགས་བསྐྱེད་བརྩོན་པ་འགྲན་ཟླ་བྲལ་བའི་དཔལ་ཡུལ་རྫོང་ནང་རིན་པོ་ཆེ་འཇམ་དཔལ་རོལ་པའི་བློ་གྲོས་ཀྱིས་སྐྱེས་དང་བཅས་གསུང་བསྐུལ་བཞིན། མདོ་ཁམས་ཀྱི་རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ་བསྟན་འགྲོའི་དགེ་མཚན་གྱི་དཔུང་གཉེན་དུ་གྱུར་ཅིག།

/ces pa'ang sa rta smin zla nas gter mdzod dbang lung 'chad skabs 'di ltar bris zhes lung rtogs nor bu'i rgyan gyis mdzes shing snga 'gyur bka' gter gyi bstan pa la thugs bskyed brtson pa 'gran zla bral ba'i dpal yul rdzong nang rin po che 'jam dpal rol pa'i blo gros kyis skyes dang bcas gsung bskul bzhin/_mdo khams kyi rnying sngags rgan po 'gyur med theg mchog bstan pa'i rgyal mtshan gyis bris pa bstan 'gro'i dge mtshan gyi dpung gnyen du gyur cig/

[edit]
༄༅། རིན་ཆེན་གཏེར་གྱི་མཛོད་ཆེན་མོ་ལས་འཕྲོས་པའི་འབེལ་གཏམ་སྐལ་བཟང་ཀུན་དགའི་གླིང་བུ་ཞེས་བྱ་བ་བཞུགས་སོ། ༄༅། ཨོཾ་སྭསྟི། རབ་འབྱམས་ཟག་མེད་སྤངས་རྟོགས་གཏེར་བརྙེས་པས། །བརྩེ་ཆེན་ཐུགས་རྗེའི་གཏེར་སྒོ་ཕྱེས་པ་ལས། །འཛད་མེད་ཆོས་གཏེར་སྒོ་འབྱེད་སྔ་འགྱུར་གྱི། །བརྒྱུད་གསུམ་རིག་འཛིན་བླ་མ་རྒྱལ་གྱུར་ཅིག །དེ་ལ་འདིར་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཚུངས་མེད་འགྲོ་མགོན་བླ་མས་དབུ་མཛད། འཕགས་ཚོགས་རིག་པ་འཛིན་པའི་དགེ་འདུན་རྡོ་རྗེའི་མཆེད་ལྕམ་རྒྱ་མཚོའི་སྤྱན་སྔར་ཟབ་ཆོས་རིན་ཆེན་གཏེར་མཛོད་ཀྱི་འབེལ་གཏམ་ཅུང་ཟད་ཞུ་ན། ཆོས་རྒྱལ་རཏྣ་གླིང་པའི་གཏེར་ལུང་ལས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང༔ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔ མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན༔ སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན༔ རང་ཆེ་འབྱིན་ཞིང་གཏེར་ལ་རྩོད་ན་ཡང༔ སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན༔ ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ དེ་བས་ལས་དང་སྐལ་ལྡན་སྦྱངས་པ་ཅན༔ འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས༔ ཚེ་གཅིག་ཐར་ལམ་ཐོབ་བོ་རྗེས་འཇུག་རྣམས༔ སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་ཀུན༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ ཐམས་ཅད་ལས་ཅན་ཡིན་ནོ་དགའ་བ་བསྒོམས༔ ཁོ་བོའི་ཚིག་འདི་རིན་ཆེན་གསེར་ལས་དཀོན༔ ཞེས་གསུངས་པ་ལྟར་རང་རེ་གངས་ཅན་བོད་ཡུལ་མཐའ་འཁོབ་མུན་པའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར་བ་འདི་མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་འབའ་ཞིག་སྟེ། འཕུར་འགྲོའི་བསྟན་པའི་འབྱུང་གནས་ཨོ་རྒྱན་ཡུལ༔ གངས་རིའི་ཁྲོད་དུ་འབོད་པ་ཁྲི་སྲོང་རྗེ༔ ཞེས་གསུངས་པ་བཞིན། བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདས་ཚུལ་བསྟན་པའི་ཚེ་རིགས་གསུམ་མགོན་པོས་བོད་ཀྱི་ཡུལ་དུ་ཞབས་ཀྱིས་མ་བཅགས་ཤིང༌། གདུལ་བྱའི་དོན་མཛད་དེ་བཞུགས་པར་གསོལ་བ་བཏབ་པས། བོད་ཡུལ་གྱི་གདུལ་བྱ་ནི་རིགས་གསུམ་སྤྱི་དང་ཁྱད་པར་སྤྱན་རས་གཟིགས་ཀྱིས་འདུལ་དགོས་པར་ལུང་བསྟན་པའི་བདེན་དོན་བཞིན་འཕགས་མཆོག་ཕྱག་ན་པདྨས་ཕྱག་མཚན་དུ་བཞེས་ཏེ། བོད་འདྲེ་སྲིན་གྱིས་བཟུང་བ་སྟོང་པ་མཛད་དེ། སྤྲེལ་རྒན་བྱང་ཆུབ་སེམས་དཔའི་ཚུལ་གྱིས་མི་ཡི་འགྲོ་བ་སྤེལ། བར་དུ་སྤྱན་རས་གཟིགས་དངོས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་འཇམ་དཔལ་གྱི་སྤྲུལ་པ་ཐོན་མི་སཾ་བྷོ་ཊ་དང༌། གསང་བདག་གི་སྤྲུལ་པ་བློན་པོ་མགར་སྟོང་བཙན། སྒྲོལ་མ་དང་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བཙུན་མོ་བཟའ་སོགས་སུ་བསྟན་པའི་ཚུལ་གྱིས་རྒྱ་ཆོས་བོད་དུ་འགྱུར་བའི་སྲོལ་གཏོད། ཡི་གེ་འབྲི་ཀློག་གི་རྒྱུན་བཙུགས། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་རྒྱལ་ཁྲིམས་བཅས། དེ་ནས་རྒྱལ་རབས་ལྔ་ཡི་ཐ་མ་རྗེ་བཙུན་འཇམ་པའི་དབྱངས་ཆོས་རྒྱལ་ཁྲི་སྲོང་དུ་འཁྲུངས་ནས་བོད་ཀྱི་མི་ནོར་གཅེས་དགུ་འཕང་མེད་དུ་བཏང་སྟེ། འཇིག་རྟེན་དབང་ཕྱུག་གསང་སྔགས་ཀྱི་སྟོན་པ་རྡོ་རྗེ་སློབ་དཔོན་དུ་བཞེངས་པ། ཨོ་རྒྱན་སངས་རྒྱས་གཉིས་པ། གསང་བའི་བདག་པོ་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཏུ་བཞེངས་པ་མཁན་ཆེན་ཞི་བ་འཚོ་དང༌། འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་པ་པཎ་ཆེན་བི་མ་ལ་མི་ཏྲ་སོགས་རྒྱ་གར་འཕགས་པའི་ཡུལ་དུ་ཉི་ཟླ་ལྟར་གྲགས་པའི་པཎ་གྲུབ་བརྒྱ་རྩ་སྤྱན་དྲངས། འཇིག་རྟེན་མིག་གཅིག་བཻ་རོ་ཙཱ་ན་དང༌། སྐ་ཅོག་ཞང་གསུམ་ལ་སོགས་པ་མཁས་གྲུབ་ཀྱི་སྤངས་རྟོགས་བརྙེས་པའི་ལོ་ཙཱ་བ་བརྒྱ་རྩ་ཞལ་འཛོམས་ནས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་ཉིན་མོ་མི་དང་མཚན་མོ་ལྷ་འདྲེས་བཞེངས། ཡབ་མེས་ཀྱིས་བཞེངས་པའི་དབུས་གྱུར་ལྷ་ས་དང༌། ཁྲ་འབྲུག་ལ་སོགས་པའི་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང༌། ས་གནད་ཀྱི་མེ་བཙའ་རྣམས་ཉམས་གསོས་དང་རབ་གནས་མཛད། མདོ་སྔགས་རིགས་གནས་དང་བཅས་པའི་གཞུང་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར། འཆད་ཉན་གྱིས་གཏན་ལ་ཕབ། མཁན་ཆེན་ཆོས་ཀྱི་རྒྱལ་པོས་ལོ་ཆེན་བཻ་རོ་ཙཱ་ན་སོགས་སད་མི་མི་བདུན་རབ་ཏུ་བྱུང༌། མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ་ལས་ཅན་སྙིང་གི་བུ་དགུའི་གཙོས་རྗེ་འབངས་འདུས་པ་སྔ་ཕྱི་རྣམས་ལ་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་སྒོ་ཕྱེས་ཏེ་ཉམས་སུ་བླངས་བ་ཙམ་གྱིས་དངོས་གྲུབ་ཐོབ་སྟེ་གྲུབ་ཐོབ་ཀྱི་ཚངས་བརྡོལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབེན་གནས་གཙོས་རི་བྲག་གངས་གསུམ་ཐམས་ཅད་གདོད་ནས་གྲུབ་པའི་རྡོ་རྗེའི་གནས་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་མཛད་པས། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང༌། ལོ་ཆེན་རིན་ཆེན་བཟང་པོ་སོགས་མཁས་གྲུབ་གཟུ་བོར་གནས་པ་རྣམས་ཀྱིས་བསྔགས་པའི་མེ་ཏོག་འཐོར་ཏེ་བོད་ཡུལ་རྒྱལ་བསྟན་གྱི་ཕྱི་མོར་གྱུར་པ་ལས། དུས་གསུམ་ཀུན་མཁྱེན་ཨོ་རྒྱན་ཆེན་པོས། དབོན་སྲས་བདུད་ཀྱི་སྤྲུལ་པས་བསྟན་པ་བསྣུབས་པར་མཁྱེན་ནས་རྒྱལ་པོ་ལ་མ་འོངས་པའི་ལུང་བསྟན་མང་པོ་དང༌། མཆོད་ཡོན་བཀའ་བགྲོས་ཏེ་གསང་སྔགས་ཀྱི་བསྟན་པ་མི་ནུབ་པ་དང༌། རྟོག་གེས་བསླད་ཅིང་*གཅོས་སུ་མེད་པར་བྱིན་རླབས་མི་ཡལ་བ་དང༌། གདུལ་བྱ་རིགས་ཅན་དུ་འབྱུང་བ་ན། བོད་ཡུལ་གྱི་སྐལ་པར་འཚམས་པར་མཁྱེན་ནས། བླ་གཏེར་བརྒྱ་རྩ། ཐུགས་གཏེར་ཆེན་པོ་ལྔ་དང༌། ཟབ་པའི་གཏེར་ཆེན་ཉེར་ལྔ་གཙོ་བོར་གྱུར་པའི་མིང་ཅན་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པ་སྦས། དེ་འདོན་པའི་དུས་འདོན་པ་པོའི་གང་ཟག །ལས་ཅན་ཆོས་བདག་སོགས་ལུང་བསྟན་རེ་རེ་བཞིན་བསྩལ། སྟག་ཚངས་མིང་ཅན་བཅུ་གསུམ་སོགས་ལ་ཁྲོ་བོ་འཆོལ་བ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས། བོད་ཀྱི་ལྷ་སྲིན་ཆེ་ཕྲ་ཐམས་ཅད་དམ་ལ་བཞག་ཅིང་གཏེར་སྲུང་གཉེར་དུ་གཏད། ཕྱི་རབས་ཡིད་ཆེས་བསྐྱེད་པའི་བུམ་ཐང་རྡོ་རྗེ་བརྩེགས་སུ་སྐུ་རྗེས་བརྒྱ་རྩ། ཞབས་རྗེས་སྟོང་བྲག་གནམ་མཚོ་ཕྱུག་མོ་སོགས་གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས་སོགས་ངོ་མཚར་གྱི་བཀོད་པ་གྲངས་ལས་འདས་པ་བཞག །བོད་ཀྱི་སློབ་ཆེན་རྗེ་འབངས་ཉེར་ལྔ། ཡེར་པའི་འོད་ལུས་གྲུབ་པ་བརྒྱད་ཅུ་ཆུ་བོ་རིའི་སྒོམ་ཆེན་བརྒྱ་དང་བརྒྱད། ཡངས་རྫོང་གི་སྔགས་པ་སུམ་ཅུ། ཤེལ་བྲག་གི་རྟོགས་ལྡན་ང་ལྔ། ལས་ཅན་རིགས་ལྡན་གྱི་མཁའ་འགྲོ་ཉེར་ལྔ། རྣལ་འབྱོར་མ་བདུན་སོགས་ཀྱིས་མཚོན། ཉང༌། སྤང་རླངས། རྔོག །*མཁེན། སོ་ཟུར་གནུབས་སོགས་གསར་རྙིང་གི་སྐྱེས་ཆེན་མང་པོས་མོས་པར་གྱུར་པས། མདོར་ན་སློབ་དཔོན་ཆེན་པོའི་ཕྲིན་ལས་ཤིང་རྟའི་ལམ་སྲོལ་ལས་འཕྲོས་པ་ཁོ་ནའོ། མཁན་སློབ་རྗེ་འབངས་དང་བཅས་པའི་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཀྱང་ཐུགས་རྗེའི་གཟིགས་པ་དང་ཕྲིན་ལས་ཀྱི་ཞགས་པ་ནམ་ཡང་མ་བཏང་བར། མ་འོངས་པའི་གདུལ་བྱ་དང་བསྟན་པའི་བཙས་སུ་དགོངས་ནས་རྒྱ་བལ་བོད་ཡུལ་རྣམས་སུ་ཆོས་ནོར་སྨན་དང་དམ་རྫས་ལ་སོགས་པ་གཏེར་ཁ་མཐའ་ཡས་པ་སྦ་བར་མཛད་པ་ལས་གཙོ་བོ་གངས་ཅན་འདིར་གདུལ་བྱ་གང་ལ་གང་འདུལ་གྱི་ཐབས་ལ་མཁས་པས་ཆོས་སྒོ་སྤྱི་དང༌། ཁྱད་པར་ཡོ་ག་རྣམ་གསུམ་དང་འབྲེལ་བའི་རྒྱུད་ལུང་མན་ངག་ལས་ཚོགས་མཐའ་ཡས་པ་གསུངས་པས། ཐམས་ཅད་གསང་བའི་བདག་མོ་དབྱིངས་ཕྱུག་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཀྱིས་བཟུང་ནས་བཀའ་ཡི་བསྡུ་བ་མཛད། ཤོག་སེར་རིགས་ལྔར་མཁའ་འགྲོའི་བརྡ་ཡིག་ཡི་གེར་བཀོད། གཏེར་སྣོད་སྣ་ཚོགས་འབྱུང་བས་མི་འཇིག་པའི་རྒྱས་བསྡམས། གཏེར་གནས་སོ་སོར་གུ་རུ་ཡབ་ཡུམ་ཁོ་ན་དང་རྗེ་འབངས་ལྷན་ཅིག་པར་རྣམས་ཀྱིས་སྦས་ཏེ་གཏེར་སྲུང་ལ་གཉེར་དུ་གཏད། ཁྱད་པར་དུ་གུ་རུ་རིན་པོ་ཆེ་རྔ་ཡབ་གླིང་དུ་གཤེགས་པའི་རྗེས་སུ་མཚོ་རྒྱལ་ཉིད་མི་ལོ་བརྒྱ་ལྷག་ཙམ་བཞུགས་ནས་བོད་ཡུལ་སྟོད་སྨད་བར་གསུམ་དུ་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས་ནས་གཏེར་ཞབས་བསྡམས། གཞན་ཡང་པཎ་ཆེན་བི་མ་མི་ཏྲ། ཆོས་རྒྱལ་ཡབ་སྲས། བཻ་རོ་ཙ་ན། གནུབས་སངས་རྒྱས་ཡེ་ཤེས་དང་ནམ་མཁའི་སྙིང་པོ། གཉགས་ཛྙཱ་ན་དང་སྣ་ནམ་རྡོ་རྗེ་བདུད་འཇོམས། ཉང་བན་ཏིང་འཛིན་བཟང་པོ་སོགས་ཀྱིས་ཟབ་གཏེར་མང་དུ་སྦས་པ་རྣམས་ཕྱིས་འདུལ་བའི་དུས་སུ་བྱོན་པའི་ཚེ། གུ་རུ་རིན་པོ་ཆེས་མ་འོངས་པར་གཏེར་ལ་སྤྱོད་ཅིང་འགྲོ་དོན་འགྱུར་བར་བྱིན་གྱིས་བརླབས་ཤིང་ལུང་བསྟན། ཁོ་བོས་ཀྱང་སྨོན་ལམ་ཐེབས་པའི་རྗེ་འབངས་སྐལ་ལྡན་རྣམས་ཀྱི་སྐྱེ་བ་དང་སྤྲུལ་པའི་སྒྱུ་འཕྲུལ་རིགས་དང་སྤྱོད་པ་མ་ངེས་པ་རིམ་པར་བྱོན་ནས་བསྟན་འགྲོའི་དོན་མཛད་པའི་ཚུལ། དྲི་མེད་ཀུན་དགའི་གཏེར་ལུང་ལས། གཏེར་སྟོན་ལང་མ་ལིང་མ་འོང༔ གཏེར་ཆོས་ཤ་མང་སུལ་ལྟར་བརྡོལ༔ དེ་ཡང་འབྲས་མེད་མ་ཡིན་ཏེ༔ ཨོ་རྒྱན་ང་ཡི་བརྗེད་རྡོ་ཡིན༔ ཞེས་དང༌། རཏྣ་གཏེར་ལུང་ལས། ཡུལ་ཆེན་རེ་ལ་གཏེར་ཆེན་རེ༔ དེ་ཡང་ཨོ་རྒྱན་བརྗེད་རྡོ་ཡིན༔ ཡུལ་ཕྲན་རེ་ལ་གཏེར་ཕྲན་རེ༔ དེ་ཡང་ཨོ་རྒྱན་བརྗེད་རྡོ་ཡིན༔ ཞེས་སོགས་གསུངས་པ་དང༌། མ་འོངས་འགྲོ་ལ་ཆོས་སྦྱིན་ཟད་མེད་དུ༔ སྲིད་པ་ཐམས་ཅད་པདྨའི་གཏེར་གྱིས་བཀང༔ འབྱིན་མཁན་ཐམས་ཅད་ང་ཡི་སྤྲུལ་པ་ཡིན༔ ཆ་ལུགས་སྤྱོད་པ་ངེས་མེད་ཅི་ཡང་བྱེད༔ དད་ལྡན་སྣང་བ་ཐེབས་རེ་མི་ལྡོག་མེད༔ ཀུན་གྱིས་ཚད་འཛིན་དཀའ་བ་དུ་མ་འབྱུང༔ ཞེས་གསུངས་པ་ལྟར། བསྟན་པ་ཕྱི་དར་གྱི་ཐོག་མ་ལོ་ཆེན་རིན་ཆེན་བཟང་པོ་དང་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་དུས་ཙམ་ནས་གཏེར་སྟོན་ཀུན་གྱི་ཐོག་མ་རྒྱལ་སྲས་ལྷ་རྗེ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པ་གུ་རུའི་ལུང་བསྟན་པའི་ཐོག་མ་སངས་རྒྱས་བླ་མ་ནས་བརྩམས་རིམ་པར་བྱོན་པའི་མངའ་བདག་ཉང་ཉི་མ་འོད་ཟེར། གུ་རུ་ཆོས་ཀྱི་དབང་ཕྱུག་སོགས་གཏེར་ཁ་གོང་འོག་གི་གཙོས་གཏེར་སྟོན་རྒྱལ་པོ་ལྔ་སོགས་ཟབ་གཏེར་གྱི་བཀའ་བབ་པ་དང༌། ཀུན་མཁྱེན་ཀློང་ཆེན་པ་དང༌། ལྷ་བཙུན་ནམ་མཁའ་འཇིགས་མེད། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་དགོངས་གཏེར་གྱི་བཀའ་བབ་འགྲན་ཟླ་བྲལ་བ་དང༌། རྒྱལ་དབང་ལྔ་པ་རིན་པོ་ཆེ་སོགས་དག་སྣང་གི་བཀའ་སྲོལ་གཙོ་བོར་མཛད་པ་དང༌། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། འཇམ་མགོན་བློ་གྲོས་མཐའ་ཡས་སོགས་སྔ་འགྱུར་བཀའ་མ་དང་གཏེར་ཁ་གསར་རྙིང་གཉིས་ཀའི་ཤིང་རྟ་ཆེན་པོར་གྱུར་པས་མཚོན་གུ་རུ་རིན་པོ་ཆེའི་རྒྱལ་ཚབ་རྣམས་དུས་གཅིག་དང༌། སྐུ་ཚེའི་སྟོད་སྨད་གཅིག་རྗེས་གཅིག་མཐུད་དུ་བྱོན་པ་རྣམས་ཀྱི་སོ་སོའི་རྣམ་ཐར་ཆེ་བ་ཉིད་བསམ་ཞིང་བརྗོད་པར་མི་ནུས་ལ། མདོར་ན་གུ་རུ་ཡབ་ཡུམ་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་བོད་ཡུལ་དུས་ཀྱི་རྒུད་པ་གསོ་ཞིང༌། བསྟན་འགྲོའི་དགེ་མཚན་སྤེལ་བ། མཐའ་དམག་དམ་སྲི་ཚ་ངར་བཅོམ་པ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་བདག་ཅག་གི་འདྲེན་མཆོག་མཁས་ཤིང་དངོས་གྲུབ་བརྙེས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྐུ་འཚོ་ཞིང་བཞེས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ཤིང༌། དེ་ཚེ་གསང་ཆེན་བཀའ་ཡི་སྡུད་པོ་རིག་འཛིན་རྡོ་རྗེ་ཆོས་དང༌། ཟབ་རྒྱས་རྒྱུད་སྡེའི་ཤིང་རྟ་ཆེན་པོ་རྒྱལ་པོ་ཛཿ སྟོན་པ་ཐུབ་པའི་དབང་པོའི་ཉེར་གནས་མང་དུ་ཐོས་པའི་མཆོག་ཀུན་དགའ་བོ་སོགས་རྒྱ་གར་དང༌། བོད་ཡུལ་བསྟན་པའི་མིག་གཅིག་ལོ་ཆེན་བཻ་རོ་ཙཱ་ན་སོགས་སྐུའི་སྐྱེ་བ་བརྒྱུད་མར་དམ་པའི་ཆོས་འཚོལ་བ་དང༌། བཀའ་ཡི་བསྡུ་བ། བསྟན་པའི་རྒྱུན་དམ་ཆོས་སྤེལ་བ་སོགས་རྣམ་ཐར་གྱི་གཙོ་བོར་གཙོ་བོར་མཛད་ཅིང༌། མདོ་རྒྱུད་ཐམས་ཅད་ནས་ཐུབ་བསྟན་ཤིང་རྟ་འཛམ་གླིང་རྒྱན་དྲུག་ལ་སོགས་བཞིན་ཏེ། ཏིང་འཛིན་རྒྱལ་པོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། སེམས་ཅན་རྣམས་ཀྱི་དོན་མ་བྱེད་འགྱུར་ཞེས། བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན། ཞེས་སོགས་མདོ་སྡེ་དུ་མ་དང༌། སྔ་འགྱུར་སྒྱུ་འཕྲུལ་ཀལྤ་དུམ་བུའི་རྒྱུད་ལས། འཇིག་རྟེན་ཁ་བ་ཅན་ཞེས་སུ༔ པདྨའི་སྙིང་པོ་ཀུན་དགའ་དང༔ བློ་གྲོས་མཐའ་ཡས་ལ་སོགས་པས༔ འཛིན་པས་བསྟན་པ་རྒྱས་པར་འགྱུར༔ ཞེས་སོགས་མདོ་རྒྱུད་དུ་མའི་ནང་ལུང་གིས་ཆེད་དུ་བསྔགས་པ་འཛམ་གླིང་ཆོས་ཀྱི་ཤིང་རྟ་འཇམ་མགོན་བློ་གྲོས་མཐའ་ཡས་ཞེས་མཚན་ཡོངས་སུ་གྲགས་པའི་སྐྱེས་བུ་ཆེན་པོའི་བཀའ་དགོངས་ཕུར་པ་སོགས་ཟབ་གཏེར་ཆེན་པོའི་རིགས་རྣམས་འཆད་ཉན་དར་རྒྱས་སུ་བཞུགས་ཀྱང༌། ཡིད་ཆེས་ཁུངས་བཙུན་དཔེ་དང་དབང་ལུང་གཉིས་ཀའི་རྒྱུན་དཀོན་པ་གཏེར་ཕྲན་ཟབ་གཉན་ཅན་རྣམས་ཕྱོགས་ཏུ་བསྡུ་བར་དགོངས་པའི་ཚེ། དེ་ཙམ་གྱི་སྔ་འགྱུར་པའི་དབང་བསྐྱེད་རྫོགས་ཀྱི་ཁྲིད། རྒྱབ་བརྟེན་བཤད་པ་བཅས་ཡོངས་རྫོགས་མགོ་རྐང་ཚང་བ་ཞིག་མི་འབྱུང་བར་མཁྱེན་ནས། སྙིགས་དུས་ཀྱི་སངས་རྒྱས་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་བཀའ་བགྲོས་པས་གཏེར་ཆེན་ཡོངས་སུ་གྲགས་པ་རྣམས་ཀྱི་བླ་རྫོགས་ཐུགས་གསུམ་ཚང་ལ། གཏེར་ཕྲན་རྒྱུན་དཀོན་པ་རྣམས་བསྒྲིགས་ན་བསྟན་འགྲོ་ལ་ཕན་བདེའི་བཙས། སྔ་འགྱུར་བསྟན་པ་འཆི་ཀ་མའི་སྲོག་མཐུད་པ་ལྟ་བུ་འབྱུང་བ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་ཟུང་དགོངས་པ་གཅིག་དང་དབྱངས་གཅིག་ཇི་ལྟར་བསྒྲིགས་གོ་རིམ་ཕྱག་ཐོ་བསྩལ་ནས་ཟབ་གཏེར་རིན་ཆེན་ནོར་བུའི་མཛོད་ཀྱི་གླེགས་བམ་གྱི་ཕྲེང་བ་བསྟར་བའི་ཚེ། ཡོངས་རྫོགས་བསྟན་པའི་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌། ཨོ་རྒྱན་མཆོག་གྱུར་གླིང་པ་ཡབ་སྲས་གཉིས་ལ་སངས་རྒྱས་གཉིས་པ་སློབ་དཔོན་རིན་པོ་ཆེ་ཡབ་ཡུམ་གྱི་བཀའ་བབ་ཆེན་པོ་བདུན་གྱི་བང་མཛོད་གཏད་པས། འགྲོ་འདུལ་སངས་རྒྱས་བླ་མ་ནས་བཟུང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པའི་བར་གྱི་མཚན་ཙམ་ཡང་དཀོན་པའི་ཟབ་གཏེར་གསར་རྙིང་མང་པོ་ཉེ་རྒྱུད་དུ་བཀའ་བབས་ཤིང༌། ཆོས་རྒྱུན་དཔེ་ཡི་གླེགས་བམ་ཐུན་མོང་གི་སྤྱོད་ཡུལ་དུ་སྣང་བ་མཛད་ནས། སྔོན་མཁན་སློབ་ཆོས་གསུམ་རྗེ་འབངས་བཅས་པ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཞལ་འཛོམས། མདོ་རྒྱུད་སྨིན་གྲོལ་གྱི་བསྒྱུར་བཤད་ཉན་གསུམ་གྱི་དུས་སྐབས་ལྟ་བུའི་དགེ་མཚན་གྱི་སྐྱ་རེངས་མདོ་ཁམས་སྡེ་དགེ་རྒྱལ་ཁབ་ཏུ་ཤར་ནས། མཁས་གྲུབ་རིག་པ་འཛིན་དབང་མདོ་སྔགས་དགེ་འདུན་གྱི་སྡེ་ཆེ་བཙན་ཡ་རབས་ཐམས་ཅད་ཚོགས་ནས། ཨོ་རྒྱན་སངས་རྒྱས་གཉིས་པས། བཻ་རོའི་སྐྱེས་མཐའ་བློ་གྲོས་མིང༔ འཆད་རྩོམ་མཐའ་ཡས་བཀའ་བབ་འབྱུང༔ ཞེས་རྡོ་རྗེའི་ལུང་བསྟན་གྱི་བདེན་དོན་མངོན་དུ་གྱུར་པའི་ཚེ་འཇམ་དབྱངས་བླ་མ་མཁྱེན་བརྩེ་རིན་པོ་ཆེས་དག་པའི་ཡེ་ཤེས་ཀྱི་གཟིགས་སྣང་དུ། རྗེ་བློ་གྲོས་མཐའ་ཡས་ལ་མཛོད་ཆེན་རྣམ་པ་ལྔ་ཡི་བཀའ་བབ་མངའ་བར་རྡོ་རྗེའི་ལུང་གིས་གཟེངས་བསྟོད་ནས། བོད་ཡུལ་བཤད་པའི་ཀ་ཆེན་བཅུ་དང༌། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རིང་ལུགས་ཚད་མར་གྱུར་པ་ཀུན་ལ་ཕྱོགས་དང་རིས་སུ་མ་ཆད་པ་བཤད་སྒྲུབ་ཀྱི་ཕྲིན་ལས་བདག་གིར་བཞེས་ནས་སོ་སོའི་རྒྱུད་འཛིན་གཙོ་བོ་རྣམས་དང་རྣམ་དབྱེར་མ་མཆིས་པའི་ཕྱག་ལེན་དུ་བསྟར་བས་བསྟན་འགྲོའི་ཕན་བདེའི་སྲོག་རྩ་སྦོམ་པོར་མཛད་པ་ལས་ཟབ་ཅིང་རྒྱ་ཆེ་ཤོས་རིན་ཆེན་གཏེར་གྱི་གསང་མཛོད་ཆེན་པོ་སྟེ། སྔ་འགྱུར་གྱི་རིང་ལུགས་ཀྱི་ཆོས་སྐད་ལ། རྒྱུད་སྡེ་དང་སྒྲུབ་སྡེའི་བཀའ་སྲོལ་གཉིས་ལས། རྒྱུད་སྡེ་དངོས་སྔ་འགྱུར་བཀའ་མ་ཡིན་པས་དེ་རིགས་ལའང་ཡིག་ཆ་གསར་སྤེལ་དབང་ལུང་བཤད་རྒྱུན་སྤེལ་བ་ལ་སོགས་པའི་ཞབས་ཏོག་རྒྱ་ཆེར་མཛད། སྒྲུབ་སྡེ་ནི་ཟབ་ཆོས་གཏེར་ནས་བྱོན་པ་ལའང་རྒྱུད་སྡེ་དང་ཆོས་མཐུན་པས་བཀའ་གཏེར་ཟུང་འཇུག་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ཟབ་གཏེར་རྡོར་སེམས་ཐུགས་ཀྱི་སྒྲུབ་པ། གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་པ་སྐོར་བདུན་གྱི་བྱེ་བྲག །སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུགས་སོགས་དང༌། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཏེར་གསང་བ་རྒྱ་མཚོའི་བཅུད་དུ་འཁྱིལ་བའི་གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་གི་སྒྲུབ་ཐབས་སྙིང་པོ་སྐོར་ལྔ། གྲུབ་ཐོབ་ཐུགས་ཐིག་གི་ཚེ་སྒྲུབ་ཀྱི་རྫོགས་རིམ་རྡོ་རྗེའི་ཚིག་རྐང་ལ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་མན་ངག་གི་ཐུས་ཀ་ཚང་བ་དང༌། སྒྲུབ་སྡེ་རང་རྐང་གུ་རུ་རིན་པོ་ཆེའི་ཐུགས་སྒྲུབ་བླ་མ་ཕྱི་ནང་གསང་གསུམ་སྒྲུབ་པ་དང༌། ཡི་དམ་སྒྲུབ་སྡེ་བརྒྱད་སྤྱི་དང་བྱེ་བྲག །མཁའ་འགྲོའི་ཟབ་སྒྲུབ། བསྟན་སྲུང་ཆོས་སྲུང་གི་སྐོར། མཆོག་དང་ཞི་བ། རྒྱས་པ། དབང་སྡུད། དྲག་པོའི་ལས་རིམ། ལུང་ཨ་ནུ་ཡོ་ག །ཨ་ཏི་རྫོགས་པ་ཆེན་པོའི་སྐོར། བདེན་ཚིག་སྨོན་ལམ་བཀྲ་ཤིས་བཅས། རྩ་བ་གུ་རུ་རིན་པོ་ཆེའི་རྡོ་རྗེའི་གསུངས་མཁའ་འགྲོའི་ཁ་རླངས་མ་ཡལ་བ་ཁུངས་དང་འབྲེལ་ཞིང་བརྒྱུད་པ་གཙང་བ་རིག་འཛིན་གོང་མའི་མན་ངག་ཕྱག་བཞེས་ཀྱིས་བརྒྱན་པ་མཁས་གྲུབ་ཆེན་པོ་སྔོན་བྱོན་དང༌། ཀུན་གཟིགས་བློ་གྲོས་མཐའ་ཡས་ཀྱི་ལེགས་བཤད་ཕུལ་དུ་ཕྱིན་པ་རྒྱབ་བརྟེན་གྱི་ཡིག་ཆས་མཛེས་པར་མཛད་ནས་གླེགས་བམ་གྱི་ཕྲེང་བ་ཕྱོགས་གཅིག་ཏུ་བསྡུས་ནས་ཤིང་པར་གྱི་ཆོས་སྐུའི་གླེགས་བམ་བསྐྲུན་ཏེ་རྟོགས་པ་ཆོས་སྐུའི་མཆོད་སྡོང་ས་གསུམ་སྲིད་ཞིའི་དགེ་ལེགས་མི་ཟད་པའི་རིན་ཆེན་རིན་ཐང་མེད་པ་འབུམ་ཕྲག་གིས་མི་མཚོན་པའི་དམ་པའི་ཆོས་ཀྱི་གན་མཛོད་བསགས་པའི་བཀའ་དྲིན་གྱིས་རྩོད་དུས་ཀྱི་ཐ་མ་འདི་ལྟ་བུའི་དུས་ཀྱི་འགྱུར་བའི་རང་མཚང་བརྡོལ་བའི་ཚེ་ཡང་ཟབ་རྒྱས་ཆོས་ཀྱི་ཕ་ཕོག་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བང་མཛོད་ཁ་ཕྱེས་པ་ལྟར་ཡོད་པ་འདི་ཉིད་འཇམ་མགོན་ཉི་ཟླ་ཟུང་གི་ཞལ་སློབ་མཁས་གྲུབ་རྣམས་ཀྱི་ཉམས་བཞེས་འཆད་སྤེལ་གླེགས་བམ་པར་དུ་བསྐྲུན་པའི་བཀའ་དྲིན་གྱིས་བོད་ཡུལ་ཆོས་ལུགས་ཁག་བཞིའི་རྩ་བ་ཡན་ལག །གཡུང་དྲུང་བོན་དང་བཅས་ནས་རང་ནོར་རང་གིས་བདག་ཏུ་བཟུང་ཞིང༌། བཀའ་རྙིང་གི་སྐྱེས་ཆེན་རྣམས་དང་ཁྱད་པར་པདྨའི་རྒྱལ་ཚབ་བདུད་འཇོམས་འགྲོ་འདུལ་གླིང་པས་སྐུ་ཚེ་གཅིག་ལ་གཏེར་མཛོད་སྨིན་གྲོལ་ཚར་བཅུ་གསུངས་པའི་བཀའ་དྲིན་ལས། ནང་གི་བསྟན་པའི་སྙིང་ནོར་དར་རྒྱས་སུ་བཞུགས་པ་འདི་དག་འབྱུང་འགྱུར་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་དེ་བཞིན་དུ་བཤད་སྒྲུབ་ཕྲིན་ལས་ཀྱི་རྒྱུན་བསྐྱངས་བས་བསྟན་འགྲོའི་དགེ་མཚན་ཡར་ངོའི་ཚེས་ཀྱི་ཟླ་བ་བཞིན་འགྱུར་བའི་སྨོན་འདུན་གསོལ་བ་འདེབས་པ་ལགས་སོ། །གཟུར་གནས་ལོ་རྒྱུས་ཚད་མའི་མེ་ཏོག་ཕྲེང༌། །བློ་གསལ་མགུུལ་རྒྱན་ཆེད་དུ་བསྟར་བ་ལས། །ཆོས་རྗེས་འབྲངས་པའི་སྤྱན་གྱི་དགའ་སྟོན་དུ། །གྱུར་ནས་སྔ་འགྱུར་མཆོག་བསྟན་རྒྱས་གྱུར་ཅིག །ཅེས་པའང་ས་རྟ་སྨིན་ཟླ་ནས་གཏེར་མཛོད་དབང་ལུང་འཆད་སྐབས་འདི་ལྟར་བྲིས་ཞེས་ལུང་རྟོགས་ནོར་བུའི་རྒྱན་གྱིས་མཛེས་ཤིང་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ལ་ཐུགས་བསྐྱེད་བརྩོན་པ་འགྲན་ཟླ་བྲལ་བའི་དཔལ་ཡུལ་རྫོང་ནང་རིན་པོ་ཆེ་འཇམ་དཔལ་རོལ་པའི་བློ་གྲོས་ཀྱིས་སྐྱེས་དང་བཅས་གསུང་བསྐུལ་བཞིན། མདོ་ཁམས་ཀྱི་རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ་བསྟན་འགྲོའི་དགེ་མཚན་གྱི་དཔུང་གཉེན་དུ་གྱུར་ཅིག། །།
[edit]

