གུ་རུ་རྒྱལ་བའི་གདུང་འཛིན་ལ་བསྔགས་པ་བདེ་སྟོང་དཔྱིད་ཀྱི་འབྲུག་སྒྲ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-050-06
Wylie title gu ru rgyal ba'i gdung 'dzin la bsngags pa bde stong dpyid kyi 'brug sgra DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 6, Pages 257-258 (Folios 8b4 to 9b1)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Gu ru rgyal ba'i gdung 'dzin la bsngags pa bde stong dpyid kyi 'brug sgra. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 257-258. Delhi: Shechen Publications, 1994.
Genre Verses of Praise - bstod pa
[edit]
གུ་རུ་རྒྱལ་བའི་གདུང་འཛིན་ལ་བསྔགས་པ་བདེ་སྟོང་དཔྱིད་ཀྱི་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ། ཨ་ཧཾ་ཞུ་བདེའི་དཔྱིད་ཀྱི་དྭངས་མའི་གཟུགས། །ཧ་ཧོ་དགའ་བཞིའི་བཅུ་དྲུག་ལང་ཚོའི་དཔལ། །ཨ་ལ་ལ་ཞེས་སྒེག་འཛུམ་པདྨའི་ཚལ། །ཧ་རིའི་དྲི་བཞིན་སིམ་སྟེར་མགོན་དེ་རྒྱལ། །ས་གསུམ་ཡིད་ཀྱི་བརྟན་པ་འཕྲོག་ནུས་པའི། །ཤ་ཁྲག་གདོས་བཅས་ལས་འདས་རྡོ་རྗེའི་སྐུ། །ལ་ལཱ་ར་ས་དྷཱུ་ཏིར་ཐིམ་པའི་གཟུགས། །ར་རིབ་བྲལ་བའི་སྟོན་ཟླ་ལྟར་བུར་མཛེས། །ཡ་མ་རཱ་ཛ་ལྟར་འཁྲུགས་བརླང་པོའི་འགྲོ། །འ་འུར་འོད་དམར་རླུང་ཞགས་མཆིལ་པ་ཡིས། །ཟ་མའི་ཡུན་ཙམ་བཏབ་པས་དག་བྱས་ནས། །ཞྭ་ལྟར་གཙུག་གིས་མཆོད་པའི་དངོས་གྲུབ་སྟེར། །ཝཱ་ར་ཧི་ཡི་མཆོག་བདེའི་དཔལ་སྦྱིན་བཞིན། །ཛ་ལནྡྷ་རར་རླུང་སེམས་ངལ་འཚོའི་ལས། །ཚ་ཟེར་བརྒྱ་མཚུངས་རྡོ་རྗེ་ཉི་མའི་ཟིལ། །ཙཎྜ་ལིས་བཞུས་བདེ་ཆེན་བདུད་རྩིའི་མྱོས། །མ་ལ་ཡ་རླུང་རེག་བྱས་སིམ་སྟེར་བཞིན། །བ་མཆོག་འདོད་འཇོ་རིན་ཆེན་བུམ་བཟང་གཏེར། །ཕ་མཐའ་ཡས་པའི་དངོས་གྲུབ་བདུད་རྩིའི་སྐྱེས། །པ་སངས་འཛུམ་བཞིན་སྩོལ་ལ་ངལ་བ་མེད། །ན་གཞོན་རིགས་བཟང་དཔལ་གྱི་འདུ་བ་ཡང༌། །ད་ལྟ་འགུགས་ཤིང་སྲིད་ཞིའི་འདོད་དགུའི་བཅུད། །ཐ་ཚིག་ཙམ་གྱིས་རང་དབང་བགྱིད་པའི་མཐུ། །ཏ་ན་ག་ནའི་རྡོ་རྗེའི་གསེང་ལམ་གྲོགས། །ཉ་ཟླའི་ཟིལ་གྱིས་རེག་པའི་དག་བྱེད་བཞིན། །ཇ་ཧང་མདངས་ཅན་གཏུམ་མོའི་མེས་བཞུས་པས། །ཆ་ཤས་ཡོངས་རྫོགས་བདེ་སྟོང་ལྷན་སྐྱེས་མདངས། །ཅ་རེ་དབང་ཡུལ་གསལ་བའི་འཕོ་མེད་སྐུ། །ང་བདག་དཔྱིས་འབྱིན་གཞོམ་བྲལ་རྡོ་རྗེའི་གསུང༌། །ག་གའི་དབྱིངས་ལྟར་ཟབ་ཡངས་ཡེ་ཤེས་དཔལ། །ཁ་ཙམ་མ་ཡིན་སྙིང་ནས་གུས་བསྟོད་མཐུས། །ཀཱ་ཡ་ཝཱཀ་ཙིཏྟའི་དངོས་གྲུབ་སྩོལ། །བསྔགས་བརྗོད་ཀྱི་རབ་བྱེད་བཞི་པའོ།

Footnotes

Other Information