རང་བྱུང་སངས་རྒྱས་མཚོ་སྐྱེས་པདྨ་འབྱུང་གནས་ལ་བསྔགས་པ་བདེ་སྟོང་དཔྱིད་ཀྱི་གླིང་བུ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-050-18
Wylie title rang byung sangs rgyas mtsho skyes pad+ma 'byung gnas la bsngags pa bde stong dpyid kyi gling bu DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 18, Pages 269-270 (Folios 20b1 to 21b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Rang byung sangs rgyas mtsho skyes pad+ma 'byung gnas la bsngags pa bde stong dpyid kyi gling bu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 269-270. Delhi: Shechen Publications, 1994.
Genre Verses of Praise - bstod pa
[edit]
རང་བྱུང་སངས་རྒྱས་མཚོ་སྐྱེས་པདྨ་འབྱུང་གནས་ལ་བསྔགས་པ་བདེ་སྟོང་དཔྱིད་ཀྱི་གླིང་བུ་ཞེས་བྱ་བ། ན་མོ་གུ་རུ་པདྨཱ་ཀ་ར་ཡེ། །ཨེ་ཡིག་སྟོང་ཆེན་དགའ་མར་རྗེས་ཆགས་སྤྲིན། །ཝཾ་ཡིག་བདེ་ཆེན་སྤྲིན་གྱི་རོལ་སྒེག་ལས། །རང་བྱུང་ཟུང་འཇུག་དཀྱིལ་འཁོར་རྒྱ་མཚོའི་བདག །ཀུན་བཟང་པདྨ་འབྱུང་གནས་སྙིང་ནས་གུས། ༡ །སྲིད་ཞིའི་འོ་མཚོ་བསྲུབས་པའི་དྭངས་མའི་དཔྱིད། །ལྔ་ལྡན་ཡེ་ཤེས་འོད་བརྒྱའི་དྲྭ་བ་ཡིས། །རབ་མཛེས་སིནྡྷུའི་དྭངས་མཚོར་པདྨའི་སྦུབས། །མཛེས་ཕྱིར་ཀུན་དགའི་གར་གྱིས་ཅིས་མི་བསྟེན། ༢ །ཁྱེད་ཚུལ་ཡེ་ཤེས་དག་པའི་མེ་ལོང་དུ། །མ་ལུས་ཆོས་ཀུན་བདེ་ཆེན་བདེ་དབྱིངས་ལས། །ནམ་ཡང་མ་གཡོས་ཆོས་ཀུན་སྙིང་པོ་ལ། །མཛེས་པའི་གཞོན་ནུའི་ལང་ཚོའི་མཚར་སྡུག་ངོམས། ༣ །པད་ཚལ་མགྲོན་དུ་ཁུག་པའི་བུང་བ་བཞིན། །སྲས་བཅས་རྒྱལ་བས་ཤིས་པའི་མེ་ཏོག་དང༌། །ལྷ་དང་ཌཱ་ཀིའི་བསྟོད་བསྔགས་རོལ་མོ་ཡི། །ཕྱོགས་ཀྱི་བུ་མོ་ཀུན་དགར་བྱེད་ཅེས་གྲགས། ༤ །དེ་ཚེ་མཁའ་དབྱིངས་ཀུན་གསལ་སྒེག་མོས་ཀྱང༌། །སྲིད་ཞིའི་དཔལ་གྱི་བརྟན་པ་དབང་མེད་དུ། །འཕྲོག་པའི་ངོ་མཚར་འདི་ཀོ་ཅི་ཞིག་ཅེས། །རྒྱུ་སྐར་མིག་སྟོང་བགྲད་ནས་བལྟ་བ་བཞིན། ༥ །སངས་རྒྱས་ལས་ཀྱང་དཀོན་པའི་དགོངས་པའི་བཅུད། །ཁྱེད་ཐུགས་བུམ་པར་བསྐྱིལ་བའི་དགེ་མཚན་གྱི། །ངོ་མཚར་རིན་ཐང་རྨད་དུ་བྱུང་བའི་ལྕི། །བརྟན་ལྡན་འཛིན་མས་ཐེག་འདི་ཅིས་མི་མཚར། ༦ །འདི་ན་གསང་རྒྱུད་རྒྱ་མཚོའི་རླབས་ཕྲེང་ཅན། །ཁྱེད་ཀྱི་མཁྱེན་རབ་གསེར་གྱི་དབྱིག་འཛིན་དུ། །ཆིལ་ཆིལ་གཡོ་བ་མ་བཟོད་མཁའ་སྤྱོད་ཀྱི། །མིག་ཡངས་ཁྱོད་སྐུར་རྩེན་ལ་ཕན་ཚུན་འགྲན། ༧ །ནམ་ཡང་མི་གཡོ་ཡེ་ཤེས་ནམ་མཁའི་གཟུགས། །དུས་གསུམ་གཡོ་མེད་རྡོ་རྗེའི་ལྷུན་པོ་ལྟར། །བརྟན་པའི་དགོངས་པ་ཀུན་བཟང་འོད་གསལ་སྙིང༌། །རྒྱ་ཆད་ཕྱོགས་ལྷུང་བྲལ་ཀློང་མཉམ་པར་བཞག ༨ །ཆ་ལས་རྣམ་གྲོལ་ཁྱོད་ཀྱི་མཛད་པ་ནི། །འབད་རྩོལ་བྲལ་བ་རང་བྱུང་ཤུགས་འབྱུང་གིས། །འདུལ་བ་རྣམ་བཞིའི་སྒྱུ་འཕྲུལ་བསམ་བརྗོད་ལས། །རབ་འདས་སྲིད་ཞིའི་ཁྱོན་ཀུན་རྒྱས་པར་འགེངས། ༩ །རྒྱལ་བ་གཞན་གྱི་མཛད་པ་རྟུལ་དེ་རུ། །མགོན་པོའི་ཕྲིན་ལས་ཚ་ཟེར་བརྒྱ་བའི་ཟེར། །ལྷག་པར་རྣོ་བས་སྐལ་བཟང་འདབ་བརྒྱ་ཡི། །ན་ཚོད་གསར་པ་སྨིན་པའི་གཉེན་དུ་གྲགས། ༡༠ །སྐལ་བཟང་རིན་ཆེན་ལྟ་བུ་རྡོ་རྗེའི་རིགས། །སྨིན་གྲོལ་བདུད་རྩིའི་ཟིལ་པས་རེག་མ་ཐག །དངོས་གྲུབ་སྦྲང་རྩིས་ཕྱུག་པའི་ཟིལ་མངར་གྱིས། །དྲི་བསུང་མཁའ་མཐའ་བརྡལ་བའི་མེས་པོ་ཆེ། ༡༡ །རྡོ་རྗེའི་གསང་མཛོད་བསྙེན་པའི་གྲུབ་མཆོག་དང༌། །ལྷན་སྐྱེས་འགུགས་པའི་ཕོ་ཉའི་མིག་ཡངས་ཀུན། །ཁྱེད་ཀྱི་གསང་བ་མི་ཟད་ཀུན་དགའི་ཚལ། །མཛེས་པར་བགྱིད་པའི་ཆོ་གས་རྟག་ཏུ་བྲེལ། ༡༢ །རྡོ་རྗེའི་བརྟུལ་ཞུགས་གྲུབ་པའི་མ་དཱ་ནས། །ཀུན་ནས་མྱོས་པའི་ངང་ཚུལ་མ་བཟོད་ནས། །ཡིད་སྲུབ་དཔུང་བཅས་ལུས་མེད་མདའ་ལྔ་བཅས། །མི་སྨྲའི་དཀའ་ཐུབ་བསྟེན་ནས་མགོ་བོ་དུད། ༡༣ །ཆགས་ཆེན་དགའ་བས་ཆགས་རྟོག་དྲུང་ནས་འབྱིན། །རྡོ་རྗེའི་ཞེ་སྡང་གཏུམ་རྔམས་འབར་ཟིལ་ཅན། །མི་ཤེས་མུན་པ་འབྱིན་པའི་འོད་ཆེན་པོས། །གྲོང་ཁྱེར་གསུམ་གྱི་ཟུག་རྔུ་འབྱིན་མཛད་ལ། ༡༤ །བསྟོད་བསྔགས་པདྨའི་ཕྲེང་བ་དད་གུས་ཀྱིས། །སོར་མོའི་ཕྲེང་དུ་བརྒྱུས་དང་ལྷན་ཅིག་པར། །གུས་ཕྱག་སྲི་ཞུས་ཁྱོད་མགུལ་བརྒྱན་པ་ལས། །ཟག་མེད་ཡོན་ཏན་འབྱུང་བའི་གནས་ཐོབ་ཤོག ༡༥
[edit]

!___rang byung sangs rgyas mtsho skyes pad+ma 'byung gnas la bsngags pa bde stong dpyid kyi gling bu zhes bya ba/__na mo gu ru pad+mA ka ra ye/__/e yig stong chen dga' mar rjes chags sprin/__/waM yig bde chen sprin gyi rol sgeg las/__/rang byung zung 'jug dkyil 'khor rgya mtsho'i bdag__/kun bzang pad+ma 'byung gnas snying nas gus/_1_/srid zhi'i 'o mtsho bsrubs pa'i dwangs ma'i dpyid/__/lnga ldan ye shes 'od brgya'i drwa ba yis/__/rab mdzes sin+d+hu'i dwangs mtshor pad+ma'i sbubs/__/mdzes phyir kun dga'i gar gyis cis mi bsten/_2_/khyed tshul ye shes dag pa'i me long du/__/ma lus chos kun bde chen bde dbyings las/__/nam yang ma g.yos chos kun snying po la/__/mdzes pa'i gzhon nu'i lang tsho'i mtshar sdug ngoms/_3_/pad tshal mgron du khug pa'i bung ba bzhin/__/sras bcas rgyal bas shis pa'i me tog dang*/__/lha dang DA ki'i bstod bsngags rol mo yi/__/phyogs kyi bu mo kun dgar byed ces grags/_4_/de tshe mkha' dbyings kun gsal sgeg mos kyang*/__/srid zhi'i dpal gyi brtan pa dbang med du/__/'phrog pa'i ngo mtshar 'di ko ci zhig ces/__/rgyu skar mig stong bgrad nas blta ba bzhin/_5_/sangs rgyas las kyang dkon pa'i dgongs pa'i bcud/__/khyed thugs bum par bskyil ba'i dge mtshan gyi/__/ngo mtshar rin thang rmad du byung ba'i lci/__/brtan ldan 'dzin mas theg 'di cis mi mtshar/_6_/'di na gsang rgyud rgya mtsho'i rlabs phreng can/__/khyed kyi mkhyen rab gser gyi dbyig 'dzin du/__/chil chil g.yo ba ma bzod mkha' spyod kyi/__/mig yangs khyod skur rtsen la phan tshun 'gran/_7_/nam yang mi g.yo ye shes nam mkha'i gzugs/__/dus gsum g.yo med rdo rje'i lhun po ltar/__/brtan pa'i dgongs pa kun bzang 'od gsal snying*/__/rgya chad phyogs lhung bral klong mnyam par bzhag_8_/cha las rnam grol khyod kyi mdzad pa ni/__/'bad rtsol bral ba rang byung shugs 'byung gis/__/'dul ba rnam bzhi'i sgyu 'phrul bsam brjod las/__/rab 'das srid zhi'i khyon kun rgyas par 'gengs/_9_/rgyal ba gzhan gyi mdzad pa rtul de ru/__/mgon po'i phrin las tsha zer brgya ba'i zer/__/lhag par rno bas skal bzang 'dab brgya yi/__/na tshod gsar pa smin pa'i gnyen du grags/_10_/skal bzang rin chen lta bu rdo rje'i rigs/__/smin grol bdud rtsi'i zil pas reg ma thag__/dngos grub sbrang rtsis phyug pa'i zil mngar gyis/__/dri bsung mkha' mtha' brdal ba'i mes po che/_11_/rdo rje'i gsang mdzod bsnyen pa'i grub mchog dang*/__/lhan skyes 'gugs pa'i pho nya'i mig yangs kun/__/khyed kyi gsang ba mi zad kun dga'i tshal/__/mdzes par bgyid pa'i cho gas rtag tu brel/_12_/rdo rje'i brtul zhugs grub pa'i ma dA nas/__/kun nas myos pa'i ngang tshul ma bzod nas/__/yid srub dpung bcas lus med mda' lnga bcas/__/mi smra'i dka' thub bsten nas mgo bo dud/_13_/chags chen dga' bas chags rtog drung nas 'byin/__/rdo rje'i zhe sdang gtum rngams 'bar zil can/__/mi shes mun pa 'byin pa'i 'od chen pos/__/grong khyer gsum gyi zug rngu 'byin mdzad la/_14_/bstod bsngags pad+ma'i phreng ba dad gus kyis/__/sor mo'i phreng du brgyus dang lhan cig par/__/gus phyag sri zhus khyod mgul brgyan pa las/__/zag med yon tan 'byung ba'i gnas thob shog_15

Footnotes

Other Information