@#/_rin chen gter gyi mdzod chen mo las 'phros pa'i 'bel gtam skal bzang kun dga'i gling bu zhes bya ba bzhugs so/ @#/__oM swasti/_rab 'byams zag med spangs rtogs gter brnyes pas/_/brtse chen thugs rje'i gter sgo phyes pa las/_/'dzad med chos gter sgo 'byed snga 'gyur gyi/_/brgyud gsum rig 'dzin bla ma rgyal gyur cig_/de la 'dir rigs dang dkyil 'khor rgya mtsho'i khyab bdag mtshungs med 'gro mgon bla mas dbu mdzad/_'phags tshogs rig pa 'dzin pa'i dge 'dun rdo rje'i mched lcam rgya mtsho'i spyan sngar zab chos rin chen gter mdzod kyi 'bel gtam cung zad zhu na/__chos rgyal rat+na gling pa'i gter lung las/_shin tu zab pa'i mthar thug snying po rnams:_spyir yang bod rnams gsar ngas che ba dang:_snyigs ma'i 'gro la lhag par snying brtse bas:_mtha' dbus thams cad gter gyis bkang nas bzhag:_las can bu dang 'phrad pa'i smon lam btab:_ma 'ongs dus su rtog ge tha snyad mkhan:_sgom chen la sogs phyogs dang ris dregs can:_rang che 'byin zhing gter la rtsod na yang:_snyigs ma'i chos byed phal cher gter gyis 'dren:_zab la kha tshang ma bsgribs mtha' rgyas shing:_gdams pa sna res gang zag grol bar nges:_de bas las dang skal ldan sbyangs pa can:_'chi ba dran na gter chos nyams su longs:_tshe gcig thar lam thob bo rjes 'jug rnams:_snyigs dus gter la mos pa'i skal ldan kun:_deng sang gu ru'i zhal mthong smon lam btab:_thams cad las can yin no dga' ba bsgoms:_kho bo'i tshig 'di rin chen gser las dkon:_zhes gsungs pa ltar rang re gangs can bod yul mtha' 'khob mun pa'i gling du chos kyi sgron me sbar ba 'di mkhan slob chos gsum gyi bka' drin 'ba' zhig ste/_'phur 'gro'i bstan pa'i 'byung gnas o rgyan yul:_gangs ri'i khrod du 'bod pa khri srong rje:_zhes gsungs pa bzhin/_bdag cag gi ston pa sku mya ngan las 'das tshul bstan pa'i tshe rigs gsum mgon pos bod kyi yul du zhabs kyis ma bcags shing*/_gdul bya'i don mdzad de bzhugs par gsol ba btab pas/_bod yul gyi gdul bya ni rigs gsum spyi dang khyad par spyan ras gzigs kyis 'dul dgos par lung bstan pa'i bden don bzhin 'phags mchog phyag na pad+mas phyag mtshan du bzhes te/_bod 'dre srin gyis bzung ba stong pa mdzad de/_sprel rgan byang chub sems dpa'i tshul gyis mi yi 'gro ba spel/_bar du spyan ras gzigs dngos chos rgyal srong btsan sgam po'i blon po 'jam dpal gyi sprul pa thon mi saM b+ho Ta dang*/_gsang bdag gi sprul pa blon po mgar stong btsan/_sgrol ma dang khro gnyer can gyi sprul pa btsun mo bza' sogs su bstan pa'i tshul gyis rgya chos bod du 'gyur ba'i srol gtod/_yi ge 'bri klog gi rgyun btsugs/_lha chos dge ba bcu dang mi chos gtsang ma bcu drug gi rgyal khrims bcas/_de nas rgyal rabs lnga yi tha ma rje btsun 'jam pa'i dbyangs chos rgyal khri srong du 'khrungs nas bod kyi mi nor gces dgu 'phang med du btang ste/_'jig rten dbang phyug gsang sngags kyi ston pa rdo rje slob dpon du bzhengs pa/_o rgyan sangs rgyas gnyis pa/_gsang ba'i bdag po byang phyogs thub pa'i rgyal tshab tu bzhengs pa mkhan chen zhi ba 'tsho dang*/_'pho chen rdo rje'i sku brnyes pa paN chen bi ma la mi tra sogs rgya gar 'phags pa'i yul du nyi zla ltar grags pa'i paN grub brgya rtsa spyan drangs/_'jig rten mig gcig bai ro tsA na dang*/_ska cog zhang gsum la sogs pa mkhas grub kyi spangs rtogs brnyes pa'i lo tsA ba brgya rtsa zhal 'dzoms nas lugs gsum mi 'gyur lhun gyis grub pa'i gtsug lag khang brgya rtsa brgyad nyin mo mi dang mtshan mo lha 'dres bzhengs/_yab mes kyis bzhengs pa'i dbus gyur lha sa dang*/_khra 'brug la sogs pa'i mtha' 'dul dang yang 'dul gyi gtsug lag khang*/_sa gnad kyi me btsa' rnams nyams gsos dang rab gnas mdzad/_mdo sngags rigs gnas dang bcas pa'i gzhung rgya skad las bod skad du bsgyur/_'chad nyan gyis gtan la phab/_mkhan chen chos kyi rgyal pos lo chen bai ro tsA na sogs sad mi mi bdun rab tu byung*/_mchims phu brag dmar ke'u tshang du las can snying gi bu dgu'i gtsos rje 'bangs 'dus pa snga phyi rnams la rdo rje theg pa'i smin grol gyi sgo phyes te nyams su blangs ba tsam gyis dngos grub thob ste grub thob kyi tshangs brdol/_sku gsung thugs yon tan phrin las kyi dben gnas gtsos ri brag gangs gsum thams cad gdod nas grub pa'i rdo rje'i gnas dang gnyis su med par byin gyis brlabs par mdzad pas/_mnyam med jo bo rje dpal ldan a ti sha dang*/_lo chen rin chen bzang po sogs mkhas grub gzu bor gnas pa rnams kyis bsngags pa'i me tog 'thor te bod yul rgyal bstan gyi phyi mor gyur pa las/_dus gsum kun mkhyen o rgyan chen pos/_dbon sras bdud kyi sprul pas bstan pa bsnubs par mkhyen nas rgyal po la ma 'ongs pa'i lung bstan mang po dang*/_mchod yon bka' bgros te gsang sngags kyi bstan pa mi nub pa dang*/_rtog ges