བླ་མ་སྤྲུལ་སྐུ་སྣང་སྲིད་ཟིལ་གནོན་ལ་བསྔགས་པ་བྱིན་རླབས་རྡོ་རྗེ་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-050-05
Wylie title bla ma sprul sku snang srid zil gnon la bsngags pa byin rlabs rdo rje sgra dbyangs DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 5, Pages 256-257 (Folios 7b6 to 8b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bla ma sprul sku snang srid zil gnon la bsngags pa byin rlabs rdo rje sgra dbyangs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 256-257. Delhi: Shechen Publications, 1994.
Genre Verses of Praise - bstod pa
[edit]
བླ་མ་སྤྲུལ་སྐུ་སྣང་སྲིད་ཟིལ་གནོན་ལ་བསྔགས་པ་བྱིན་རླབས་རྡོ་རྗེ་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། ཀ་མ་ལ་ཡི་འདབ་བརྒྱའི་འཁྲི་ཤིང་རྩེར། །ཁ་དོག་ལྔ་ལྡན་ཡེ་ཤེས་དྭངས་མའི་བཅུད། །ག་བུར་ལྟར་བསིལ་སིནྡྷཱུའི་དྭངས་མཚོ་རུ། །ང་ཅག་གདུང་སེལ་པདྨ་འབྱུང་གནས་རྒྱལ། །ཅ་ཅོ་རབ་མང་སྲིད་པའི་ཆུ་བཞི་བརྒལ། །ཆ་ཤས་ཡོངས་རྫོགས་ཞི་བ་ཆེར་སིམ་ཀྱང༌། །ཇ་ཧོང་མཚམས་སྤྲིན་ཐར་པའི་རྒྱལ་མཚན་འཛིན། །ཉ་ཟླ་ལྟར་མཛེས་ཤཱཀྱ་སེངྒེར་འདུད། །ཏ་ན་ག་ན་རྡོ་རྗེའི་གསང་སྤྱོད་ཀྱིས། །ཐ་མལ་ལས་འདས་ཡེ་ཤེས་གཟི་བརྗིད་ཆེའི། །ད་ལྟ་སྐུ་བཞིའི་དབང་བསྒྱུར་རྣལ་འབྱོར་ཆེ། །ན་ཆུང་ཌཱ་ཀིའི་ཚོགས་རྗེ་ཉི་མ་འོད། །པ་ར་མི་ཏའི་ས་བཅུའི་ཡོན་ཏན་གྱི། །ཕ་མཐར་སོན་པའི་ཚོགས་གཉིས་ཉིན་བྱེད་ཀྱིས། །བ་གླང་ལྟར་རྨོངས་འགྲོ་སྒྲོལ་ཐབས་མཁས་ཀྱིས། །མ་ལུས་སྐྱོང་མཛད་པདྨ་རྒྱལ་ཞེས་གྲགས། །ཙ་ཀོ་ར་གླུས་འགྲན་མིན་ཆོས་ཀུན་སྤེལ། །ཚ་ཟེར་བརྒྱ་པས་འདབ་སྟོང་བཞིན་བཀྲལ་ནས། །ཛ་ཡའི་མདོ་སྔགས་ལམ་ཀུན་སྟོན་ནུས་ཐུགས། །ཝ་ལེར་རབ་གསལ་བློ་ལྡན་མཆོག་སྲེད་གྲགས། །ཞྭ་ཉེ་ལྟར་ལྕིའི་མུ་སྟེགས་ལོག་པར་སྤྱོད། །ཟྭ་ལྟར་རབ་རྩུབ་མཐུ་སྟོབས་ཀྱིས་བསྒྲལ་ནས། །འ་འུར་ཙམ་མིན་ཕན་བདེའི་སར་སྦྱོར་མཐུ། །ཡ་མཚན་གསང་བདག་སེངྒེ་སྒྲ་སྒྲོགས་རྒྱལ། །ར་རིབ་ཀུན་བྲལ་མཁྱེན་བརྩེའི་མེ་ལོང་ངོགས། །ལ་ལ་ཙམ་མིན་སྤང་རྟོགས་ཡོངས་རྫོགས་དཔལ། །ཤ་མང་ལྟར་མཛེས་འཕགས་བོད་སྙན་པས་ཁྱབ། །ས་གསུམ་མགོན་གྱུར་པདྨ་སཾ་བྷར་གྲགས། །ཧ་ལོའི་མེ་འབྲས་དང་མཚུངས་མི་སྲུན་སྡེ། །ཨ་ལ་ལ་ཡི་གད་རྒྱངས་ཀྱིས་བསྒྲལ་ནས། །ཧ་རིའི་ཚལ་དཀྱུ་སྟག་མོའི་སྟེང་འགྱིངས་བ། །ཨ་ཧོ་ཁྲོ་རྒྱལ་འཇིག་རྟེན་གསུམ་འདུལ་གྲགས། །ཨིནྡྲ་དེ་ཝ་ལ་སོགས་ཆེ་རྒུ་ཡིས། །ཨུ་རྒྱན་མཁན་པོའི་ཞབས་ལ་གུས་བཏུད་བཞིན། །ཨེ་མ་བསྔགས་པའི་གླིང་བུ་ཕྲ་མོ་ཡང༌། །ཨོ་ཌིའི་སློབ་དཔོན་རྗེས་སུ་འཇུག་དེས་ཕུལ། །བསྔགས་བརྗོད་ཀྱི་རབ་བྱེད་གསུམ་པའོ།

Footnotes

Other Information