bslad cing [*]gcos su med par byin rlabs mi yal ba dang*/_gdul bya rigs can du 'byung ba na/_bod yul gyi skal par 'tshams par mkhyen nas/_bla gter brgya rtsa/_thugs gter chen po lnga dang*/_zab pa'i gter chen nyer lnga gtso bor gyur pa'i ming can ming med kyi gter kha grangs las 'das pa sbas/_de 'don pa'i dus 'don pa po'i gang zag_/las can chos bdag sogs lung bstan re re bzhin bstsal/_stag tshangs ming can bcu gsum sogs la khro bo 'chol ba rdo rje gro lod kyi skur bzhengs nas/_bod kyi lha srin che phra thams cad dam la bzhag cing gter srung gnyer du gtad/_phyi rabs yid ches bskyed pa'i bum thang rdo rje brtsegs su sku rjes brgya rtsa/_zhabs rjes stong brag gnam mtsho phyug mo sogs grags pa'i mtsho chen bzhi la phyag rjes sogs ngo mtshar gyi bkod pa grangs las 'das pa bzhag_/bod kyi slob chen rje 'bangs nyer lnga/_yer pa'i 'od lus grub pa brgyad cu chu bo ri'i sgom chen brgya dang brgyad/_yangs rdzong gi sngags pa sum cu/_shel brag gi rtogs ldan nga lnga/_las can rigs ldan gyi mkha' 'gro nyer lnga/_rnal 'byor ma bdun sogs kyis mtshon/_nyang*/_spang rlangs/_rngog_/[*]mkhen/_so zur gnubs sogs gsar rnying gi skyes chen mang pos mos par gyur pas/_mdor na slob dpon chen po'i phrin las shing rta'i lam srol las 'phros pa kho na'o/_mkhan slob rje 'bangs dang bcas pa'i sku dngos kyi gdul bya rdzogs kyang thugs rje'i gzigs pa dang phrin las kyi zhags pa nam yang ma btang bar/_ma 'ongs pa'i gdul bya dang bstan pa'i btsas su dgongs nas rgya bal bod yul rnams su chos nor sman dang dam rdzas la sogs pa gter kha mtha' yas pa sba bar mdzad pa las gtso bo gangs can 'dir gdul bya gang la gang 'dul gyi thabs la mkhas pas chos sgo spyi dang*/_khyad par yo ga rnam gsum dang 'brel ba'i rgyud lung man ngag las tshogs mtha' yas pa gsungs pas/_thams cad gsang ba'i bdag mo dbyings phyug mtsho rgyal gyis mi brjed pa'i gzungs kyis bzung nas bka' yi bsdu ba mdzad/_shog ser rigs lngar mkha' 'gro'i brda yig yi ger bkod/_gter snod sna tshogs 'byung bas mi 'jig pa'i rgyas bsdams/_gter gnas so sor gu ru yab yum kho na dang rje 'bangs lhan cig par rnams kyis sbas te gter srung la gnyer du gtad/_khyad par du gu ru rin po che rnga yab gling du gshegs pa'i rjes su mtsho rgyal nyid mi lo brgya lhag tsam bzhugs nas bod yul stod smad bar gsum du gter kha bsam gyis mi khyab pa sbas nas gter zhabs bsdams/_gzhan yang paN chen bi ma mi tra/_chos rgyal yab sras/_bai ro tsa na/_gnubs sangs rgyas ye shes dang nam mkha'i snying po/_gnyags dz+nyA na dang sna nam rdo rje bdud 'joms/_nyang ban ting 'dzin bzang po sogs kyis zab gter mang du sbas pa rnams phyis 'dul ba'i dus su byon pa'i tshe/_gu ru rin po ches ma 'ongs par gter la spyod cing 'gro don 'gyur bar byin gyis brlabs shing lung bstan/_kho bos kyang smon lam thebs pa'i rje 'bangs skal ldan rnams kyi skye ba dang sprul pa'i sgyu 'phrul rigs dang spyod pa ma nges pa rim par byon nas bstan 'gro'i don mdzad pa'i tshul/_dri med kun dga'i gter lung las/_gter ston lang ma ling ma 'ong:_gter chos sha mang sul ltar brdol:_de yang 'bras med ma yin te:_o rgyan nga yi brjed rdo yin:_zhes dang*/_rat+na gter lung las/_yul chen re la gter chen re:_de yang o rgyan brjed rdo yin:_yul phran re la gter phran re:_de yang o rgyan brjed rdo yin:_zhes sogs gsungs pa dang*/_ma 'ongs 'gro la chos sbyin zad med du:_srid pa thams cad pad+ma'i gter gyis bkang:_'byin mkhan thams cad nga yi sprul pa yin:_cha lugs spyod pa nges med ci yang byed:_dad ldan snang ba thebs re mi ldog med:_kun gyis tshad 'dzin dka' ba du ma 'byung:_zhes gsungs pa ltar/_bstan pa phyi dar gyi thog ma lo chen rin chen bzang po dang lha bla ma ye shes 'od kyi sku dus tsam nas gter ston kun gyi thog ma rgyal sras lha rje gter ston rkyang pa'i skye ba bcu gsum bzhes pa gu ru'i lung bstan pa'i thog ma sangs rgyas bla ma nas brtsams rim par byon pa'i mnga' bdag nyang nyi ma 'od zer/_gu ru chos kyi dbang phyug sogs gter kha gong 'og gi gtsos gter ston rgyal po lnga sogs zab gter gyi bka' bab pa dang*/_kun mkhyen klong chen pa dang*/_lha btsun nam mkha' 'jigs med/_kun mkhyen 'jigs med gling pa sogs dgongs gter gyi bka' bab 'gran zla bral ba dang*/_rgyal dbang lnga pa rin po che sogs dag snang gi bka' srol gtso bor mdzad pa dang*/_smin gling gter chen 'gyur med rdo rje/_rgyal sras gzhan phan mtha' yas/_'jam mgon blo gros mtha' yas sogs snga 'gyur bka' ma dang gter kha gsar rnying gnyis ka'i shing rta chen por gyur pas mtshon gu ru rin po che'i rgyal tshab rnams dus gcig dang*/_sku tshe'i stod smad gcig rjes gcig mthud du byon pa rnams kyi so so'i rnam thar che ba nyid bsam zhing brjod par mi nus la/_mdor na gu ru yab yum gyi thugs bskyed rmad du byung bas bod yul dus kyi rgud pa gso zhing*/_bstan 'gro'i dge mtshan spel ba/_mtha' dmag dam sri tsha ngar bcom pa sogs kyi bka' drin la brten nas da lta bdag cag gi 'dren mchog mkhas shing dngos grub brnyes pa 'jigs bral ye shes rdo rje sku 'tsho zhing bzhes te chos kyi 'khor lo bskor bzhin pa kun gyis mkhyen gsal ltar lags shing*/_de tshe gsang chen bka' yi sdud po rig 'dzin rdo rje chos dang*/_zab rgyas rgyud sde'i shing rta chen po rgyal po dzaH_ston pa thub pa'i dbang po'i nyer gnas mang du thos pa'i mchog kun dga' bo sogs rgya gar dang*/_bod yul bstan pa'i mig gcig lo chen bai ro tsA na sogs sku'i skye ba brgyud mar dam pa'i chos 'tshol ba dang*/_bka' yi bsdu ba/_bstan pa'i rgyun dam chos spel ba sogs rnam thar gyi gtso bor gtso bor mdzad cing*/_mdo rgyud thams cad nas thub bstan shing rta 'dzam gling rgyan drug la sogs bzhin te/_ting 'dzin rgyal po las/_gang gi lag na ting 'dzin mchog yod pa/_rgyal ba byams pa grags pa mtha' yas bzhin/_sems can rnams kyi don ma byed 'gyur zhes/_blo gros mtha' yas de ni ngas lung bstan/_zhes sogs mdo sde du ma dang*/_snga 'gyur sgyu 'phrul kalpa dum bu'i rgyud las/_'jig rten kha ba can zhes su:_pad+ma'i snying po kun dga' dang:__blo gros mtha' yas la sogs pas:_'dzin pas bstan pa rgyas par 'gyur:_zhes sogs mdo rgyud du ma'i nang lung gis ched du bsngags pa 'dzam gling chos kyi shing rta 'jam mgon blo gros mtha' yas zhes mtshan yongs su grags pa'i skyes bu chen po'i bka' dgongs phur pa sogs zab gter chen po'i rigs rnams 'chad nyan dar rgyas su bzhugs kyang*/_yid ches khungs btsun dpe dang dbang lung gnyis ka'i rgyun dkon pa gter phran zab gnyan can rnams phyogs tu bsdu bar dgongs pa'i tshe/_de tsam gyi snga 'gyur pa'i dbang bskyed rdzogs kyi khrid/_rgyab brten bshad pa bcas yongs rdzogs mgo rkang tshang ba zhig mi 'byung bar mkhyen nas/_snyigs dus kyi sangs rgyas thams cad mkhyen gzigs 'jam dbyangs mkhyen brtse'i dbang po dang bka' bgros pas gter chen yongs su grags pa rnams kyi bla rdzogs thugs gsum tshang la/_gter phran rgyun dkon pa rnams bsgrigs na bstan 'gro la phan bde'i btsas/_snga 'gyur bstan pa 'chi ka ma'i srog mthud pa lta bu 'byung ba 'jam mgon chos kyi rgyal po nyi zla zung dgongs pa gcig dang dbyangs gcig ji ltar bsgrigs go rim phyag tho bstsal nas zab gter rin chen nor bu'i mdzod kyi glegs bam gyi phreng ba bstar ba'i tshe/_yongs rdzogs bstan pa'i mnga' bdag 'jam dbyangs mkhyen brtse'i dbang po pad+ma 'od gsal mdo sngags gling pa dang*/_o rgyan mchog gyur gling pa yab sras gnyis la sangs rgyas gnyis pa slob dpon rin po che yab yum gyi bka' bab chen po bdun gyi bang mdzod gtad pas/_'gro 'dul sangs rgyas bla ma nas bzung gter chen chos kyi rgyal po mchog gyur bde chen gling pa'i bar gyi mtshan tsam yang dkon pa'i zab gter gsar rnying mang po nye rgyud du bka' babs shing*/_chos rgyun dpe yi glegs bam thun mong gi spyod yul du snang ba mdzad nas/_sngon mkhan slob chos gsum rje 'bangs bcas pa bsam yas mi 'gyur lhun gyis grub pa'i gtsug lag khang du zhal 'dzoms/_mdo rgyud smin grol gyi bsgyur bshad nyan gsum gyi dus skabs lta bu'i dge mtshan gyi skya rengs mdo khams sde dge rgyal khab tu shar nas/_mkhas grub rig pa 'dzin dbang mdo sngags dge 'dun gyi sde che btsan ya rabs thams cad tshogs nas/_o rgyan sangs rgyas gnyis pas/_bai ro'i skyes mtha' blo gros ming:_'chad rtsom mtha' yas bka' bab 'byung:_zhes rdo rje'i lung bstan gyi bden don mngon du gyur pa'i tshe 'jam dbyangs bla ma mkhyen brtse rin po ches dag pa'i ye shes kyi gzigs snang du/_rje blo gros mtha' yas la mdzod chen rnam pa lnga yi bka' bab mnga' bar rdo rje'i lung gis gzengs bstod nas/_bod yul bshad pa'i ka chen bcu dang*/_sgrub brgyud shing rta chen po brgyad kyi ring lugs tshad mar gyur pa kun la phyogs dang ris su ma chad pa bshad sgrub kyi phrin las bdag gir bzhes nas so so'i rgyud 'dzin gtso bo rnams dang rnam dbyer ma mchis pa'i phyag len du bstar bas bstan 'gro'i phan bde'i srog rtsa sbom por mdzad pa las zab cing rgya che shos rin chen gter gyi gsang mdzod chen po ste/_snga 'gyur gyi ring lugs kyi chos skad la/_rgyud sde dang sgrub sde'i bka' srol gnyis las/_rgyud sde dngos snga 'gyur bka' ma yin pas de rigs la'ang yig cha gsar spel dbang lung bshad rgyun spel ba la sogs pa'i zhabs tog rgya cher mdzad/_sgrub sde ni zab chos gter nas byon pa la'ang rgyud sde dang chos mthun pas bka' gter zung 'jug smin gling gter chen rin po che'i zab gter rdor sems thugs kyi sgrub pa/_gter chen mchog gyur gling pa'i zab pa skor bdun gyi bye brag_/sgyu 'phrul zhi khro/_dong sprugs sogs dang*/_'jam dbyangs mkhyen brtse rin po che'i dgongs gter gsang ba rgya mtsho'i bcud du 'khyil ba'i grub thob chen po'i thugs thig gi sgrub thabs snying po skor lnga/_grub thob thugs thig gi tshe sgrub kyi rdzogs rim rdo rje'i tshig rkang la sgrub brgyud shing rta brgyad kyi man ngag gi thus ka tshang ba dang*/_sgrub sde rang rkang gu ru rin po che'i thugs sgrub bla ma phyi nang gsang gsum sgrub pa dang*/_yi dam sgrub sde brgyad spyi dang bye brag_/mkha' 'gro'i zab sgrub/_bstan srung chos srung gi skor/_mchog dang zhi ba/_rgyas pa/_dbang sdud/_drag po'i las rim/_lung a nu yo ga_/a ti rdzogs pa chen po'i skor/_bden tshig smon lam bkra shis bcas/_rtsa ba gu ru rin po che'i rdo rje'i gsungs mkha' 'gro'i kha rlangs ma yal ba khungs dang 'brel zhing brgyud pa gtsang ba rig 'dzin gong ma'i man ngag phyag bzhes kyis brgyan pa mkhas grub chen po sngon byon dang*/__kun gzigs blo gros mtha' yas kyi legs bshad phul du phyin pa rgyab brten gyi yig chas mdzes par mdzad nas glegs bam gyi phreng ba phyogs gcig tu bsdus nas shing par gyi chos sku'i glegs bam bskrun te rtogs pa chos sku'i mchod sdong sa gsum srid zhi'i dge legs mi zad pa'i rin chen rin thang med pa 'bum phrag gis mi mtshon pa'i dam pa'i chos kyi gan mdzod bsags pa'i bka' drin gyis rtsod dus kyi tha ma 'di lta bu'i dus kyi 'gyur ba'i rang mtshang brdol ba'i tshe yang zab rgyas chos kyi pha phog 'khor los bsgyur ba'i rgyal po'i bang mdzod kha phyes pa ltar yod pa 'di nyid 'jam mgon nyi zla zung gi zhal slob mkhas grub rnams kyi nyams bzhes 'chad spel glegs bam par du bskrun pa'i bka' drin gyis bod yul chos lugs khag bzhi'i rtsa ba yan lag_/g.yung drung bon dang bcas nas rang nor rang gis bdag tu bzung zhing*/_bka' rnying gi skyes chen rnams dang khyad par pad+ma'i rgyal tshab bdud 'joms 'gro 'dul gling pas sku tshe gcig la gter mdzod smin grol tshar bcu gsungs pa'i bka' drin las/_nang gi bstan pa'i snying nor dar rgyas su bzhugs pa 'di dag 'byung 'gyur gyi skyes bu dam pa rnams kyis de bzhin du bshad sgrub phrin las kyi rgyun bskyangs bas bstan 'gro'i dge mtshan yar ngo'i tshes kyi zla ba bzhin 'gyur ba'i smon 'dun gsol ba 'debs pa lags so/_/gzur gnas lo rgyus tshad ma'i me tog phreng*/_/blo gsal mgu+ul rgyan ched du bstar ba las/_/chos rjes 'brangs pa'i spyan gyi dga' ston du/_/gyur nas snga 'gyur mchog bstan rgyas gyur cig_/ces pa'ang sa rta smin zla nas gter mdzod dbang lung 'chad skabs 'di ltar bris zhes lung rtogs nor bu'i rgyan gyis mdzes shing snga 'gyur bka' gter gyi bstan pa la thugs bskyed brtson pa 'gran zla bral ba'i dpal yul rdzong nang rin po che 'jam dpal rol pa'i blo gros kyis skyes dang bcas gsung bskul bzhin/_mdo khams kyi rnying sngags rgan po 'gyur med theg mchog bstan pa'i rgyal mtshan gyis bris pa bstan 'gro'i dge mtshan gyi dpung gnyen du gyur cig/__//

Footnotes

Other Information