JKW-KABAB-10-THA-004: Difference between revisions
m (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "|editortib=") |
No edit summary |
||
Line 39: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ ཡང་གཏེར་ཕག་དཀར་གསང་ཆེན་ཐུགས་ཏིག་གི་དབང་བསྐུར་གྱི་ཆོ་ག་ལྷན་སྐྱེས་ཡེ་ཤེས་སྦྱིན་པའི་འདོད་འཇོ་ཞེས་བྱ་བ་བཞུགས་སོ།། སྐྱེ་མེད་ཡེ་ཤེས་མཁའ་འགྲོའི་སྐུ། །རྡོ་རྗེ་ཕག་མོ་ལ་བཏུད་ནས། །དེ་ཡི་དཀྱིལ་འཁོར་ཆེན་པོ་རུ། །སྨིན་བྱེད་ཆོ་ག་འདིར་གསལ་བྱ། །དེ་ལ་ངོ་མཚར་རྨད་དུ་བྱུང་བའི་གསང་བ་ཆེན་པོ་ཕག་དཀར་ཡེ་ཤེས་འཁོར་ལོའི་དབང་བསྐུར་ཡན་ལག་དང་བཅས་པའི་ཚུལ་ལ། ཐོག་མར་གཤོམ་གྱི་རིམ་པ་ནི། སྟེགས་བུར་བདུད་རྩི་ལྔའི་ཆུས་ཆག་ཆག་གདབ་པ་ལ། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་གྲི་གུག་འཁོར་ལོས་མཚན་པའམ་ཧྲཱིཿཡིག་དཀར་པོ་གང་རུང་བྲི། མཐའ་བསྐོར་དུར་ཁྲོད་བརྒྱད་དང་རྡོ་ར་མེ་རིས་བསྐོར་བ་དགོད། མ་འབྱོར་ན་མཎྜལ་བདུད་རྩིས་བརླན་པ་ལ་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད། དེའི་དབུས་སུ་མཉྫིའི་སྟེང་དུ་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་ལ་སིནྡྷཱུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མའི་དབུས་སུ་ཧྲཱིཿ གྲྭ་བཞིར་དགའ་བ་འཁྱིལ་བས་མཚན་པ་བྲིས་ལ་བཀབ། གཡས་སུ་འདི་ཉིད་ཀྱི་སྒོ་ནས་སྔར་བསྒྲུབས་པའི་བདུད་རྩི་རིལ་བུ་ཡོད་ན་རབ། མེད་ན་ཆོས་སྨན་ནམ་རིལ་བུ་གང་འཛོམ་ཕོ་མོའི་ཐོད་པ་ཁ་སྦྱོར་དུ་བཅུག་ལ་དར་སྣས་དྲིལ། དབུ་རྒྱན་དང་རྡོར་དྲིལ་བཅིངས་པ་བཀོད། གཡོན་དུ་མར་མེ་གསལ་བ། མདུན་དུ་ཐོད་པ་མཚན་ལྡན་དུ་གཞུང་གསལ་ཚེ་རིལ་བླུགས་ལ་དར་དམར་གྱིས་ཁ་བཅད་པ་དང་ཚེ་ཆང་བཞག །སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད། གཏོར་འབུལ་དང་ཚོགས་ཀྱི་ལོངས་སྤྱོད་སོགས་ཕྲིན་ལས་དང་དབང་གི་སྐབས་སུ་མཁོ་བ་སྤྱི་མཐུན་རྣམས་ཀྱང་ཚོགས་པར་བྱ། འབྱོར་ན་སྐོང་ཆོག་གི་མཆོད་རྫས་མར་མེ་སོགས་བརྒྱ་རྩ་ཅི་འབྱོར་དུ་བཤམ་མོ། །གཉིས་པ་དབང་དོན་སྒྲུབ་ཅིང་མཆོད་པ་ནི། ཚིག་བདུན་དང་བརྒྱུད་འདེབས་སྔོན་ཏུ་འགྲོ་བས། ལས་བྱང་བདེ་ཆེན་བཅུད་འབེབས་དབུ་ནས་བརྩམས་མདུན་བསྐྱེད་ཀྱི་བདུན་པ་ཏིང་ངེ་འཛིན་གྱི་མཆོད་པ་གྲུབ་ཀྱི་བར་བཏང་ནས། རྡོ་རྗེའི་ཚེ་སྒྲུབ་པ་ནི། བདག་མདུན་གྱི་ཐུགས་ཀར་ཡེ་ཤེས་སེམས་མའི་ཐུགས་ཀའི་དབུས་སུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་ལྟེ་བར་ཁ་ཊཱྃ་ག་དཀར་པོ་ལྟེ་བར་ཧྲཱིཿས་མཚན་པ༔ རང་གི་ཐུགས་སྲོག་ལས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་ཀར་ཞུགས༔ ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འབར་བའི་རྩེ་ལས་རྡོ་རྗེ་ཕོ་ཉ་མོའི་ཚོགས་དཔག་ཏུ་མེད་པ་འཕྲོས༔ རང་གི་བླ་ཚེ་ཆད་ཉམས་ཡར་བ་དང་༔ འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་འཆི་མེད་ཚེའི་བདུད་རྩིར་སྤྱན་དྲངས༔ རང་དང་སྒྲུབ་རྫས་ལ་ཐིམ་པས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཅེས་ཅི་རིགས་བཟླས་མཐར། མཆོད་བསྟོད་མདོར་བསྡུས་དང༌། མདའ་དར་གཡབ་ལ། ཨོཾ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡུམ༔ ཚེ་དང་ཡེ་ཤེས་དབང་ཕྱུག་མ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ རྩེ་གཅིག་གུས་པས་བསྒྲུབས་ལགས་ན༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཕོ་ཉ་མང་པོའི་ཚོགས་དང་བཅས༔ འོད་དང་འོད་ཟེར་མཁའ་ཁྱབ་སྤྲོས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བླ་ཚེ་ཆད་ཉམས་ཡར་བ་དང་༔ སྡེ་བརྒྱད་འབྱུང་པོས་ཕྲོགས་པ་ཁུག༔ འབྱུང་བཞིའི་དྭངས་བཅུད་སྐྱེ་འགྲོའི་ཚེ༔ རྒྱལ་བ་སྲས་དང་བཅས་པ་ཡི༔ རྒྱུན་གྱིས་རྟག་པའི་ཡེ་ཤེས་བྱིན༔ འཆི་མེད་བདུད་རྩིའི་རྣམ་པར་སྡུས༔ བདག་ཅག་རྣམས་ལ་སྩལ་ནས་ཀྱང་༔ དུས་མིན་འཆི་བའི་བར་ཆད་ཞི༔ ཚེ་བསོད་དཔལ་འབྱོར་རྟོགས་པ་རྒྱས༔ རྡོ་རྗེའི་སྐུ་མཆོག་འགྲུབ་མཛད་གསོལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཚེ་རྒྱས་གདབ་པ་ནི། ཨཿ རྟག་པ་རྒྱུན་གྱི་ཡེ་ཤེས་ཚེ༔ མི་འགྱུར་གཉུག་མའི་ཐིག་ལེར་ཐིམ༔ བདེ་སྟོང་རྡོ་རྗེས་རྒྱས་བཏབ་ནས༔ ཆོས་ཀྱི་དབྱིངས་སུ་ཚེ་སྦའོ༔ ཨ་ཨ་ཨ༔ ཞེས་བརྗོད་ཅིང་དགོངས་པ་བསྐྱང་༔ དེ་ནས་སྨན་སྒྲུབ་པ་ནི། ཁྲོལ་བུ། ཕྱེ་མ། ལྡེ་གུ། རིལ་བུའི་སྒྲུབ་པ་བཞིན་འགྲུབ་ན་ལེགས་ཀྱང་མི་ལྕོགས་ན་འདི་སྐབས་བསྒྲུབས་ཟིན་པའི་རིལ་བུ་ལ་བརྟེན་པའི་དབང་དུ་བྱས་ཏེ། མཆོད་ཁ་གསོས་ལ་བྱིན་བརླབས། སྨན་ཐོད་བསང་སྦྱང༌། སྟོང་པའི་ངང་ལས་རང་བྱུང་པདྨ་བྷནྡྷའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་བདུད་རྩི་བདེ་བ་ཆེན་པོའི་ཕོ་བྲང་དུ་ལྷུན་གྱིས་གྲུབ་པའི་དབུས་སུ༔ པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ། རིལ་བུ་རྣམས་ཧྲཱིཿལས་སྐད་ཅིག་གིས་བཅོམ་ལྡན་འདས་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་རབ་ཏུ་དཀར་ཞིང་དྭངས་བའི་མདངས་དང་ལྡན་པ༔ ཞི་ཞིང་འཛུམ་ལ་ཅུང་ཟད་ཁྲོ་བོའི་ཉམས་དང་བཅས་རྗེས་སུ་ཆགས་པའི་གཟི་བྱིན་ཆེས་ཆེར་འབར་བ༔ རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པས་ས་གསུམ་གཡོ་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བའི་མྱུ་གུ་བཞི་གཙིགས་པ༔ ཕྱག་གཡས་པས་འཁོར་ལོས་མཚན་པའི་གྲི་གུག་ནམ་མཁར་འཕྱར་བས་གཟུང་འཛིན་གྱི་རྣམ་རྟོག་གཅོད་ཅིང་༔ གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀར་བསྣམས་པས་བདེ་ཆེན་ཡེ་ཤེས་ཀྱི་རྒྱུན་འབེབས་པ༔ གྲུ་མོ་གཡོན་དུ་ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱིས་རྡོ་རྗེའི་ཁ་ཊཱྃ་གའི་རྣམ་པར་འཆང་བས་བདེ་སྟོང་གཉིས་སུ་མེད་པ༔ དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར་འཁོར་ལོས་མཚན་ཅིང་ལྷག་མ་སིལ་བུར་གྲོལ་བས་སྐུ་སྐེད་ཡན་ཆད་ཁེབས་པ༔ ནུ་འབུར་མཁྲེགས་ཤིང་གསང་བའི་པདྨོ་རྒྱས་པ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན༔ རུས་པའི་ཕྱག་རྒྱ་ལྔ་དང་དར་དཔྱངས་ཀྱིས་བརྒྱན་པ༔ ཞབས་གཡས་པ་སྐུམས་ཤིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞུགས་པའི་སྙིང་གའི་དབུས་སུ་རང་འདྲ་བའི་ཡེ་ཤེས་སེམས་པ་མཚོན་གང་བ༔ དེའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་ཧྲཱིཿདཀར་པོས་མཚན་པ་ལ་སེམས་གཏད་པས་བདེ་བ་ཆེན་པོའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་པའི་རྐྱེན་གྱིས་དེ་ལས་འོད་ཟེར་འཕྲོས༔ ལུས་ཀྱི་ནང་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་གསལ་བར་བྱས༔ དེའི་རྐྱེན་གྱིས་སྐད་ཅིག་གིས་སྙིང་གའི་ནང་སྐོར་གྱི་རྩ་འདབ་བཞི་ལ་སྙིང་པོའི་རྣལ་འབྱོར་མ་བཞི༔ ཕྱི་སྐོར་བརྒྱད་ལ་སྒོ་མཚམས་མ་བརྒྱད༔ སྤྱི་བོ་ལ་སོགས་པའི་རྩ་མདུད་རྣམས་སུ་ཡུལ་ཉི་ཤུ་རྩ་བཞིའི་རྣལ་འབྱོར་མ་རྣམས་དང་༔ གཞན་ཡང་རྩ་ཁམས་ཐམས་ཅད་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་གང་བ་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པར་གསལ་གདབ༔ ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ ལྟེ་བར་ཧོཿསེར་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་བསམས་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧྃ༔ ཞེས་ང་རྒྱལ་གཟུང་༔ མིག་གྱེན་དུ་བལྟ་ཞིང་འབར་བའི་རྒྱ་དང་བཅས་ཕཻཾ་ཞེས་བརྗོད་པས་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་བསམས་ལ༔ ཨོཾ༔ སྟོང་པ་ཤིན་ཏུ་ཡོད་མེད་ལས༔ ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་བཞེངས༔ དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདིར༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་བྷཱ་རཱ་ཧཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཞེས་པས་སྤྱན་དྲང་༔ བཛྲ་ཛྙཱ་ན་ས་མ་ཡ་ཛཿཧཱུྃ་བྃ་ཧོཿ སླར་ཡང་ཕཻཾ་ཞེས་པས་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྤྲིན་ཆེན་པོས་མངོན་པར་དབང་བསྐུར་བས་ཐ་མལ་སྣང་ཞེན་གྱི་དྲི་མ་དག༔ བདེ་བ་མཆོག་གི་ཡེ་ཤེས་མངོན་དུ་བྱས༔ ཆུ་ལྷག་མ་སྤྱི་བོར་བརྟན་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམས་ལ༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་མ་ཧཱ་སུ་ཁ་སུ་ར་སྟྭཾ་ཨ་ཧཾ༔ ཐུགས་ཀ་ནས་སྤྲུལ་པའི་ཕྱི་ནང་གི་མཆོད་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་ཅིང་བསྟོད་པས་བདེ་ཆེན་ཡེ་ཤེས་ཀྱི་གཟི་བྱིན་སྤེལ་བར་བསམས་ལ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤཾ༔ དྷཱུ་པཾ༔ དཱི་པཾ༔ གནྡྷཾ༔ ནཻ་བིདྱཾ༔ ཤཔྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ པཉྩ་ཀཱ་མ་གུ་ཎ་ས་མ་ཡ་ཧོ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ས་མ་ཡ་སྟྭཾ༔ སརྦ་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ༔ རཀྟ་པི་པ་ཧོ༔ ཨི་དཾ་བ་ལིཾ་གྲྀཧྞ་བྷཱུཉྫ་ཧོ༔ ཨོཾ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ ཟླ་བ་ལྟར་དཀར་རྗེས་ཆགས་ཉམས༔ ཡེ་ཤེས་གཟི་བྱིན་ཆེར་འབར་བ༔ ཁམས་གསུམ་དབང་ཕྱུག་མ་ལ་བསྟོད༔ བཟླས་པའི་སྐབས་སུ་ཐུགས་དམ་བསྐུལ་ཞིང་བྱིན་དབབ་པའི་སླད་སྤོས་བསྲེག༔ རོལ་མོ་འཁྲོལ༔ མདའ་དར་གཡབ་ཅིང་གདུང་བའི་ཤུགས་བསྐྱེད་ལ༔ ཧཱུྃ༔ འོག་མིན་རྡོ་རྗེ་བཙུན་མོའི་ཞིང་༔ མཁའ་ཁྱབ་ཡེ་ཤེས་འཁོར་ལོ་དང་༔ ཧེ་རུ་ཀ་ཡི་གནས་དང་ཡུལ༔ དུར་ཁྲོད་བརྒྱད་ན་བཞུགས་པ་ཡི༔ བཅོམ་ལྡན་བཛྲ་ཝཱ་རཱ་ཧཱི༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྐུ་ཡི་གར་སྟབས་གློག་ལྟར་འཁྱུགས༔ གསུང་གི་ཛབ྄་དབྱངས་སྔགས་སྒྲ་སྒྲོགས༔ ཐུགས་ཀྱི་ཡེ་ཤེས་རྩལ་སྐྱེད་ལ༔ ཡོན་ཏན་བདེ་ཆེན་འོད་ཟེར་དང་༔ ཕྲིན་ལས་ཕོ་ཉ་ཕྱོགས་བཅུར་སྤྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང་༔ སྙོམས་འཇུག་ཟག་མེད་བདུད་རྩིའི་བཅུད༔ འབྱུང་བ་ལྔ་ཡི་དྭངས་མ་དང་༔ ལྷ་ཀླུ་མི་ཡི་ཚེ་བསོད་སྟོབས༔ གཟི་བརྗིད་དཔལ་དང་ནུས་བཅུད་ཀུན༔ ཐོགས་པ་མེད་པར་གནས་འདིར་སྡུས༔ འཁོར་འདས་དབྱེར་མེད་བྱིན་ཆེན་ཕོབ༔ དམ་ཚིག་སྒྲུབ་པའི་རྫས་ལ་སྟིམས༔ མཐོང་ཚོར་མྱོང་རེག་གྲོལ་བ་ཡི༔ བདེ་ཆེན་རྡོ་རྗེའི་གཟི་བྱིན་སྤོར༔ ལས་དང་ཡེ་ཤེས་དངོས་གྲུབ་ཀུན༔ ལྷུན་གྱིས་གྲུབ་པའི་དབང་མཆོག་སྐུར༔ སྣོད་བཅུད་རྡོ་རྗེ་བཙུན་མོ་ཡི༔ རྟེན་དང་བརྟེན་པར་བྱིན་རློབས་ཤིག༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བྱིན་ཕེབས་པའི་རྟགས་མ་བྱུང་བར་བྱ༔ དེ་ནས་བཟླས་དམིགས་ནི༔ བདག་གི་ཐུགས་ཀ་ནས་སྔགས་ཀྱི་སྒྲ་དང་འོད་ཟེར་བདེ་བ་ཆེན་པོའི་གཟི་བྱིན་འབར་བ་བར་མ་ཆད་པར་འཕྲོས༔ མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་མ་ལུས་དཀྱིལ་གྱི་ལྷ་དང་བཅས་པའི་ཐུགས་ཀར་ཕོག་པས་བདེ་བ་མཆོག་གིས་དགྱེས་པའི་འོད་ཟེར་གྱི་སྤྲིན་ཆེན་པོས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཡེ་ཤེས་དང་༔ བརྟན་གཡོའི་དྭངས་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་སྤྱན་དྲངས༔ ཐུགས་ཀར་ཐིམ་པས་མཐོང་ཚོར་མྱང་རེག་ཐམས་ཅད་གྲོལ་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་བྱིན་མཆོག་ཏུ་འབར་བར་བསམས་ལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱི༔ཋ༔ ཞེས་ཅི་འགྲུབ་མཐར། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ༔ གནས་གསུམ་ནས་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱིས་རང་གི་གནས་གསུམ་དུ་ཐིམ་པས་བསྩལ་ཞིང་བརྟན་པར་བསམས་ལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱི༔ཋ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་མྲྀ་ཏ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཞེས་ཅི་རིགས་བཟླས་པས་དངོས་གྲུབ་དབང་དུ་བྱ་ཞིང་སྒྲུབ་རྟེན་གནས་བཞིར་གཏུག་ལ་དངོས་གྲུབ་བླང༌། ལས་བྱང་གི་གཏོར་མ་འབུལ་བ་ནས་ཚོགས་ཕུད་ཆ་གསུམ་ཕུལ་ལ་ཡིག་བརྒྱ་བརྗོད་པའི་བར་གྲུབ་ནས། བདག་འཇུག་རྫོགས་པར་བླང་བའམ། མི་འགྲུབ་ན་རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པའི་གནང་བ་ཞུ། གསུམ་པ་དབང་བསྐུར་བ་ལ། སློབ་མ་རྣམས་ཁྲུས་ནས་དབྱུང༌། ལས་བྱང་དབུ་ནས་འབྱུང་བ་ལྟར་བགེགས་གཏོར་བཏང༌། རྒྱུད་སྦྱང་གི་གཤམ་ནས་འབྱུང་བ་ལྟར་མཚམས་བཅད་ལ་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། ཆོས་བཤད་གང་འོས་དང་ཁྱད་པར། འདིར་སྐབས་སུ་བབས་པའི་འཆད་བྱ། གསང་སྔགས་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་མ་རྒྱུད་ཐམས་ཅད་ཀྱི་ཡང་ཟབ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་རྒྱུད་དང་སྒྲུབ་ཐབས་སྔ་འགྱུར་རྙིང་མ་དང་ཕྱི་འགྱུར་གསར་མ་རྣམས་ཀྱི་གྲུབ་པའི་སློབ་དཔོན་སོ་སོའི་བཀའ་སྲོལ་ལས་རིགས་མི་འདྲ་བ་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ཀྱང་བྱིན་རླབས་གྱི་གཟི་བྱིན་ལྡན་ཅིང་སྐལ་པ་དང་འཚམས་པའི་ལས་དང་དངོས་གྲུབ་འགྲུབ་པ་ཤ་སྟག་བྱོན་པ་ལས། ཕག་མོ་དཀར་མོ་འདི་ཉིད་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པ་ལ་གཞན་ལས་ཆེས་ཟབ་ཅིང་ཁྱད་པར་མཐའ་དྲུག་ཚུལ་བཞིའི་སྒྲོམ་དུ་ཚུད་པའི་གསང་བ་ཆེན་པོའི་རྒྱུད་ལུང་གི་དགོངས་པ་ཟབ་མོ་བདེ་བླག་ཏུ་རྟོགས་པའི་བློ་གྲོས་ཀྱི་སྣང་བ་ཆགས་ཐོགས་མེད་པ་སྩོལ་བར་མཛད་པ་སྟེ། དེ་ལྟ་བུའི་སྒྲུབ་ཐབས་ས་སྟེང་དུ་དཀོན་ལ་ཁྱད་པར་འཕགས་པ་འདི་ཉིད་ཀྱི་ལོ་རྒྱུས་ཀྱང་རྩ་བ་རྡོ་རྗེའི་གསུང་ལས་འབྱུང་བ་ནི་འདི་ལྟ་སྟེ། རྡོ་རྗེ་ཕག་མོ་དཀར་མོའི་སྒྲུབ་ཐབས་ལམ་གྱི་རིམ་པ་ཟབ་ཅིང་འདྲིལ་བ་ཐུགས་ཀྱི་ཐིག་ལེའི་བཅུད་ཕྱུང་བ་འདི་ནི༔ དཔལ་གྱི་བསམ་ཡས་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེན་པོར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མ་ཧཱ་གུ་རུ་པདྨ་བཛྲ་གྱིས༔ རྗེ་མངའ་བདག་ཡབ་སྲས་དང་༔ ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན༔ འབྲོག་མི་དཔལ་གྱི་ཡེ་ཤེས༔ ལོ་ཆུང་དཀོན་མཆོག་འོད༔ ཨཱ་ཙརྻ་དྲན་པ་ཡེ་ཤེས༔ བདག་བུད་མེད་མཚོ་རྒྱལ་སོགས་སྐལ་ལྡན་འདུས་པ་རྣམས་ལ་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པས་དབང་བསྐུར༔ རྒྱུད་བཤད༔ གདམས་ངག་རྒྱས་འབྲིང་བསྡུས་པ་སྙིང་པོའི་ཚུལ་དུ་སྐད་ཅིག་གིས་བཀའ་སྩལ་ནས་སླར་ཡང་འདི་སྐད་ཅེས་རྗེས་སུ་གདམས་པར་མཛད་དོ༔ ཨེ་མ་འདུས་པའི་འཁོར་རྣམས་ཉོན༔ རང་བྱུང་པདྨ་བཛྲ་བདག༔ ཆོས་སྐུ་བཟང་མོའི་ཀློང་དུ་འཁྱིལ༔ ལོངས་སྐུའི་ཕག་མོར་བདེ་བས་རོལ༔ སྤྲུལ་སྐུ་འགྲོ་བ་འདུལ་བའི་ཕྱིར༔ ཛམྦུའི་གླིང་དུ་འཆར་བ་ན༔ སྣང་ཚུལ་ཙམ་གྱི་ཐབས་མཁས་པས༔ པཎ་གྲུབ་རྣམས་ལ་གདམས་ངག་ནོས༔ དབེན་པའི་གནས་སུ་རྩེ་གཅིག་བསྒྲུབས༔ རིག་པ་འཛིན་པ་ཐོབ་ཚུལ་བསྟན༔ ཁྱད་པར་དུར་ཁྲོད་བསིལ་བའི་ཚལ༔ དཔའ་བོ་ཌཱ་ཀིའི་འདུན་ས་ཆེར༔ བཅོམ་ལྡན་ཕག་མོའི་ཞལ་བསྟན་ཅིང་༔ རྒྱུད་དང་གདམས་པ་རྒྱ་ཆེར་སྩལ༔ སྙིང་པོ་རྡོ་རྗེའི་ཚིག་འདི་གསུངས༔ རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡེ་ཤེས་བསྒྲུབ༔ སྨིན་ཅིང་དག་པའི་ཐབས་དང་བཅས༔ དངོས་གྲུབ་རྣམ་གཉིས་རྩོལ་མེད་འབྱུང་༔ ཞེས་གསུངས་བདེ་སྟོང་ངང་དུ་བཞུགས༔ ལྷན་སྐྱེས་ལས་ཀྱི་དབང་མོ་ཆེས༔ དེ་དོན་རྒྱས་པར་མཚོན་པའི་དོན༔ འདིར་ནི་ཟབ་ཅིང་འདྲིལ་བར་བསྟན༔ འདི་ལྟར་ཉམས་སུ་ལེན་པའི་བུ༔ རང་བྱུང་པདྨ་བདག་ཉིད་དང་༔ དཔའ་བོ་མཁའ་འགྲོས་བྱིན་བརླབས་པས༔ རྩ་ཁམས་རླུང་ལ་ཡེ་ཤེས་འཕེལ༔ མཐར་ཐུག་འབྲས་བུ་མྱུར་དུ་འགྲུབ༔ གནས་སྐབས་ལས་ཀུན་ཐོགས་པ་མེད༔ རང་གཞན་དོན་གཉིས་ལྷུན་གྲུབ་འགྱུར༔ ས་མ་ཡ༔ དེ་ལྟ་བུ་ཡི་ཟབ་མོའི་དོན༔ རྒྱས་པར་བུམ་ཐང་ལུང་པར་སྦས༔ ལོ་ཙཱ་ཆེ་མཆོག་བྱིན་རླབས་སྤྲུལ༔ ཁྱུང་པོ་དཔལ་གྱི་མིང་གིས་འདོན༔ སྦས་ཚུལ་འགྲོ་དོན་ཅུང་ཟད་བྱེད༔ རང་ཉམས་བླངས་པས་ཡེ་ཤེས་སྨིན༔ འབྲིང་པོ་ཁ་རག་ཕུག་ཏུ་སྦས༔ དཔལ་གྱི་ཡེ་ཤེས་རྣམ་པར་འཕྲུལ༔ བདེ་ཆེན་གླིང་པའི་སྐལ་བར་འགྱུར༔ རང་གཞན་དོན་གཉིས་ཅི་རིགས་འབྱུང་༔ བསྡུས་པ་འདི་ནི་ཡུལ་དབུས་ལྷོ༔ པདྨ་བརྩེགས་པའི་ཕུག་པར་སྦས༔ དཀོན་མཆོག་འོད་ཀྱི་སྐྱེ་བའི་མཐས༔ མ་འགགས་རྫུ་འཕྲུལ་སྤྱོད་པས་བཏོན༔ རྒྱ་ཆེའི་སྙན་བརྒྱུད་ཟབ་དོན་ལ༔ བརྟེན་ནས་རང་གཞན་དཔལ་དུ་འགྱུར༔ ཟབ་ཏིག་ཡེ་ཤེས་འཁོར་ལོ་འདི༔ སླར་ཡང་འདབས་གཏེར་ཚུལ་དུ་སྦོས༔ ནམ་ཞིག་རྩུབས་འགྱུར་འཇིགས་པའི་དུས༔ མངའ་བདག་ཡབ་སྲས་ཐུགས་བསྐྱེད་ལས༔ བདག་གིས་བྱིན་བརླབས་རིག་པ་འཛིན༔ སྒྱུ་མ་ལྟ་བུའི་སྐྱེས་བུ་ནི༔ ཚེ་འདིའི་ལྟོས་ཐག་ཆོད་པ་ལས༔ སུ་དང་མི་མཐུན་ཡན་གར་བ༔ རྒྱུད་ཚོད་སུས་ཀྱང་དཔག་དཀའ་བ་༔ མ་འགགས་ཤེས་རབ་ཐོད་རྒལ་ཅན༔ པདྨ་འོད་གསལ་མདོ་སྔགས་གླིང་༔ བཀའ་བབས་ཆུ་བོ་བདུན་གྱི་བདག༔ སྒྲ་སྒྲོགས་རྒྱལ་པོ་ལྕགས་ཀྱི་ལོ༔ མཁའ་འགྲོའི་མིང་པོ་དཔའ་བོ་ཆེར༔ གཏེར་བདག་ཌཱ་ཀིའི་ཚོགས་རྣམས་ཀྱིས༔ བརྡ་ཡི་ཤོག་སེར་དངོས་སུ་གཏད༔ དོན་གྱི་བྱིན་རླབས་བདག་གིས་སྩལ༔ ཚིག་གི་གདམས་པའི་སྨིན་དང་གྲོལ༔ དཀོན་མཆོག་འོད་ཀྱི་སྤྲུལ་པས་སྟོན༔ གདམས་སྐོར་རྣམ་བཞིའི་དོན་བརྒྱུད་རྫོགས༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས༔ རྩོལ་མེད་གཏན་ལ་ཕབ་ནས་ཀྱང་༔ བཻ་རོ་དཔལ་སེང་མཆོག་གི་དབྱངས༔ གནུབས་ཀྱི་དགེ་སློང་རིག་སྔགས་འཆང་༔ བདུད་འཇོམས་དྲན་པ་ཡེ་ཤེས་སོགས༔ སྤྲུལ་པའི་རིག་འཛིན་གཙོར་གྱུར་པའི༔ སྐལ་ལྡན་འགའ་ཞིག་དོན་དུ་འགྱུར༔ སྙིང་པོའི་མན་ངག་དམ་རྫས་བཅས༔ ལྷོ་བྲག་བན་པའི་རི་སུལ་སྦོས༔ འདམ་སྐྱེས་པདྨ་ལྟ་བུ་ཡི༔ མཆོག་གི་མིང་ཅན་སྐྱེས་བུས་འདོན༔ རྟེན་འབྲེལ་གཞན་དབང་མ་གྱུར་ན༔ རང་གཞན་འབྲེལ་ཚད་དོན་དུ་འགྱུར༔ ཅེས་གསུངས་པ་ལྟར། རྒྱལ་དབང་པདྨ་ཀ་རའི་ཐུགས་བཅུད་ཟབ་མོ་འདི་ཉིད་གངས་ཅན་གྱི་སྐལ་ལྡན་རྗེ་འབངས་རྣམས་ལ་བཀའ་དྲིན་ཏུ་སྩལ་ཏེ་མ་འོངས་པའི་དོན་དུ་རྒྱས་འབྲིང་བསྡུས་པ་སྙིང་པོའི་གདམས་སྐོར་བཞིར་ཕྱེས་ནས་གཏེར་གནས་སོ་སོར་སྦས་པ་ཕྱིས་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་རིམ་པར་བཏོན། དེ་དག་ནི་ནང་ནས་ཟབ་མོ་བསྡུས་པ་རྨད་དུ་བྱུང་བའི་གསང་བ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཡེ་ཤེས་འཁོར་ལོ་འདི། ལོ་ཆུང་དཀོན་མཆོག་འོད་ཀྱི་སྐྱེ་མཐའ་ཨེ་སྤེལ་ལྕོགས་གར་དབང་ལས་འཕྲོ་གླིང་པས། རབ་བྱུང་དགུ་པའི་མཐར་ཡར་ཀླུང་ཤེལ་བྲག་པདྨ་བརྩཻགས་པ་ནས་མ་འགགས་རྫུ་འཕྲུལ་གྱི་རོལ་པས་སྤྱན་དྲངས། གསང་བའི་ཐུགས་དམ་དུ་མཛད། སླར་ཤོག་སེར་ལུང་བྱང་ལྟར་འདབས་གཏེར་དུ་བཞུགས་པ། དེང་སང་གདུལ་བྱའི་དུས་ལ་བབས་པ་ན་གཏེར་སྟོན་དེ་ཉིད་དང་ཐུགས་རྒྱུད་གཅིག་པ་བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་ཏུ་ཆོས་བདག་ཡེ་ཤེས་མཁའ་འགྲོས་ཤོག་སེར་དངོས་སུ་ཕུལ། གཏེར་སྟོན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་སྨིན་གྲོལ་གདམས་པས་བྱིན་གྱིས་རླབས་ཤིང་ཆོས་སྒོ་དབྱེ་བའི་གདམས་པ་སྩལ་བ་ལྟར། རབ་ཚེས་ལྕགས་འབྲུག་ལོའི་ཆོ་འཕྲུལ་ཟླ་བར་གཏན་ལ་ཕབ་སྟེ་བདག་ཅག་ལ་སྨིན་གྲོལ་ཆིག་རྫོགས་སུ་སྩལ་བ་སྟེ། ཆོས་འདིའི་ཆེ་བའི་ཡོན་ཏན་དང་ཐོབ་པའི་ཕན་ཡོན་ཀྱང༌། གཞུང་ལས། རྡོ་རྗེ་སྟོང་ཉིད་ནམ་མཁའི་དཀྱིལ༔ ཕག་མོ་བདེ་ཆེན་སྐུ་རུ་ཤར༔ དེ་ཡི་གོ་འཕང་སྒྲུབ་པའི་ཐབས༔ མི་ཟད་རྒྱན་གྱི་ཡེ་ཤེས་ལྔ༔ ལམ་ཁྱེར་ཏིང་འཛིན་འཁོར་ལོ་ནི༔ རྒྱུན་མི་ཆད་པར་བསྐོར་བ་ལས༔ གཟུང་འཛིན་དྲྭ་བ་ཐུག་ཕྲད་གཅོད༔ ལྷ་དང་བདེ་ཆེན་བྱང་ཆུབ་སེམས༔ དབྱེར་མེད་དྷཱུ་ཏིར་སྨིན་པ་ལས༔ ཐུན་མོང་ཕྲིན་ལས་རྩོལ་མེད་འབྱུང་༔ མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེ༔ ཡེ་ཤེས་སྒྱུ་མ་མྱུར་དུ་འགྲུབ༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུང་༔ ཐོས་དོན་རྩེ་གཅིག་ཉམས་སུ་ལོངས༔ འབྲེལ་ཚད་དོན་ལྡན་ཨེ་མ་ཧོ༔ ཞེས་བསྔགས་པར་མཛད་པ་འདི་ཉིད་ལ་སྔོན་བྱོན་གཏེར་ཁ་བཞིའི་བརྒྱུད་པའི་བྱིན་རླབས་ཀྱི་ཆུ་བོ་གཅིག་ཏུ་འདུ་བ་སྟེ། དེ་ལྟ་བུའི་རིམ་པའང༌། ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང༌། ལོངས་སྐུ་འཁོར་ལོ་བདེ་མཆོག །སྤྲུལ་སྐུ་རྡོ་རྗེ་ཕག་མོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་ཀྱི་དབང་མོ། །ཨོ་རྒྱན་པདྨ་བཛྲ། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། མངའ་བདག་རྗེ་འབངས་འདུས་པ། སྤྲུལ་པའི་གཏེར་སྟོན་ཁྱུང་པོ་དཔལ་དགེ །སྤྲུལ་སྐུ་བདེ་ཆེན་གླིང་པ། མཆོག་ལྡན་མདོ་སྔགས་གླིང་པ། གར་དབང་ལས་འཕྲོ་གླིང་པ། གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་འཇམ་མགོན་བློ་གྲོས་མཐའ་ཡས་སོགས་ལ་བཀའ་དྲིན་ཏུ་སྩལ་བ་ལས་ལེགས་པར་བརྒྱུད་པ་སྟེ་དེ་ལྟ་བུའི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་བ་ལ་རྩ་བ་དང་ཡན་ལག་གཉིས་ལས་ཐོག་མར་རྩ་བའི་དབང་བསྐུར་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་སོགས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་མཎྜལ་འབུལ་གཞུག །དེ་ལྟར་མཎྜལ་ཕུལ་ནས་བླ་མ་དང་རྡོ་རྗེ་བཙུན་མོ་དབྱེར་མི་ཕྱེད་པ་ལ་མོས་གུས་དྲག་པོས་དབང་བསྐུར་བར་གསོལ་བ་གདབ་འདི་ཡི་རྗེས་ཟློས་ལན་གསུམ་མཛོད། གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་བཞུགས་པ༔ བླ་མ་རྡོ་རྗེ་རྣལ་འབྱོར་མས༔ བྱིན་རླབས་དབང་བསྐུར་སྩལ་དུ་གསོལ༔ ལན་གསུམ། སྔོན་ཆད་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་མ་མཐོང་བའི་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་འཆིང་བའི་མོས་པ་མཛོད། ཨ་ཁཾ་ཝི་ར་ཧཱུྃ་གིས་མིག་དར་གཏད། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་རིགས་ལྔ་བརྒྱུས་པའི་ཕྲེང་རེ་ཡང་བྱིན་པའི་མོས་པ་མཛོད། ཨ་ཁཾ་ཝི་ར་ཧཱུྃ་གིས་མེ་ཏོག་གཏད། རྒྱུད་སྦྱང་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་ལ་སོགས་པ་ཡན་ལག་བཅུ་པ་ཚིག་རིས་དང་མཐུན་པར་གསལ་བཏབ་བཞིན་པས་འདི་རྗེས་བཟློས་ལན་གསུམ་མཛོད། ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ ཕྱོགས་བཅུར་བཞུགས་པའི་བླ་མ་དང་༔ ཡི་དམ་ལྷ་དང་མཁའ་འགྲོ་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཚེ་རབས་ཐོག་མེད་སྡིག་ལྟུང་དང་༔ དམ་ཚིག་ཉམས་ཆགས་སྙིང་ནས་བཤགས༔ དགེ་བ་ཀུན་ལ་ཡི་རངས་ཤིང་༔ ཆོས་ཀྱི་འཁོར་ལོ་བསྐོར་བ་དང་༔ མྱ་ངན་མི་འདར་བཞུགས་གསོལ་འདེབས༔ གཞན་དོན་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སྒོ་གསུམ་ལྷ་སྔགས་ཡེ་ཤེས་ལས༔ མི་འདའ་རྡོ་རྗེའི་སྡོམ་པ་གཟུང་༔ བསོད་ནམས་འདི་དང་གཞན་རྣམས་ཀུན༔ མ་ལུས་བློ་ཡིས་ཡོངས་བསྡོམས་ནས༔ ཆོས་ཀྱི་དབྱིངས་སུ་བསྔོས་པའི་མཐུས༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ ལན་གསུམ། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་གནང་བར་ཞུ། བུ་རྣམས་སྙིང་གར་ཟླ་བ་ལ༔ གནས་པའི་རྡོ་རྗེ་རྩེ་ལྔ་བསྒོམ༔ བདེན་པ་གཉིས་པོ་དབྱེར་མེད་པར༔ ལྷག་པའི་བྱང་ཆུབ་སེམས་བསྐྱེད་ཅིག༔ ཅེས་གདམས་ལ། ཁྱེད་རང་རྣམས་ཀྱིས་སྙིང་གར་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་འཆིང་ནས་འདིའི་རྗེས་ཟློས་མཛོད། ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་ས་མ་ཡ་ཧོ༔ སེམས་བསྐྱེད་པ་བརྟན་པར་བྱ་བའི་ཕྱིར་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་ས་མ་ཡ་སྟྭྃ༔ དེ་རྣམས་ཀྱིས་ཕྱི་ལྟར་འཇུག་པའི་རིམ་པ་གྲུབ་ནས་ནང་འཇུག་གི་སླད་དུ་སློབ་དཔོན་གྱིས། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་དྲུང་དུ་འཁོད་ནས་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་དབྱེར་མེད་པ་ལ་སྐུ་གསུང་ཐུགས་ཀྱི་ཕྱག་བྱ་བའི་མོས་པས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས་མཛོད། ཤྲཱི་གུ་རུ་བཛྲ་ཝཱ་ར་ཧཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བྷནྡྷ་ནཾ་ཀ་རོ་མི༔ ཞེས་ཕྱག་བཙལ་བས་བླ་མ་རྣལ་འབྱོར་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ སློབ་མའི་གནས་གསུམ་དུ་ཞུགས་པས་སྒོ་གསུམ་གྱི་ཉམས་ཆགས་སྦྱངས་ཤིང་སྣོད་དུ་གྱུར་པའི་མོས་པ་མཛོད། སླར་ཡང་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པ་ལ་དམ་ཚིག་གི་མནའ་ཆུ་རྡོ་རྗེའི་བདུད་རྩི་ཆུ་ནན་བྱིན་པའི་མོས་པ་མཛོད། བདུད་རྩིའི་མནའ་ཆུ་བྱིན་ལ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ དམ་བསྲུངས་མཆོག་གི་དངོས་གྲུབ་ཐོབ༔ ཉམས་ན་དམྱལ་མེ་བཟོད་དཀས་སྲེག༔ དེ་ཕྱིར་དམ་ཚིག་མཆོག་ཏུ་སྲུངས༔ བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ༔ ཞེས་པས་བྱིན་པ་དེ་ཉིད་རྡོ་རྗེའི་བྲོ་བོར་བ་འདི་ཡི་རྗེས་ཟློས་མཛད་དེ་མྱང་བར་ཞུ། ས་མ་ཡ་རཀྵཱ་མི༔ ཞེས་བཏུང་དུ་གཞུག དེ་ནས་ཡེ་ཤེས་ཀྱི་གཟི་བྱིན་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་གནད་བསྲང༌། རླུང་རོ་བསལ། བར་རླུང་བཟུང་ནས་དམིག་པ་འདི་ལྟར་གསལ་བཏབ་པར་ཞུ། ཧཱུྃ་ཞེས་བརྗོད་པས་ཁྱེད་རང་རྣམས་སྐད་ཅིག་གིས་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ལྟེ་བར་སྣ་ཚོགས་པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་རང་སེམས་གཉུག་མ་མི་ཤིགས་པའི་ཐིག་ལེ་ཧྲཱིཿཡིག་དཀར་གསལ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་རབ་ཏུ་དཀར་ཞིང་དྭངས་བའི་མདངས་དང་ལྡན་པ༔ ཞི་ཞིང་འཛུམ་ལ་ཅུང་ཟད་ཁྲོ་བོའི་ཉམས་དང་བཅས་རྗེས་སུ་ཆགས་པའི་གཟི་བྱིན་ཆེས་ཆེར་འབར་བ༔ རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པས་ས་གསུམ་གཡོ་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བའི་མྱུ་གུ་བཞི་གཙིགས་པ༔ ཕྱག་གཡས་པས་འཁོར་ལོས་མཚན་པའི་གྲི་གུག་ནམ་མཁར་འཕྱར་བས་གཟུང་འཛིན་གྱི་རྣམ་རྟོག་གཅོད་ཅིང་༔ གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀར་བསྣམས་པས་བདེ་ཆེན་ཡེ་ཤེས་ཀྱི་རྒྱུན་འབེབས་པ༔ གྲུ་མོ་གཡོན་དུ་ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱིས་རྡོ་རྗེའི་ཁ་ཊཱྃ་གའི་རྣམ་པར་འཆང་བས་བདེ་སྟོང་གཉིས་སུ་མེད་པ༔ དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར་འཁོར་ལོས་མཚན་ཅིང་ལྷག་མ་སིལ་བུར་གྲོལ་བས་སྐུ་སྐེད་ཡན་ཆད་ཁེབས་པ༔ ནུ་འབུར་མཁྲེགས་ཤིང་གསང་བའི་པདྨོ་རྒྱས་པ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན༔ རུས་པའི་ཕྱག་རྒྱ་ལྔ་དང་དར་དཔྱངས་ཀྱིས་བརྒྱན་པ༔ ཞབས་གཡས་པ་སྐུམས་ཤིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞུགས་པའི་སྙིང་གའི་དབུས་སུ་རང་འདྲ་བའི་ཡེ་ཤེས་སེམས་པ་མཚོན་གང་བ༔ དེའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་ཧྲཱིཿདཀར་པོས་མཚན་པ་ལ་སེམས་གཏད་པས་བདེ་བ་ཆེན་པོའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་པའི་རྐྱེན་གྱིས་དེ་ལས་འོད་ཟེར་འཕྲོས༔ ལུས་ཀྱི་ནང་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་གསལ་བར་བྱས༔ དེའི་རྐྱེན་གྱིས་སྐད་ཅིག་གིས་སྙིང་གའི་ནང་སྐོར་གྱི་རྩ་འདབ་བཞི་ལ་སྙིང་པོའི་རྣལ་འབྱོར་མ་བཞི༔ ཕྱི་སྐོར་བརྒྱད་ལ་སྒོ་མཚམས་མ་བརྒྱད༔ སྤྱི་བོ་ལ་སོགས་པའི་རྩ་མདུད་རྣམས་སུ་ཡུལ་ཉི་ཤུ་རྩ་བཞིའི་རྣལ་འབྱོར་མ་རྣམས་དང་༔ གཞན་ཡང་རྩ་ཁམས་ཐམས་ཅད་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་གང་བ་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པ་རྣམས་ལམ་གྱིས་གསལ་བར་གྱུར༔ ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ ལྟེ་བར་ཧོཿསེར་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་ལམ་གྱིས་གྱུར་པའི་མོས་པ་མཛོད༔ སློབ་དཔོན་གྱི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས་བསྐུལ་བས་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད༔ ཁྱད་པར་གྱི་སྦྱོར་བའི་སྤོས་དང་ཐོད་རྔའི་སྒྲས་སྐུལ་ཏེ། ཨོཾ༔ སྟོང་པ་ཤིན་ཏུ་ཡོད་མེད་ལས༔ ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་བཞེངས༔ དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདིར༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཧྲཱིཾ་ཧྲཱིཾ་ཕཻཾ་ཕཻཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཡང་ཡང་བརྗོད་པས་དབབ། དེས་མ་ཕེབས་ན་སླར་ཡང་ཁྱེད་རང་རྣམས་ལུས་ཙོག་པུར་འཁོད། མིག་སྨིན་མཚམས་སུ་གཏད། སྨིན་མའི་དབུས་སུ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་དགའ་འཁྱིལ་དམར་པོ་གཡོན་སྐོར་དུ་མྱུར་བར་འཁོར་བ་ལ་སེམས་གཏད་པས་དེ་ལས་བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་ཤིག་ཤིག་མེར་མེར་གཡོས༔ མགལ་མེ་ལྟར་འཁོར༔ སྣང་བ་ཕག་མོའི་སྐུ་གྲངས་མེད་པ་ཧ་ཧ་ཧི་ཧི་སོགས་བཞད་སྒྲ་དང་བཅས་ཁྱེད་རང་རྣམས་ལ་ཐིམ་པས་བདེ་བ་ལྷག་པར་འབར་ཞིང་སེམས་རྟོག་མེད་དུ་ཐིམ་པའི་མོས་པ་མཛོད། བཤུག་པ་སོགས་ཀྱི་སྒྲ་དང་བཅས༔ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཻཾ་ཕཻཾ་ཕཊ་ཕཊ་བཛྲ་ཨཱ་རལླི་ཧཱུྃ་ཛ༔ མ་ཧཱ་སུ་ཁ་ཨ་ཧྃ༔ དེ་བ་དཏྟ་ཧཱུྃ་ཧཱུྃ་ཛཿཛཿ ཞེས་བརྗོད་པས་ཉམས་སྐྱེས་པ་ན་སྤྱི་བོར་རྡོ་རྗེ་རྒྱ་གྲམདུ་བཞག་སྟེ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ༔ ཞེས་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ནས་ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་གཙོ་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་ལ་ཕུལ་བའི་མོས་པས་འདི་ཡི་རྗེས་ཟློས་མཛད་དེ་འདོར་བར་ཞུ། ཨོཾ་པུཥྤེ་མཱ་ལ་པྲ་ཏཱིཙྪ་ཧོཿ སླར་ཡང་སློབ་དཔོན་གྱིས་མེ་ཏོག་དེ་ཉིད་བླང་སྟེ་ལྷག་པའི་ལྷའི་རྣམ་པར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པས་ལྷ་དེ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་སྙིང་དབུས་མི་ཤིག་པའི་ཐིག་ལེ་དང་དབྱེར་མེད་དུ་འདྲེས་པའི་མོས་པ་མཛོད། ཨོཾ་པུཥྤེ་ཛྙཱ་ན་ས་མ་ཡ་སྟྭཾ༔ དོན་དམ་རང་རིག་ཀ་དག་གི་གནས་ལུགས་ལ་སྒྲིབ་པའི་མཚན་མ་གདོད་མ་ནས་མ་གྲུབ་ཀྱང༌། གློ་བུར་མ་རིག་འཁྲུལ་པའི་སྒྲིབ་གཡོག་མཐའ་དག་མིག་རས་དང་ལྷན་གཅིག་ཏུ་བསལ་བའི་མོས་པ་མཛོད། མིག་ཐུར་ཐོགས་ལ༔ རྡོ་རྗེ་བཙུན་མོའི་ཡེ་ཤེས་རྩལ༔ རིག་པ་གསེར་གྱི་ཐུར་མ་ཡིས༔ ཐ་མལ་འཁྲུལ་པའི་རབ་རིབ་བསལ༔ རང་བྱུང་དཀྱིལ་འཁོར་མངོན་འགྱུར་ཤོག༔ ཛྙཱ་ན་ཤཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་རས་བསལ༔ དེ་ལྟར་ཡེ་ཤེས་ཀྱི་སྤྱན་ཐོབ་པ་ལ་དཀྱིལ་འཁོར་བལྟ་བར་བསྐུལ་བ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ནི་ཡེ་ཤེས་སྤྱན་ཐོབ་པས༔ སྙིང་པོའི་དཀྱིལ་འཁོར་འདི་ལ་ལྟོས༔ ཟབ་མོའི་ལམ་མཆོག་བརྩོན་པར་གྱིས༔ ཧེ་མཎྜལ་པཱ་ཤྱ་ཧོ༔ བལྟ་བྱའི་དཀྱིལ་འཁོར་རྒྱས་པར་ངོ་སྤྲད་པ་འདི་ལ་སྙན་གཏད་འཚལ༔ དེ་ཡང་འདི་ལྟར་ཁྱེད་རང་རྣམས་ཀྱིས་སློབ་དཔོན་མདུན་དཀྱིལ་དང་བཅས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པམངོན་སུམ་བཞིན་དུ་མཐོང་བར་གྱུར་པ་ནི༔ འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ལྟེ་བར་སྣ་ཚོགས་པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་རང་སེམས་གཉུག་མ་མི་ཤིགས་པའི་ཐིག་ལེ་ཧྲཱིཿཡིག་དཀར་གསལ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་རབ་ཏུ་དཀར་ཞིང་དྭངས་བའི་མདངས་དང་ལྡན་པ༔ ཞི་ཞིང་འཛུམ་ལ་ཅུང་ཟད་ཁྲོ་བོའི་ཉམས་དང་བཅས་རྗེས་སུ་ཆགས་པའི་གཟི་བྱིན་ཆེས་ཆེར་འབར་བ༔ རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པས་ས་གསུམ་གཡོ་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བའི་མྱུ་གུ་བཞི་གཙིགས་པ༔ ཕྱག་གཡས་པས་འཁོར་ལོས་མཚན་པའི་གྲི་གུག་ནམ་མཁར་འཕྱར་བས་གཟུང་འཛིན་གྱི་རྣམ་རྟོག་གཅོད་ཅིང་༔ གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀར་བསྣམས་པས་བདེ་ཆེན་ཡེ་ཤེས་ཀྱི་རྒྱུན་འབེབས་པ༔ གྲུ་མོ་གཡོན་དུ་ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱིས་རྡོ་རྗེའི་ཁ་ཊཱྃ་གའི་རྣམ་པར་འཆང་བས་བདེ་སྟོང་གཉིས་སུ་མེད་པ༔ དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར་འཁོར་ལོས་མཚན་ཅིང་ལྷག་མ་སིལ་བུར་གྲོལ་བས་སྐུ་སྐེད་ཡན་ཆད་ཁེབས་པ༔ ནུ་འབུར་མཁྲེགས་ཤིང་གསང་བའི་པདྨོ་རྒྱས་པ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན༔ རུས་པའི་ཕྱག་རྒྱ་ལྔ་དང་དར་དཔྱངས་ཀྱིས་བརྒྱན་པ༔ ཞབས་གཡས་པ་སྐུམས་ཤིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞུགས་པའི་སྙིང་གའི་དབུས་སུ་རང་འདྲ་བའི་ཡེ་ཤེས་སེམས་པ་མཚོན་གང་བ༔ དེའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་ཧྲཱིཿདཀར་པོས་མཚན་པ་སྙིང་གའི་ནང་སྐོར་གྱི་རྩ་འདབ་བཞི་ལ་སྙིང་པོའི་རྣལ་འབྱོར་མ་བཞི༔ ཕྱི་སྐོར་བརྒྱད་ལ་སྒོ་མཚམས་མ་བརྒྱད༔ སྤྱི་བོ་ལ་སོགས་པའི་རྩ་མདུད་རྣམས་སུ་ཡུལ་ཉི་ཤུ་རྩ་བཞིའི་རྣལ་འབྱོར་མ་རྣམས་དང་༔ གཞན་ཡང་རྩ་ཁམས་ཐམས་ཅད་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་གང་བ་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པ་མངོན་སུམ་བཞིན་དུ་གསལ་བར་མཐོང་བའི་མོས་པ་མཛོད། དེ་ལྟ་བུ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དེ་ཉིད་ཀྱང་ནང་ལྟར་རང་རང་གི་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དང་། གསང་བ་ལྟར་ན་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་རིག་རྩལ་མ་འགགས་ཅིར་ཡང་འཆར་བའི་རང་བཞིན་ལྷུན་འགྲུབ་ཀྱི་དཀྱིལ་འཁོར་ཡིན་སྙམ་དུ་ངེས་ཤེས་བསྐྱེད་འཚལ། དེ་དག་ནི་ནང་ལྟར་འཇུག་པའི་རིམ་པ་ལགས། དེ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་དམིག་སྟེ་མཎྜལ་འབུལ་བར་ཞུ། ཅེས་འབུལ་དུ་གཞུག བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྣལ་འབྱོར་མ་དཔལ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེའི༔ དབང་དང་བྱིན་རླབས་དངོས་གྲུབ་ཀུན༔ ཁྱབ་བདག་བདག་ལ་སྩལ་དུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པ་ལ༔ རྒྱུད་ལས༔ བུམ་པའི་དབང་བསྐུར་སྔོན་འགྲོ་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ ཡེ་ཤེས་རྒྱུད་ལ་བསྐྱེད་པ་དང་༔ ཟབ་མོའི་དབང་མཆོག་སྦྱིན་པར་བྱ༔ ཞེས་གསུངས་པས་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་པས་རང་བྱུང་གསང་བ་ཆེན་པོའི་བུམ་པ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཀ་པཱ་ལའི་བདུད་རྩི་ཐོགས་ཏེ༔ ཨོཾཿ ཁྱབ་བདག་རྡོ་རྗེ་བཙུན་མོ་ཡི༔ ཡེ་ཤེས་གསང་བ་གསུམ་ལས་བྱུང་༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ རིག་པའི་དབང་བསྐུར་ཆེན་པོ་སྦྱིན༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བརྗོད་ཅིང་བདུད་རྩིས་ཁྲུས་བྱ་བ་ནི་མི་བསྐྱོད་པ་ཆུའི་དབང་ཡིན། སླར་ཡང་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་མི་ཞེས་བརྗོད་ཅིང་སྤྱི་བོའི་གནས་ལྔར་བཞག་པ་ནི་རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་ཡིན། ཡང་བཛྲ་དྷརྨ་ཧྲཱིཿཞེས་བརྗོད་ཅིང་བདུད་རྩི་ལྕེ་ལ་སྦྱིན་པ་ནི་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ཡིན། ཡང་བཛྲ་ཀརྨ་ཨཱཿཞེས་བརྗོད་ཅིང་བདུད་རྩི་ལུས་ཀྱི་གནས་རྣམས་སུ་འཐོར་བ་ནི་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཡིན་ནོ། །དེ་ལྟར་དབང་བསྐུར་བས་ཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་གང་༔ ཕུང་པོ་གནས་གྱུར༔ ཉོན་མོངས་ཡེ་ཤེས་སུ་དག༔ ཆུ་ཞབས་སྤྱི་བོར་བརྟན་པ་ལས་རྣམ་པར་སྣང་མཛད་སོགས་རིགས་ལྔས་དབུ་བརྒྱན་པ་ལ༔ དཔལ་རྣམ་པར་སྣང་མཛད་བཛྲ་ནཱ་མ༔ ཞེས་སོགས་རྡོ་རྗེའི་མཚན་བཏགས་པས་རྣམ་པར་སྣང་མཛད་མིང་གི་དབང་ཐོབ་པའི་མོས་པ་མཛོད། ཛཿཧཱུྃ་བྃ་ཧོཿདབང་གི་ལྷ་རྣམས་ཁྱེད་རང་རྣམས་ལ་ཐིམ་པར་གྱུར་པ་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་རབ་ཏུ་གནས་པས་བརྟན་པར་བྱས་པ་ལགས། དེ་ལ་ནམ་མཁར་བཞུགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ནི། ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤཾ༔ དྷཱུ་པཾ༔ དཱི་པཾ༔ གནྡྷཾ༔ ནཻ་བིདྱཾ༔ ཤཔྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་སོགས་ཀྱིས་ཤིས་པ་བརྗོད། དེ་རྣམས་ནི་སློབ་མའི་དབང་ཡིན། དེ་ནས་འཁོར་ལོའི་དབང་ཕྱུག་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ནི། སློབ་དཔོན་དང་དཀྱིལ་འཁོར་གཙོ་མོའི་སྐུ་ལས་རང་འདྲ་བའི་ཡེ་ཤེས་ཀྱི་སྐུ་གཉིས་པ་བྱུང༌། གཙོ་མོའི་སྐུ་ལུས་དཀྱིལ་གྱི་ལྷ་དང་བཅས་པར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཨོཾ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡུམ༔ དཀྱིལ་འཁོར་རབ་འབྱམས་སྐུ་ལ་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་སྟོང་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ཞེས་དབང་བསྐུར་བས་སྤྱི་བོ་ནས་ཞུགས་ཤིང་ཐིམ་པས་ཁྱེད་རང་རྣམས་གཙོ་མོའི་སྐུ་ལུས་དཀྱིལ་དང་བཅས་ལྷག་པར་གསལ་བའི་མོས་པ་མཛོད། དེང་ཕྱིན་ཆད་ཅིར་སྣང་ཐམས་ཅད་རྡོ་རྗེ་ཕག་མོའི་སྐུ་སྣང་སྟོང་ཟུང་འཇུག་ཏུ་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག །གསུང་བཟླས་ལུང་གི་སླད་དུ་དམིག་པ་འདི་ལྟར་མཛོད། སློབ་དཔོན་གྱི་ཐུགས་ཀའི་ཉི་ཟླ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་གཉིས་པ་འཕྲོས། ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། ཡེ་ཤེས་སེམས་མའི་ཐུགས་ཀར་ཉི་ཟླའི་གྭ་འུ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿདཀར་པོ་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བ་གཡོན་སྐོར་དུ་འཁོད་པར་མོས་ལ་ འདི་ཡི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ༔ ལན་གསུམ། ཡང་ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་༔ ཞལ་ནས་ཐོན༔ ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་གའི་རྩེ་མོ་ནས་ཞུགས༔ བདེ་བ་ཆེན་པོའི་གཟི་བྱིན་འབར༔ རྩ་བ་ནས་བརྒྱུད་གསང་བའི་པདྨོ་ནས་གྱེན་དུ་བྱུང་༔ དེ་ལྟར་བར་མ་ཆད་པར་འཁོར་བས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བརྟན་པར་མོས་ལ་ འདི་ཡི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ ལན་གསུམ། སླར་ཡང་སྔགས་ཕྲེང་ལས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་འབར་བས་འཁོར་འདས་ཀྱི་ཁམས་ཐམས་ཅད་ཁྱབ་ཅིང་གཡོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བྱིན་རླབས་བསྡུས་ཏེ་བདག་ལ་ཐིམ༔ ཁམས་གསུམ་གྱི་འགྲོ་ཀུན་སྒྲིབ་གཉིས་བག་ཆགས་དང་བཅས་པ་བསྲེགས་ཤིང་སྦྱངས༔ དྭངས་མ་རྡུལ་ཕྲན་འོད་གསལ་གྱི་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ཕྱག་རྒྱར་སད༔ ཕོ་ཉ་གསུམ་གྱི་བྱིན་རླབས་དང་ནུས་སྟོབས་ཐམས་ཅད་རང་ལ་ཐིམ་པས་མཁའ་སྤྱོད་ཆེན་པོའི་ཡེ་ཤེས་ལ་དབང་བསྒྱུར༔ འདུལ་ཐབས་བཞིའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་མོས་ལ་ འདི་ཡི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ ལན་གསུམ། དེ་ཉིད་བརྟན་པར་བྱ་བའི་སླད་དུ་སྔགས་ཕྲེང་མགྲིན་པར་བཞག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཨཱཿ རིན་ཆེན་ཐོད་པའི་ཕྲེང་བ་ལ༔ སྙིང་པོ་སྔགས་ཀྱི་ནུས་པ་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གྲགས་སྟོང་གསུང་གི་དབང་ཐོབ་ཤོག༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་སྙིང་པོ་སྔགས་ཀྱི་དབང་བསྐུར་བས་དེང་ཕྱིན་ཆད་སྒྲར་སྣང་ཞིང་གྲགས་པ་ཐམས་ཅད་རྡོ་རྗེ་ཕག་མོའི་གསུང་རྡོ་རྗེའི་གསང་སྔགས་གྲགས་སྟོང་ཟུང་འཇུག་ཏུ་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག༔ སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་ཐུགས་ཕྱག་མཚན་རྡོ་རྗེའི་ཁ་ཊྭཱྃ་གའི་རྣམ་པར་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཧཱུྃ༔ གཉིས་མེད་ཡེ་ཤེས་ཁ་ཊྭཱྃ་ག༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་སྟོང་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ལྷ་སྔགས་ཀྱིས་མཚོན་པའི་རྟོག་ཚོགས་ཐམས་ཅད་རིག་སྟོང་ཟུང་འཇུག་ཏུ་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག༔ ཡོན་ཏན་ཡོངས་རྫོགས་གླེགས་བམ་གྱི་དབང་བསྐུར་བ་ནི། གླེགས་བམ་གཏད་ལ༔ ཧྲཱི༔ མཆོག་ཐུན་དངོས་གྲུབ་ཀུན་གྱི་གཞི༔ རྡོ་རྗེ་བཙུན་མོའི་སྔགས་རྒྱུད་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འདོད་འབྱུང་ཡོན་ཏན་དབང་ཐོབ་ཤོག༔ གུ་ཎ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ དེང་ཕྱིན་ཆད་སྒོ་གསུམ་གྱི་བྱེད་པ་ཐམས་ཅད་རྡོ་རྗེ་ཕག་མོའི་ཡོན་ཏན་གྱི་རོལ་པར་ཤེས་པས་ཟབ་མོའི་སྔགས་རྒྱུད་འཆད་པ་སོགས་རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་རྗེས་སུ་སྒྲུབ་པར་གྱིས་ཤིག༔ ཕྲིན་ལས་སྣ་ཚོགས་རྡོ་རྗེ་དང་བདུད་རྩིའི་དབང་བསྐུར་བ་ནི། སྣ་ཚོགས་རྡོ་རྗེ་དང་བདུད་རྩི་བྱིན་ལ༔ ཧོ༔ ཐུན་མོང་མཆོག་གི་ལས་ཀྱི་ཚོགས༔ མཚོན་བྱེད་རྟགས་ཀྱི་ཕྱག་རྒྱ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་འདུལ་ཕྲིན་ལས་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ དེང་ཕྱིན་ཆད་བྱེད་སྤྱོད་ཐམས་ཅད་རྡོ་རྗེ་ཕག་མོའི་ཕྲིན་ལས་སུ་ཤེས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་བརྩོན་པར་གྱིས་ཤིག༔ དེ་དག་གིས་ནི་དོན་གཉིས་ཕུན་སུམ་ཚོགས་པར་བྱེད་པ་རྡོ་རྗེ་སློབ་དཔོན་གྱི་དབང་གྲུབ་པ་ལགས། དེ་ལྟར་བུམ་པའི་དབང་བསྐུར་བས་ལུས་དང་རྩའི་སྒྲིབ་པ་དག༔ བསྐྱེད་བཟླས་ཕྲིན་ལས་སྒྲུབ་པ་ལ་དབང་༔ འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ༔ དེ་དག་རྣམས་ཀྱིས་ལུས་སྨིན་པར་བྱེད་པའི་བུམ་པའི་དབང་འཁོར་དང་བཅས་པ་གྲུབ་ནས། དེའི་རྗེས་འབྲེལ་དུ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་སྟོན་པ་ལ། དང་པོ་སྐུ་བསྐྱེད་རིམ་ཕྱག་རྒྱའི་སྒྲུབ་ཐབས་ནི༔ དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་དག་པའི་རྣལ་འབྱོར་པས་དུར་ཁྲོད་ལ་སོགས་པ་དབེན་ཞིང་ཟིལ་ཆེ་བའི་གནས་སུ༔ སྒྲུབ་པའི་ཁང་པ་བྱི་དོར་བྱ་ཞིང་བདུད་རྩི་ལྔའི་ཆུས་ཆག་ཆག་གདབ༔ མཎྜལ་གྱི་གཞིར་མཚན་མའི་དཀྱིལ་འཁོར་ཇི་ལྟར་རིགས་པ་འདུ་བྱས་པའི་ཁར་མཉྫིའི་སྟེང་དུ་ཐོད་པ་མཚན་ལྡན་ནང་སྒྲུབ་པའི་དཔལ་གཏོར་བརྗིད་དང་ལྡན་པ་བྲིས་སྐུ་དང་སྔགས་བྱང་བརྒྱན་ཅིང་དར་གདུགས་ཀྱིས་སྤྲས་པ་དང་༔ དེའི་མདུན་དུ་སྨན་གཏོར་རཀྟ་མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཤམ༔ རང་ཉིད་སྐྲ་གྲོལ་ཞིང་ཁ་ནུབ་ཏུ་ཕྱོགས་པས་ལྷག་པའི་ལྷ་དང་བླ་མ་དབྱེར་མེད་པར་ཤེས་པ་ལ་མོས་འདུན་དྲག་པོ་རྩེ་གཅིག་པས་རྒྱུད་སྦྱང་བ་ནི༔ ཚོགས་ཤིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར༔ སྐྱབས་སུ་འགྲོ་བ་སོགས་བྱས་མཐར་ཚོགས་ཞིང་རྣམས་རང་ལ་བསྟིམ། རྡོར་སེམས་སྒོམ་བཟླས་ནི་རང་གི་སྤྱི་བོར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་སྙེམས་མ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ༔ དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་མཉམ་པར་སྦྱོར་བའི་ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུ་དུས་བཞིའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་ཀ་དང་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས༔ ཧཱུྃ་ལ་ཐིམ་པས་བྱིན་རླབས་དང་གཟི་བརྗིད་འོད་དུ་འབར་བར་བསམ༔ ཨོཾ༔ བླ་མ་ཁྱབ་བདག་རྡོ་རྗེ་སེམས༔ སྐྱབས་གནས་ཀུན་འདུས་བདག་ལ་དགོངས༔ བདག་གི་ཚེ་རབས་ཐོག་མེད་ནས༔ བསགས་པའི་སྡིག་ལྟུང་ཉམས་ཆགས་ཀུན༔ མི་འཆབ་མི་སྦེད་སྙིང་ནས་བཤགས༔ སླན་ཆད་སྡོམ་པར་དམ་བཅའ་ན༔ ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས༔ དག་ཅིང་ཚངས་པར་སྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་ཐུགས་ཀའི་ཧཱུྃ་ལས་བདུད་རྩིའི་རྒྱུན་བྱུང་༔ རང་གི་སྤྱི་བོ་ནས་ཞུགས༔ ལུས་ཀྱི་ནང་གང་༔ ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བསམས་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླས་མཐར་བཤགས་སྡོམ་དང་བཅས་རང་ལ་བསྟིམ༔ ཁྱད་པར་བྱིན་རླབས་གནད་འབེབས་ཀྱི་རྣལ་འབྱོར་ནི༔ རང་མདུན་ནམ་མཁའ་འོད་ལྔའི་ཀློང་༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་རྡོ་རྗེ་འཆང་༔ མཐིང་གསལ་རྡོར་དྲིལ་ཡུམ་དང་འཁྲིལ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔའི་ཀློང་ན་བཞུགས༔ སྐུ་ནི་དགེ་འདུན་གསུང་དམ་ཆོས༔ ཐུགས་ནི་གདོད་ནས་རྫོགས་སངས་རྒྱས༔ ཕུང་ཁམས་སྐྱེ་མཆེད་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་ཚོགས༔ སྐྱབས་ཀུན་འདུས་པའི་ངོ་བོར་གྱུར༔ ཅེས་གསལ་བཏབ་ལ་ཚོགས་བསག་པའི་སླད་དུ་མཎྜལ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱི་ལྟར་སྣོད་བཅུད་བཀོད་པ་རྫོགས༔ ནང་དུ་ལུས་དང་ལོངས་སྤྱོད་རྒྱན༔ གསང་བ་བྱང་སེམས་མཎྜ་ལ༔ འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ༔ རཏྣ་མཎྜལ་པཱུ་ཛ་ཧོ༔ མོས་གུས་དྲག་པོས་གསོལ་བ་གདབ་པ་ནི༔ རྩ་བའི་བླ་མ་རྡོ་རྗེ་འཆང་༔ སྐྱབས་གནས་ཀུན་འདུས་བདག་ཉིད་ལ༔ སྙིང་ནས་གུས་པས་གསོལ་བ་འདེབས༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཞེས་བརྒྱ་སྟོང་སོགས་དང་༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་དྷ་ར་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་བཟླས་མཐར་དབང་བླང་བ་ནི༔ བླ་མ་ཡབ་ཡུམ་སྦྱོར་མཚམས་ནས༔ ཡེ་ཤེས་བདུད་རྩིའི་ཆར་རྒྱུན་བབས༔ རང་གི་གནས་བཞིའི་འཁོར་ལོ་གང་༔ སྒྲིབ་བཞི་དག་ཅིང་དབང་བཞི་ཐོབ༔ དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས༔ སྐུ་བཞི་ཐོབ་པའི་རྟེན་འབྲེལ་བསྒྲིགས༔ མཐར་ནི་རང་ཐིམ་གཉིས་མེད་གྱུར༔ ཅེས་དམིགས་པ་གསལ་བཏབ་ལ༔ ཐུགས་ཡིད་བསྲེས་ཏེ་རིག་པ་མ་བཅོས་སྤྲོ་བསྡུ་བྲལ་བའི་ངང་བསྐྱངས་ཏེ་མཉམ་པར་བཞག༔ འདི་རྣམས་རྟགས་ཐོན་པར་ཉམས་སུ་བླང་ངོ་༔ དེ་ནས་བགེགས་བསྐྲད་ཅིང་མཚམས་བསྲུང་བ་ནི༔ རང་སྐད་ཅིག་གིས་དཔལ་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཧཱུྃ་གི་སྒྲས་ཁྲོ་བོའི་སྤྲིན་རབ་འབྱམས་སུ་སྤྲོས་ཏེ་རྣལ་འབྱོར་ཟབ་མོ་བསྒོམ་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་རྣམས་རྒྱང་རིང་དུ་བསྐྲད་པར་བསམས་ལ་ཧཱུྃ་བཞི་པའི་སྔགས་བརྗོད༔ ཁྲོ་ཚོགས་རྣམས་སླར་འདུས་ཏེ་རང་ལ་ཐིམ་པ་འོད་དུ་ཞུ་བ་ལས་སྲུང་བའི་འཁོར་ལོ་རྩིབས་བཅུ་པ་ཡངས་ཤིང་རྒྱ་ཆེ་བ་གོ་སྐབས་མེད་པས་གཏམས་པའི་དབུས་སུ་རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བ༔ སྟེང་འོག་དང་ཕྱོགས་མཚམས་ཀྱི་རྩིབས་ལ་སྤྲུལ་པའི་ཁྲོ་བོ་བཅུ་རྔམས་བརྗིད་འབར་བ་དེའི་ཕྱི་རོལ་ཏུ་རྡོ་རྗེའི་རྭ་བ༔ མེའི་གུར༔ མདའི་དྲྭ་བ་རྣམས་ཀྱིས་བསྐོར་བ་བསྐལ་པའི་རླུང་གིས་ཀྱང་གཞོམ་ཞིང་གཞིག་པར་མི་ནུས་པའི་སྲུང་བའི་འཁོར་ལོ་གསལ་ཞིང་བརྟན་པར་བསམས་ལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཙཀྲ་བཛྲ་སཱ་ར་ཨ་ན་ལ་ཛྭ་ལ་སྃ་རཀྵ་རཀྵ་བྷྲཱུྃ༔ ཞེས་བརྟན་པར་བྱའོ༔ དེ་ནས་མཆོད་པའི་ཡོ་བྱད་རྣམས་ལ་དམིགས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་བགེགས་བསང་ཞིང་སྟོང་པར་སྦྱང་༔ སྟོང་པའི་ངང་ལས་གནས་ཡུལ་དུར་ཁྲོད་ཞིང་གི་བཀོད་པ་འབྱམས་ཀླས་པའི་དབུས་སུ༔ ཕྱི་ནང་གསང་བའི་མཆོད་རྫས་སྟོང་པའི་རང་བཞིན༔ བདེ་བའི་རྣམ་པ༔ ཡེ་ཤེས་ཀྱི་རོལ་མོ་མཁའ་ཁྱབ་ཏུ་འཆར་བར་བསམས་ལ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤཔྡ་ཨཱཿཧཱུྃ༔ ཨོཾ་པཉྩ་ཀཱ་མ་གུ་ན་ཨཱཿཧཱུྃ༔ ཨོཾ་བོདྡྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ༔ མ་ཧཱ་སུ་ཁ་ཛྙཱ་ན་བཛྲ་སྥ་ར་ཎ་ཁཾ༔ ཞེས་པས་བྱིན་གྱིས་བརླབས་ཤིང་རྒྱས་པར་སྤེལ༔ དངོས་གཞི་ནི༔ ཧཱུྃ་ཞེས་བརྗོད་པས་རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བ་འོད་དུ་ཞུ་བ་ལས་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ལྟེ་བར་སྣ་ཚོགས་པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་རང་སེམས་གཉུག་མ་མི་ཤིགས་པའི་ཐིག་ལེ་ཧྲཱིཿཡིག་དཀར་གསལ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་རབ་ཏུ་དཀར་ཞིང་དྭངས་བའི་མདངས་དང་ལྡན་པ༔ ཞི་ཞིང་འཛུམ་ལ་ཅུང་ཟད་ཁྲོ་བོའི་ཉམས་དང་བཅས་རྗེས་སུ་ཆགས་པའི་གཟི་བྱིན་ཆེས་ཆེར་འབར་བ༔ རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པས་ས་གསུམ་གཡོ་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བའི་མྱུ་གུ་བཞི་གཙིགས་པ༔ ཕྱག་གཡས་པས་འཁོར་ལོས་མཚན་པའི་གྲི་གུག་ནམ་མཁར་འཕྱར་བས་གཟུང་འཛིན་གྱི་རྣམ་རྟོག་གཅོད་ཅིང་༔ གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀར་བསྣམས་པས་བདེ་ཆེན་ཡེ་ཤེས་ཀྱི་རྒྱུན་འབེབས་པ༔ གྲུ་མོ་གཡོན་དུ་ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱིས་རྡོ་རྗེའི་ཁ་ཊཱྃ་གའི་རྣམ་པར་འཆང་བས་བདེ་སྟོང་གཉིས་སུ་མེད་པ༔ དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར་འཁོར་ལོས་མཚན་ཅིང་ལྷག་མ་སིལ་བུར་གྲོལ་བས་སྐུ་སྐེད་ཡན་ཆད་ཁེབས་པ༔ ནུ་འབུར་མཁྲེགས་ཤིང་གསང་བའི་པདྨོ་རྒྱས་པ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན༔ རུས་པའི་ཕྱག་རྒྱ་ལྔ་དང་དར་དཔྱངས་ཀྱིས་བརྒྱན་པ༔ ཞབས་གཡས་པ་སྐུམས་ཤིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞུགས་པའི་སྙིང་གའི་དབུས་སུ་རང་འདྲ་བའི་ཡེ་ཤེས་སེམས་པ་མཚོན་གང་བ༔ དེའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་ཧྲཱིཿ དཀར་པོས་མཚན་པ་ལ་སེམས་གཏད་པས་བདེ་བ་ཆེན་པོའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་པའི་རྐྱེན་གྱིས་དེ་ལས་འོད་ཟེར་འཕྲོས༔ ལུས་ཀྱི་ནང་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་གསལ་བར་བྱས༔ དེའི་རྐྱེན་གྱིས་སྐད་ཅིག་གིས་སྙིང་གའི་ནང་སྐོར་གྱི་རྩ་འདབ་བཞི་ལ་སྙིང་པོའི་རྣལ་འབྱོར་མ་བཞི༔ ཕྱི་སྐོར་བརྒྱད་ལ་སྒོ་མཚམས་མ་བརྒྱད༔ སྤྱི་བོ་ལ་སོགས་པའི་རྩ་མདུད་རྣམས་སུ་ཡུལ་ཉི་ཤུ་རྩ་བཞིའི་རྣལ་འབྱོར་མ་རྣམས་དང་༔ གཞན་ཡང་རྩ་ཁམས་ཐམས་ཅད་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་གང་བ་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པར་གསལ་གདབ༔ ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ ལྟེ་བར་ཧོཿསེར་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་བསམས་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧྃ༔ ཞེས་ང་རྒྱལ་གཟུང་༔ མིག་གྱེན་དུ་བལྟ་ཞིང་འབར་བའི་རྒྱ་དང་བཅས་ཕཻཾ་ཞེས་དྲག་ཏུ་བརྗོད་པས་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་བསམས་ལ༔ ཨོཾ༔ སྟོང་པ་ཤིན་ཏུ་ཡོད་མེད་ལས༔ ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་བཞེངས༔ དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདིར༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་བྷཱ་རཱ་ཧཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཞེས་པས་སྤྱན་དྲང་༔ བཛྲ་ཛྙཱ་ན་ས་མ་ཡ་ཛཿཧཱུྃ་བྃ་ཧོཿས་བསྟིམ༔ སླར་ཡང་ཕཻཾ་ཞེས་པས་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྤྲིན་ཆེན་པོས་མངོན་པར་དབང་བསྐུར་བས་ཐ་མལ་སྣང་ཞེན་གྱི་དྲི་མ་དག༔ བདེ་བ་མཆོག་གི་ཡེ་ཤེས་མངོན་དུ་བྱས༔ ཆུ་ལྷག་མ་སྤྱི་བོར་བརྟན་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམས་ལ༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་མ་ཧཱ་སུ་ཁ་སུ་ར་སྟྭཾ་ཨ་ཧཾ༔ ཞེས་བརྗོད༔ ཐུགས་ཀ་ནས་སྤྲུལ་པའི་ཕྱི་ནང་གི་མཆོད་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་ཅིང་བསྟོད་པས་བདེ་ཆེན་ཡེ་ཤེས་ཀྱི་གཟི་བྱིན་སྤེལ་བར་བསམས་ལ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤཾ༔ དྷཱུ་པཾ༔ དཱི་པཾ༔ གནྡྷཾ༔ ནཻ་བིདྱཾ༔ ཤཔྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ པཉྩ་ཀཱ་མ་གུ་ཎ་ས་མ་ཡ་ཧོ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ས་མ་ཡ་སྟྭཾ༔ སརྦ་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ༔ རཀྟ་བི་པ་ཧོ༔ ཨི་དཾ་བ་ལིཾ་གྲྀཧྞ་བྷཱུཉྫ་ཧོ༔ ཨོཾཿ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ ཟླ་བ་ལྟར་དཀར་རྗེས་ཆགས་ཉམས༔ ཡེ་ཤེས་གཟི་བྱིན་ཆེར་འབར་བ༔ ཁམས་གསུམ་དབང་ཕྱུག་མ་ལ་བསྟོད༔ དེ་ནས་ཐོག་མར་ཕྱི་དབྱིབས་ཀྱི་ལྷ་སྐུ་དང་༔ རིམ་པར་ནང་རྩ་ཁམས་ལྷར་གསལ་བ་ལ་སེམས་རྩེ་གཅིག་ཏུ་གཟུང་༔ གསལ་སྣང་སྐྱེས་པ་ན་རང་བཞིན་གཉུག་མའི་ཡེ་ཤེས་དང་བསྲེས་ནས་ང་རྒྱལ་བརྟན༔ ཕྱི་ནང་གི་རྡོ་རྗེ་ཕག་མོ་ལ་སོགས་པའི་ལྷ་རྣམས་སངས་རྒྱས་ཆོས་ཀྱི་སྐུའི་ཡེ་ཤེས་མངོན་པར་བྱང་ཆུབ་པའི་ཆོས་སོ་བདུན་གྱི་ངོ་བོར་རྣམ་པར་དག་ཅིང་༔ མངོན་པར་བྱང་ཆུབ་པའི་ཆོས་ཐམས་ཅད་ཀྱང་ལྷ་སོ་བདུན་གྱི་རྣམ་པར་ཤར་བ་དང་༔ ཡེ་ཤེས་ཀྱི་རང་རྩལ་མཁའ་ཁྱབ་ཏུ་འཕྲོ་བའི་བདག་ཉིད་ཅན་དུ་ཤེས་པར་བྱས་ལ་དག་པ་རབ་འབྱམས་ཀྱི་རྩལ་སྦྱང་ངོ་༔ དེ་ནི་སྐུ་བསྐྱེད་རིམ་བསྙེན་པའི་རྣལ་འབྱོར་ཞེས་བྱའོ༔ ས་མ་ཡ༔ གཉིས་པ་གསུང་བཟླས་པ་སྔགས་ཀྱི་སྒྲུབ་ཐབས་ནི༔ ཡེ་ཤེས་སེམས་མའི་ཐུགས་ཀར་ཉི་ཟླའི་གྭ་འུ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿདཀར་པོ་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བ་གཡོན་སྐོར་དུ་འཁོད་པར་མོས་ལ༔ ཡིད་མིག་རླུང་གསུམ་ནང་དུ་གཏད་དེ་སེམས་རྩེ་གཅིག་ཏུ་འཛིན་བཞིན་པས༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་འབུམ་ཕྲག་བཞི་བཟླ་བ་ནི་བསྙེན་པའོ༔ ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་༔ ཞལ་ནས་ཐོན༔ ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་གའི་རྩེ་མོ་ནས་ཞུགས༔ བདེ་བ་ཆེན་པོའི་གཟི་བྱིན་འབར༔ རྩ་བ་ནས་བརྒྱུད་གསང་བའི་པདྨོ་ནས་གྱེན་དུ་བྱུང་༔ དེ་ལྟར་བར་མ་ཆད་པར་འཁོར་བས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བརྟན་པར་བསམས་ལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ འབུམ་ཕྲག་གཉིས་བཟླ་བ་ནི་སྒྲུབ་པའོ༔ སླར་ཡང་སྔགས་ཕྲེང་ལས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་འབར་བས་འཁོར་འདས་ཀྱི་ཁམས་ཐམས་ཅད་ཁྱབ་ཅིང་གཡོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བྱིན་རླབས་བསྡུས་ཏེ་བདག་ལ་ཐིམ༔ ཁམས་གསུམ་གྱི་འགྲོ་ཀུན་སྒྲིབ་གཉིས་བག་ཆགས་དང་བཅས་པ་བསྲེགས་ཤིང་སྦྱངས༔ དྭངས་མ་རྡུལ་ཕྲན་འོད་གསལ་གྱི་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ཕྱག་རྒྱར་སད༔ ཕོ་ཉ་གསུམ་གྱི་བྱིན་རླབས་དང་ནུས་སྟོབས་ཐམས་ཅད་རང་ལ་ཐིམ་པས་མཁའ་སྤྱོད་ཆེན་པོའི་ཡེ་ཤེས་ལ་དབང་བསྒྱུར༔ འདུལ་ཐབས་བཞིའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམས་ལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་འབུམ་ཕྲག་གཅིག་བཟླ་བ་ནི་ལས་སྦྱོར་ཏེ་ཡེ་ཤེས་ལ་དབང་བར་འགྱུར་རོ༔ དེ་ནི་གསུང་བཟླས་པ་ཉེར་བར་བསྙེན་པའི་རྣལ་འབྱོར་རོ༔ དེས་རིམ་པ་དང་པོའི་ཁྲིད་སོང་ནས་དེ་ལྟ་བུའི་ཡེ་ཤེས་སྨིན་པ་དང་༔ གྲོལ་བ་དང་༔ མཐར་ཕྱིན་པའི་སླད་དུ་མཆོག་གི་དབང་གསུམ་བསྐུར་བ་ལ༔ ཐོག་མར་གསང་དབང་གི་སླད་དུ་དམིག་པ་འདི་ལྟར་མཛོད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པ་དཔལ་ཧེ་རུ་ཀ་འདུས་པ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཨཱཿ བཅོམ་ལྡན་རྡོ་རྗེ་བཙུན་མོ་དང་༔ ཧེ་རུ་ཀ་དཔལ་སྙོམས་ཞུགས་པའི༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ ཡེ་ཤེས་སྨིན་པའི་དབང་བསྐུར་རོ༔ གུུ་ཧྱ་ཛྙཱ་ན་ཨ་མྲི་ཏ་ཨ་བྷི་ཥིཉྩ་ཨཱཿ ཞེས་བྱིན་པའི་བདུད་རྩི་དེ་ཉིད་ཨ་ཧོ་མ་ཧཱ་སུ་ཁ། ཞེས་གསུངས་ཤིང་མྱང་བར་ཞུ། དེ་ལྟར་མྱང་པས་རྩ་ཁམས་ཐམས་ཅད་བདུད་རྩིས་ཁྱབ་སྟེ་ལུས་དཀྱིལ་གྱི་ལྷ་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཡི་གེའི་གཟུགས་སུ་ཤར་བས་གསལ་སྟོང་བདེ་བའི་ཡེ་ཤེས་སུ་སྨིན་པར་མོས་ནས། རླུང་ཁ་སྦྱོར་དུ་བཟུང་བར་ཞུ། དེ་ལྟར་གསང་བའི་དབང་བསྐུར་བས་ངག་དང་རླུང་གི་སྒྲིབ་པ་དག༔ སྲོག་རྩོལ་ཁ་སྦྱོར་གྱི་ལམ་སྒོམ་པ་ལ་དབང་༔ འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ༔ དེས་ངག་སྨིན་པར་བྱེད་པ་གསང་དབང་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། གསུམ་པ་ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་ཁྲིད་ལ་སྔོན་འགྲོ་གོང་དུ་སོང༌། དངོས་གཞི་ལ་བཞི༔ བཀོད་པ་རྩའི་རྣལ་འབྱོར༔ གཡོ་བ་རླུང་གི་རྣལ་འབྱོར༔ དྭངས་མ་ཐིག་ལེའི་རྣལ་འབྱོར༔ དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་རྣལ་འབྱོར་རོ༔ དེ་ལ་བསྐྱེད་བཟླས་ཀྱི་གསལ་སྣང་ཐོན་པས༔ དང་པོ་བཀོད་པ་རྩའི་རྣལ་འབྱོར་ནི༔ བདེ་བའི་སྟན་ལ་ལུས་གནད་ཤིན་ཏུ་དྲང་པོར་བསྲང་༔ མིག་བར་སྣང་ལ་ཧ་རེ་གཏད༔ རླུང་རོ་བསལ༔ སེམས་རྟོག་མེད་ཀྱི་ངང་བསྐྱང་༔ དེའི་ངང་ལས་རང་ལུས་ཕག་མོའི་སྐུ་སྟོང་ར་འོད་ཀྱི་རང་བཞིན་ཅན་དུ་གསལ༔ རྩ་གསུམ་འཁོར་ལོ་བཞི་བཅས་དྭངས་ཞིང་རྙོགས་པ་མེད་པར་བསྒོམ༔ སྙིང་གའི་རྩ་འདབ་ཀྱི་དབུས་སུ་ཧྲཱི༔ ནང་སྐོར་གྱི་འདབ་བཞིར་མདུན་ནས་གཡོན་སྐོར་གྱིས་མཱྃ་ཏཱྃ་པཱྃ་ལཱྃ༔ ཕྱི་སྐོར་བརྒྱད་ལ་ཧཱུྃ༔ མགྲིན་པར་ཨཱྃ་དང་ཨཱ་ལི་བཅུ་དྲུག་གཡོན་སྐོར༔ སྤྱི་བོར་ཧྃ་དང་ཀཱ་ལི་སོ་གཉིས་གཡས་སྐོར༔ ལྟེ་བ་རཀྵཿདང་ཀཱ་ལི་སོ་གཉིས་ཚར་གཉིས་གཡས་སྐོར༔ སྤྱི་བོར་པཱུ༔ སྤྱི་གཙུག་ཏུ་ཛ༔ རྣ་བ་གཡས་པར་ཨོ༔ ལྟག་པར་ཨཿ རྣ་བ་གཡོན་པར་གོ༔ སྨིན་མའི་དབུས་སུ་ར༔ མིག་གཉིས་སུ་དེ༔ ཕྲག་པ་གཉིས་སུ་མ༔ མཆན་ཁུང་གཉིས་སུ་ཀ༔ ནུ་མ་གཉིས་སུ་ཨོ༔ ལྟེ་བར་ཏྲི༔ སྣ་རྩེར་ཀོ༔ ཡ་རྐན་ལ་ཀ༔ མགྲིན་པར་ལ༔ སྙིང་ལ་ཧི༔ མཚན་མ་ལ་པྲེ༔ བཤང་ལམ་དུ་གྲྀ༔ བརླ་ལ་སཽ༔ བྱིན་པ་ལ་སུ༔ རྐང་སོར་བརྒྱད་ལ་ནཱ༔ བོལ་གོང་ལ་སི༔ རྐང་པའི་མཐེ་བོ་གཉིས་ལ་མ༔ པུས་མོ་གཉིས་ལ་ཀུ༔ དེ་ཐམས་ཅད་ཀྱང་རྩ་མདུད་ཁམས་དང་བཅས་ངོ་བོ་ལྷ་ལ་རྣམ་པ་ཡི་གེའི་གཟུགས་བདེ་སྟོང་དབྱེར་མེད་མཚོན་པའི་ཕྱིར་དཀར་ལ་དམར་བའི་མདངས་འོད་འཚེར་བ་གསལ་གདབ༔ རླུང་འཇམ་པོར་བཟུང་ནས་ཡིད་མིག་རླུང་གསུམ་སྙིང་གའི་ཧྲཱིཿལ་རྩེ་གཅིག་ཏུ་གཏད་པས་བདེ་བ་ཆེན་པོའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས༔ དེ་ལས་འོད་ཟེར་འཕྲོས་སྣ་བུག་གི་རླུང་དང་འགྲོགས་ཏེ་མཁའ་ཁྱབ་ཏུ་སྣང་བས་དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་དང་༔ དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ལ་ཕོག་པས་ཐུགས་ཟག་མེད་ཀྱི་བདེ་བས་མཉེས༔ སྐུ་ཡེ་ཤེས་ཀྱི་གཟི་བྱིན་འབར་བའི་དྭངས་བཅུད་འོད་ཟེར་འཇའ་ཚོན་གྱི་རྣམ་པར་སྤྱན་དྲངས་ནས་སྙིང་གའི་ཧྲཱིཿལ་སིབ་སིབ་ཐིམ་ཞིང་གཟི་མདངས་ཆེར་འབར་བའི་འོད་ཀྱིས་རྩ་གནས་ཡི་གེའི་གཟུགས་སུ་གནས་པ་ཐམས་ཅད་ལ་ཁྱབ་པས་རྩ་ཁམས་ཀྱི་སྙིགས་མ་སྦྱངས༔ དྭངས་མ་གསལ་ཞིང་རྙོགས་པ་མེད་པ་འཇའ་ཚོན་གྱི་རྣམ་པ་ཅན་དུ་གྱུར་པར་བསམས་ལ་རླུང་འཇམ་པོར་བཟུང་༔ མཐར་དེ་རྣམས་ལས་འོད་ཟེར་འཇའ་ཚོན་ལྟ་བུ་བུན་གྱིས་ལངས་པས་ལུས་ཕྱི་ནང་གི་ཆ་ཤས་གང་ལ་རེག་པ་ཐམས་ཅད་འཇའ་ཚོན་གྱི་རྣམ་པ་ཅན་དུ་གྱུར༔ དེ་རྣམས་རིམ་གྱིས་འདུས་ཏེ་སྙིང་གའི་ཧྲཱིཿལ་ཐིམ༔ དེའང་ཡལ་གྱིས་ཡལ་བར་བསམས་ལ་དམིགས་བསམ་བརྗོད་བྲལ་ནམ་མཁའ་ལྟ་བུའི་ངང་དུ་ཆམ་མེར་བཞག༔ སླར་ཡང་དྭངས་མའི་ཆུ་ལས་ཉ་འཕར་བ་ལྟར་སྔར་བཞིན་གསལ་བཏབ་ནས་འོད་ཟེར་སྤྲོ་བསྡུ་སོགས་བྱ༔ ཐུན་མཚམས་རྣམས་སུ་རྩ་མདུད་གྲོལ་བའི་འཁྲུལ་འཁོར་ཡང་ཅི་རིགས་པར་བྱའོ༔ དེ་ལྟར་ཉམས་སུ་བླངས་པས་གནས་སྐབས་སུ་ལུས་ཀྱི་ནད་རྙིང་པར་འབྱོངས༔ གསར་པ་མི་སྐྱེ༔ ཚེ་རིང་༔ རྒས་སྲ༔ ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་ཤིང་ཤིན་ཏུ་སྦྱངས་པའི་བདེ་བས་ཁྱབ༔ མཐར་ཐུག་རགས་ལུས་དྭངས་མར་གནས་གྱུར་ཏེ་ཡེ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་རོ༔ གཉིས་པ་རླུང་གི་རྣལ་འབྱོར་ནི༔ ལུས་གནད་བསྲང་༔ རང་ལུས་རྩ་འཁོར་ཡི་གེ་དང་བཅས་པ་གསལ༔ རླུང་རོ་ཕྱིར་དྲག་ཏུ་བུས་པ་དང་མཉམ་ལུས་ཀྱི་རླུང་གི་སྙིགས་མ་ཐམས་ཅད་དུ་བའི་རྣམ་པས་འཚུབས་ཤིང་འཁྱིལ་བ་ཕྱིར་ཐོན་པར་བསམས་ལ་ཅུང་ཟད་ཕྱིར་འཛིན༔ དེ་ནས་སྟེང་རླུང་དལ་བུས་རྔུབས༔ འོག་རླུང་གྱེན་དུ་དྲངས༔ ལྟེ་བར་ཁ་སྦྱར༔ དགང་ཞིང་གཞིལ༔ མི་ཐུབ་ན་ཕྱིར་སངས་ཀྱིས་བུས་པ་དང་མཉམ་དུ་སྙིང་གའི་ཧྲཱིཿལས་ཡེ་ཤེས་ཀྱི་རླུང་འོད་ཟེར་ལྔ་ལྡན་གྱི་རྣམ་པས་ཕྱིར་ཐོན་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས༔ དེ་བཞིན་གཤེགས་པ་ཐམས་ཅད་དང་༔ དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཤངས་བུག་ནས་ཞུགས༔ སྐུ་ལ་གནས་པའི་ཡེ་ཤེས་ཀྱི་རླུང་དང་རོ་གཅིག་ཏུ་འདྲེས༔ ཟག་པ་མེད་པའི་བདེ་བ་བསྐྱེད༔ སླར་ཡང་ཡེ་ཤེས་ཀྱི་རླུང་འོད་ཟེར་ལྔ་ལྡན་གྱི་རྣམ་པས་ཤངས་བུག་ནས་ཐོན༔ རང་གི་སྣ་སྒོའི་རླུང་དང་རོ་གཅིག་ཏུ་དྲངས་ཏེ་ཁ་སྦྱར༔ ལྟེ་བའི་རླུང་གི་དྭངས་མ་སྙིང་གའི་ཧྲཱི༔ལ་ཐིམ༔ དེ་ལས་ཡེ་ཤེས་ཀྱི་རླུང་འོད་ཟེར་གྱི་རྣམ་པས་རྩ་གནས་ཐམས་ཅད་དུ་ཞུགས་ནས་རྩ་ཁམས་ཡི་གེ་དང་བཅས་པ་ཡེ་ཤེས་ཀྱི་རླུང་གིས་ཁྱབ༔ སྟོང་གསལ་མཆོག་གི་ཏིང་འཛིན་རྒྱུད་ལ་སྐྱེས༔ ཡེ་ཤེས་ཀྱི་རླུང་རྣམས་སྙིང་གའི་ཧྲཱིཿདང་དབྱེར་མེད་དུ་བཞུགས་པར་བསམས་ལ་བུམ་ཅན་ཅི་ནུས་འཛིན༔ དེ་ལྟ་བུའི་སྤྲོ་བསྡུའི་དམིགས་པ་རྩེ་གཅིག་པས་བུམ་ཅན་མཐར་མ་ཕྱིན་གྱི་བར་དུ་བསླབ༔ ཐུན་མཚམས་རྣམས་སུ་རླུང་གེགས་སེལ་བའི་འཁྲུལ་འཁོར་ཀྱང་བྱ༔ དེས་གནས་སྐབས་སུ་རླུང་ཟིན་པས་སེམས་ཟིནཿ འོད་གསལ་གྱི་རྟགས་འཆར༔ ཕྲ་ཡང་ལ་སོགས་པའི་ཡོན་ཏན་དང་ཚིག་གི་མཆོག་འགྲུབ༔ ལས་བཞི་རྩོལ་མེད་དུ་བྱེད༔ མཐར་ཐུག་ལས་རླུང་ཡེ་ཤེས་སུ་དག་པས་གསལ་སྟོང་མཆོག་གི་ཏིང་ངེ་འཛིན་སྐྱེ་ཞིང་༔ མི་ཤིགས་པ་ནཱ་དའི་སྒྲ་དབྱངས་ལ་དབང་སྒྱུར་བར་འགྱུར་རོ༔ གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་ཐུགས་འདུན་འདི་ལྟར་གནང་བར་ཞུ། སིནྡྷུ་རའི་མཎྜལ་རིགས་ཀྱི་ཡུམ་དང་དབྱེར་མེད་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ཕྱག་ཏུ་གཏད་པའི་མོས་པ་མཛོད། ཧཱུྃ༔ རྣམ་ཐར་གསུམ་ལྡན་མཁའ་དབྱིངས་སུ༔ རྡོ་རྗེ་བཙུན་མོའི་བདེ་ཆེན་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞུ་བདེའི་ལྷན་སྐྱེས་མངོན་འགྱུར་ཤོག༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཐིག་ལེ་ལྟེ་བར་བཀོད་པས་གཏུམ་མོའི་མེ་འབར༔ ཁམས་ཞུ་བའི་བདེ་བས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱི་ངང་དུ་གྲོལ་བའི་མོས་པ་མཛོད། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་སྒོམ་པ་ལ་དབང་༔ འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ༔ དེས་ཡིད་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། གསུམ་པ་ཐིག་ལེའི་རྣལ་འབྱོར་ནི༔ ལུས་བསྲངས༔ རླུང་རོ་བསལ༔ རང་ལུས་རྩ་འཁོར་ཡི་གེ་དང་བཅས་པ་སྔར་བཞིན་དུ་གསལ༔ ལྷག་པར་ལྟེ་འོག་རྩ་གསུམ་འཛོམས་པར་དྲོད་ཀྱི་དྭངས་མ་ཙཎྜ་ལཱི་ཨ་ཐུང་ཤད་ཀྱི་རྣམ་པ་མེ་འབར་ལ་ཁད་པ་གསལ་གདབ༔ རླུང་སྦྱོར་བ་བཞི་ལྡན་དུ་བཟུང་བས་ཨ་ཤད་ལས་མེ་ཤིན་ཏུ་ཕྲ་བ་འབར༔ རིམ་གྱིས་བསགས་པས་ལྟེ་འོག་གི་རྩ་གསུམ་ནང་དམར་མེར་གྱིས་ཁེངས་པར་བསམ༔ དེ་ནི་གཞི་བཅའ་བའོ༔ དེ་ནས་མེ་དེ་ལས་དྭངས་མ་གློག་གི་ཟེར་མ་ལྟ་བུ་དམར་ཁྱུག་གིས་གཡས་རོ་མ་ནས་བརྒྱུད༔ སྣ་བུག་གི་རླུང་དང་འགྲོགས་ཏེ་ཕྱིར་ཐོན༔ མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཤངས་བུག་གཡོན་ནས་ཞུགས༔ སྐུ་ལ་གནས་པའི་ཡེ་ཤེས་ཀྱི་མེ་དང་འདྲེས༔ ཟག་མེད་ཀྱི་བདེ་ཆེན་བསྐྱེད༔ བདེ་ཆེན་ཡེ་ཤེས་ཀྱི་མེའི་དྭངས་བཅུད་ཤངས་བུག་གཡས་ནས་བརྒྱུད༔ རླུང་དང་འགྲོགས་ཏེ་རང་གི་སྣ་གཡོན་ནས་རྐྱང་མའི་ནང་བརྒྱུད་དེ་ལྟེ་བའི་མེ་ལ་ཐིམ་པས་ཡེ་ཤེས་ཀྱི་གཟི་བྱིན་ལྷག་པར་འབར་བར་བསམས་ལ་རླུང་བཟུང་༔ དེ་ནི་བྱིན་གྱིས་བརླབ་པའོ༔ དེ་ནས་ལྟེ་འོག་གི་གཏུམ་མོའི་མེ་ཆེར་འབར་བས་ལྟེ་བའི་རྩ་འཁོར་ནས་བཟུང་རྩ་ཁམས་ཡི་གེ་དང་བཅས་པ་ལ་རིམ་གྱིས་ཞུགས་ཁམས་སྙིགས་མ་རྣམས་བསྲེགས༔ དྭངས་མ་དངུལ་ཆུ་ལྟ་བུ་ལྷག་པར་འཕེལ༔ རྩ་སྦུབས་ཐམས་ཅད་མེས་ཁེངས་པ་ལས་མཆེད་དེ་ལུས་ཀྱི་ནང་དང་༔ ཕྱི་རོལ་གྱི་བར་དུ་མེ་འབར་བས་རང་ཉིད་རྩ་ཐིག་རླུང་སེམས་དང་བཅས་པ་དྲོད་ཀྱི་ཡེ་ཤེས་ལྷག་པར་འབར་ཞིང་སྐུ་མདོག་ཀྱང་ལྕགས་གོང་དཀར་པོ་མེར་བསྲེགས་པ་ལྟར་དཀར་ལ་དམར་མདངས་ལྷག་པར་འཚེར་བར་བསམ༔ དེ་ནི་གཏུམ་མོའི་མེ་སྦར་བའི་རིམ་པའོ༔ སླར་མེའི་དྭངས་མ་ཤིན་ཏུ་ཕྲ་ཞིང་ལྷག་པར་ཚ་བ་ཞིག་དམར་ཁྱུག་གིས་འཕྲོས་ཏེ་སྤྱི་བོའི་ཧྃ་ལ་རེག་པས་བདེ་ཕྲིལ་གྱིས་སོང་༔ དེ་ལས་བདེ་ཆེན་གྱི་རང་བཞིན་ཀུནྡའི་རྒྱུན་ཕྲ་བ་ནར་གྱིས་བབས་པས་མེ་མར་མནན༔ བདུད་རྩིས་སྤྱི་བོ་ནས་བཟུང་འཁོར་ལོ་བཞི་དང་ཡུལ་ཉེར་བཞིའི་རྩ་ཁམས་ཡི་གེ་ཐམས་ཅད་ལ་ཁྱབ་པས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཏེ་རླུང་བཟུང་༔ དེ་ནི་ཐིག་ལེས་བདེ་བ་སྒྲུབ་པའི་རིམ་པའོ༔ སླར་ཡང་མེ་ཆེར་འབར་བ་དབུ་མའི་ལམ་ནས་ཐལ་གྱིས་སོང་༔ སྤྱི་གཙུག་ནས་ཐོན༔ བདེ་བར་གཤེགས་པ་དང་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་ཤངས་བུག་གཡོན་ནས་ཞུགས༔ ཡེ་ཤེས་ཀྱི་མེ་ལ་ཐིམ་པས་མཆོག་ཏུ་དགྱེས་ཤིང་འབར་བས་བྱང་ཆུབ་སེམས་བཞུ་བཏུལ་བདེ་བ་ཆེན་པོའི་རྒྱུན་ཤངས་བུག་གཡས་ནས་ཐོན༔ རང་གི་རླུང་དང་འགྲོགས་ཏེ་སྣ་བུག་གཡོན་བརྒྱུད་སྤྱི་བོའི་ཧྃ་ལ་རེག་པས་བདེ་ཆེན་བྱང་ཆུབ་སེམས་ཀྱི་ཡེ་ཤེས་ལྷག་པར་རྒྱས་པའི་དྭངས་མ་སྔར་བཞིན་བབས་པས་རྩ་ཐིག་ཡི་གེ་དང་བཅས་པ་ལ་ཁྱབ་ཅིང་མཆོག་ཏུ་མི་འགྱུར་བའི་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས་ལ་རླུང་བཟུང་༔ དེ་ནི་བདེ་བ་ཡེ་ཤེས་སུ་བྱིན་གྱིས་བརླབ་པའི་རིམ་པའོ༔ མཐར་ལུས་སེམས་ལ་བདེ་བའི་ཉམས་སྐྱེས་པ་ལ་ཡིད་གཏད༔ རླུང་དལ་བུས་བཟུང་༔ མིག་ནམ་མཁར་གཏད༔ སེམས་ཀྱིས་ཅིའང་ཡིད་ལ་མི་བྱེད་པར་དུས་གསུམ་གྱི་སྤྲོས་པ་དང་བྲལ་བའི་ངང་བསྐྱང་༔ དེ་ནི་ཡེ་ཤེས་རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་དུ་ལ་བཟླ་བའི་རིམ་པའོ༔ དེ་ལྟར་སྒོམ་པའི་ཐུན་མཚམས་རྣམས་སུ་ཐིག་ལེ་དབབ་བཟློག་དགྲམ་པའི་འཁྲུལ་འཁོར་ཡང་བྱ་བ་གཅེས་སོ༔ ཐིག་ལེ་འཛིན་འགྲེམས་ལ་དབང་ཐོབ་ནས་གཞན་ལུས་ཕོ་ཉའི་མྱུར་ལམ་ཚུལ་བཞིན་དུ་ཉམས་སུ་བླངས་པས་ལྷན་ཅིག་སྐྱེས་པའི་བདེ་བ་མངོན་དུ་འགྱུར་རོ༔ དེས་ནི་གནས་སྐབས་སུ་དྲོད་དང་བདེ་བ་སྐྱེ༔ མི་རྟོག་པའི་གཞི་ཐིངས༔ གཏུམ་མོའི་གོས་དང་བདེ་བའི་ཏིང་འཛིན་གྱིས་འཚོ༔ སྣང་སེམས་རགས་པ་འདྲེས༔ འབྱུང་བཞི་ལ་དབང་བསྒྱུར་བའི་རྫུ་འཕྲུལ་དང་མངོན་པར་ཤེས་པ་ཐོབ༔ སྒྱུ་མ་འོད་གསལ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་བྱེ༔ མཐར་ཐུག་ཐིག་ལེ་འཛག་མེད་དུ་འཆིང་ཞིང་ཟག་བྲལ་གྱི་ཡེ་ཤེས་མངོན་དུ་བྱས་པས་མི་འགྱུར་བའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་གནས་ལུགས་ལ་དབང་སྒྱུར་བར་འགྱུར་རོ༔ དབང་བཞི་པའི་སླད་དུ་དཔོན་སློབ་གཉིས་ཀས་བདེ་བས་དྲངས་པའི་སྟོང་ཉིད་བསམ་གྱིས་མི་ཁྱབ་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངང་དུ་མཉམ་པར་བཞག་ལ། ཨཿ བདེ་ཆེན་རྡོ་རྗེ་ཕག་མོ་ནི༔ སྟོང་ཉིད་སོ་སོ་རང་རིག་པ༔ བསམ་གྱིས་མི་ཁྱབ་དབང་བསྐུར་བས༔ དོན་གྱི་ལྷན་སྐྱེས་མཐར་ཕྱིན་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ༔ དེ་ལྟར་དབང་བཞི་པ་བསྐུར་བས་ཤེས་བྱའི་སྒྲིབ་པ་དག༔ རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒོམ་པ་ལ་དབང་༔ འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ༔ དེས་སྒོ་གསུམ་སྨིན་པར་བྱེད་པ་དབང་བཞི་པ་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། བཞི་པ་ཡེ་ཤེས་ཀྱི་རྣལ་འབྱོར་ནི༔ རང་ཉིད་ལྷ་སྐུ་བདེ་བ་ཆེན་པོའི་རང་བཞིན་རྩ་འཁོར་ཡི་གེ་དང་བཅས་པ་གསལ་བཞིན་པའི་སྙིང་གའི་ཧྲཱིཿལ་སེམས་རྩེ་གཅིག་ཏུ་གཏད༔ སེམས་དང་ཧྲཱིཿཡིག་དབྱེར་མེད་དུ་འདྲེས་པའི་ཉམས་སྐྱེས་པ་ན༔ དེ་ཀའི་ངང་དུ་མཚན་མ་དང་༔ རྣམ་པར་རྟོག་པ་དང་༔ ཡིད་ལ་བྱེད་པ་གཞན་ཐམས་ཅད་སྤངས་ཏེ་མི་ཤིགས་པའི་ཧྲཱིཿདང་མ་བཅོས་པའི་སེམས་གཉུག་མ་བྱ་རྩོལ་དང་བྲལ་བ་དབྱེར་མི་ཕྱེད་པའི་ངང་དུ་མཉམ་པར་བཞག་གོ༔ དེ་ནི་མཚན་མ་དང་བཅས་པའི་རྣལ་འབྱོར་རོ༔ དེ་ནས་ཧྲཱི་ལས་བདེ་བ་ཆེན་པོའི་འོད་ཟེར་འབར་བའི་མེ་ལྟ་བུ་མཁའ་ཁྱབ་ཏུ་འཕྲོས༔ སྣོད་བཅུད་ཐམས་ཅད་ཤིག་ཤིག་མེར་མེར་གཡོས༔ མ་དག་པའི་སྣང་ཞེན་བག་ཆགས་དང་བཅས་པ་སྦྱངས༔ དྭངས་མ་རྡུལ་བྲལ་གྱི་ཡེ་ཤེས་དག་པའི་ཞིང་དང་རྡོ་རྗེ་ཕག་མོའི་སྐུར་ལམ་སྟེ་གསལ་བ་ལ་སེམས་གཏད༔ མཐར་དེ་ཐམས་ཅད་འུབ་ཀྱིས་འདུས་ཏེ་རང་ལྷར་གསལ་བ་ལ་ཐིམ༔ རང་ཉིད་རྩ་ཐིག་ལེ་ཡི་གེ་རླུང་དང་བཅས་པ་སྙིང་གའི་དབུ་མའི་ཧྲཱིཿལ་འདུས༔ དེ་ལ་ཡུན་རིང་དུ་བློ་བཞག༔ མཐར་དེའང་མི་དམིགས་པར་གློག་ཡལ་བ་ལྟར་སྟོང་པར་སྦྱངས་ནས་སེམས་དང་སྟོང་པ་ནམ་མཁའ་དབྱེར་མི་ཕྱེད་པའི་ངང་༔ འདས་པ་ལ་འཕྲོ་མི་མཐུད༔ མ་འོངས་པའི་མདུན་མི་དྲངས༔ ད་ལྟར་གྱི་ཤེས་པ་ལ་རྟོག་དཔྱོད་ཀྱི་ལྷན་པ་མི་གདབ་པར་རང་བཞིན་གཉུག་མ་མ་བཅོས་པ་གསལ་ལ་རྟོག་མེད༔ བདེ་ལ་ཞེན་མེད༔ མི་རྟོག་པ་ལ་འཛིན་པ་མེད་པའི་ངང་དུ་མཉམ་པར་བཞག་གོ༔ དེ་ནི་མཚན་མ་མེད་པའི་རྣལ་འབྱོར་རོ༔ སླར་ཡང་སྟོང་པའི་ངང་ལས་བདེ་བའི་རྡོ་རྗེ་ཕག་མོ་རྩ་འཁོར་ཐིག་ལེ་ཡི་གེ་དང་བཅས་པ་ལམ་གྱིས་གསལ༔ དེ་ཉིད་སྣང་སྟོང་ངོས་གཟུང་མེད་པ་རང་རིག་གཉུག་མའི་ཡེ་ཤེས་དང་དབྱེར་མེད་པར་སེམས་གཟུང་༔ དེ་ནི་ཟུང་འཇུག་གི་རྣལ་འབྱོར་རོ༔ དེ་ལྟར་ཉམས་སུ་བླངས་པས་གནས་སྐབས་སུ་སྣང་བ་སྒྱུ་མར་འཆར༔ སྟོང་པའི་འོད་གསལ་མངོན་དུ་འགྱུར༔ སྣང་སེམས་རོ་གཅིག་ཏུ་འདྲེས༔ ཟུང་འཇུག་གི་རིག་རྩལ་མཁའ་ཁྱབ་ཏུ་ཤར་བས་རྫུ་འཕྲུལ་དང་སྤྱན་དང་མངོན་པར་ཤེས་པ་མཐའ་ཡས་པ་འཐོབ༔ མཐར་ཐུག་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་ཤིན་ཏུ་རྣམ་པར་དག་པའི་གོ་འཕང་ལ་དབང་འབྱོར་པར་འགྱུར་རོ༔ གསུམ་པ་རྗེས་ནི། དེ་ལྟ་བུའི་རྫོགས་པའི་རིམ་པ་ཟབ་མོ་སྒོམ་པའི་སྐབས་ཉིན་པར་ཐུན་མཚམས་སུ་སྣང་བ་གང་ཤར་ཐམས་ཅད་སྒྱུ་མའི་ལུས༔ རྨི་ལམ་གྱི་སྣང་བརྙན༔ ཡེ་ཤེས་ཀྱི་སྐུ༔ བདེ་བ་ཆེན་པོའི་རང་བཞིན་དག་པ་རབ་འབྱམས་སུ་རྩལ་སྦྱང་༔ ཉལ་བའི་སྐབས་སྙིང་གའི་ཧྲཱིཿལ་རླུང་སེམས་བསྡུས་ཏེ་གསལ་ལ་མི་རྟོག་པའི་ངང་དུ་བར་རླུང་འཛིན་བཞིན་གཉིད་ལོག་པས་སྟོང་བཞིའི་འོད་གསལ་ངོས་གཟུང་༔ རྨི་ལམ་ཟིན་པ་དང་༔ སྦྱང་སྤེལ་སྤྲུལ་སྒྱུར་ཀྱང་དེ་ཁོ་ནས་དོན་གྲུབ༔ གལ་ཏེ་ཚེ་འདིར་མཆོག་གི་དངོས་གྲུབ་མངོན་དུ་མ་གྱུར་ན་འཆི་ཁར་འཚང་རྒྱ་བ་འདའ་ཀ་མའི་རྣལ་འབྱོར་ནི། རང་ཕག་མོར་གསལ་བའི་ལུས་དང་དབུ་མའི་སྟོང་ར་བསྒོམ༔ སྙིང་གར་ཚིགས་ཀྱིས་བཅད་པའི་སྟེང་དུ་རླུང་དཀྱིལ་ལ་རླུང་སེམས་ཧྲཱིཿའི་རྣམ་པར་གསལ༔ དེ་ལ་སེམས་རྩེ་གཅིག་ཏུ་གཟུང་༔ ཟིན་པའི་ཉམས་སྐྱེས་པ་ན་མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་ཕག་མོ་གསལ་གདབ༔ གསོལ་བ་དྲག་ཏུ་གདབ༔ འོག་རླུང་གྱེན་དུ་དྲང་༔ སྟེང་རླུང་ཕྱིར་འཕུལ་བ་དང་མཉམ་དུ་ཧྲཱིཿཧྲཱིཿཞེས་བརྗོད་པས་སྙིང་གའི་ཧྲཱིཿདབུ་མའི་ལམ་ནས་གྱེན་དུ་ཡར་གྱིས་སོང་༔ ཧིཀ་ཅེས་དྲག་ཏུ་བརྗོད་པས་ཚངས་པའི་བུ་ག་ནས་མདའ་འཕངས་པ་བཞིན་ཐོན༔ བླ་མ་རྡོ་རྗེ་ཕག་མོའི་གསང་བ་ནས་ཞུགས༔ ཐུགས་ཀའི་ཧྲཱིཿལ་བསྟིམས་ཏེ་ཐུགས་ཡིད་བསྲེ༔ ཡང་ཀ་ཞེས་བརྗོད་པས་ཧྲཱིཿཡིག་ཐོལ་གྱིས་བྱུང་༔ སྟེང་རླུང་མནན་པ་དང་མཉམ་དུ་ཚངས་བུག་ནས་ཞུགས༔ སྙིང་གར་འཁོད་པར་བསམ༔ དེ་ལྟར་ཡང་ཡང་སྦྱང་༔ ཐུན་འཇོག་པ་ན་ཧྲཱིཿཡིག་མར་བབ་རྗེས་བླ་མ་རྡོ་རྗེ་ཕག་མོ་བདུད་རྩིའི་རྣམ་པར་ཞུ༔ སྙིང་གའི་ཧྲཱིཿལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ༔ ཚངས་བུག་ཀྱང་འོད་ཟེར་དཀར་པོས་སྲ་ཞིང་འཐས་པས་བཀག་པར་བསམ༔ སྤྱི་བོ་ཟ་བ་དང་༔ སྐྲངས་པ་དང་༔ ཆུ་སེར་གྱིས་ཟིལ་པ་ཕྲུམ་པ་སོགས་རྟགས་མ་བྱུང་བར་འབད༔ དེ་ནས་དམིགས་པ་མ་བརྗེད་ཙམ་དུ་བསྐྱང་༔ འཆི་བའི་དུས་སུ་བབས་པ་ན་རྣམ་ཤེས་ཧྲཱིཿཡིག་བླ་མའི་ཐུགས་ཀར་བསྟིམས་པ་དང་ལྷན་ཅིག་བླ་མ་རྡོ་རྗེ་ཕག་མོ་མཁའ་སྤྱོད་ཀྱི་ཞིང་དུ་གློག་འཁྱུགས་པ་ལྟར་གཤེགས་པར་བསམས་ལ་བརྗོད་བྲལ་བློ་འདས་གཉུག་མའི་ངང་དུ་མཉམ་པར་བཞག་པས་བར་དོ་མེད་པར་མཁའ་ལ་སྤྱོད་པའི་གོ་འཕང་ཐོབ་པར་འགྱུར་རོ༔ འདའ་ཀ་མ་མ་ཐེབས་ན་བར་དོའི་རྣལ་འབྱོར་གལ་ཆེ་བས༔ ད་ལྟ་ནས་ཉིན་སྣང་སྒྱུ་མ་ལྟ་བུ་དེའང་བར་དོའི་ཡིད་ལུས་སུ་ཤེས་པར་བྱས་ནས༔ སྣང་ཆ་གཟུགས་སྐུ་དང་བསྲེ༔ སྟོང་ཆ་ཆོས་སྐུ་དང་བསྲེ༔ རིག་རྩལ་མ་འགགས་པ་སྤྲུལ་པའི་སྐུ་དང་བསྲེ་བ་གསུམ་ལ་གོམས་པས་བར་དོར་ཡང་དྲན་པས་ཟིན་ཏེ་ལམ་གྱི་འཕྲོ་མཐུད་ཅིང་གྲོལ་བར་འགྱུར་རོ༔ དེ་རྣམས་ནི་ཡན་ལག་གི་རྣལ་འབྱོར་ཏེ༔ དེ་དག་གིས་ཐུགས་འོད་གསལ་རྫོགས་རིམ་དེ་ཁོ་ན་ཉིད་སྒྲུབ་པའི་རྣལ་འབྱོར་བསྟན་ཟིན་ཏོ༔ དེ་རྣམས་ཀྱིས་རྩ་བའི་དབང་བསྐུར་ཁྲིད་དང་བཅས་པ་ལེགས་པར་གྲུབ་པ་ལགས། ༈ །གཉིས་པ་སྨིན་པར་སློབ་པའི་དབང་དུ་བྱས་ནས་མཐའ་རྟེན་ཡན་ལག་གི་དབང་བསྐུར་བ་ལ་གསུམ་ལས། ཐོག་མར་ཐུན་མོང་དུ་གཅེས་པ་ཉམས་ཆགས་སྐོང་བའི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་འབུལ། དེ་ལྟར་མཎྜལ་ཕུལ་ནས་བླ་མ་དང་རྡོ་རྗེ་བཙུན་མོ་དབྱེར་མེད་པ་ལ་ཉམས་ཆགས་སྐོང་བའི་དབང་གི་དོན་དུ་ཐལ་མོ་སྦྱར་བས་བཏུད་དེ་མོས་གུས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བདེ་ཆེན་རྡོ་རྗེ་བཙུན་མོ་དང་༔ དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས༔ དམ་ཚིག་ཉམས་ཆགས་དག་པ་དང་༔ ཡེ་ཤེས་སྨིན་པའི་དབང་བསྐུར་སྩོལ༔ ལན་གསུམ། རྒྱུད་སྦྱང་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་ལ་སོགས་པ་ཡན་ལག་བཅུ་པ་ཚིག་རིས་དང་མཐུན་པར་གསལ་བཏབ་བཞིན་པས་འདི་རྗེས་བཟློས་ལན་གསུམ་མཛོད། ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ ཕྱོགས་བཅུར་བཞུགས་པའི་བླ་མ་དང་༔ ཡི་དམ་ལྷ་དང་མཁའ་འགྲོ་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཚེ་རབས་ཐོག་མེད་སྡིག་ལྟུང་དང་༔ དམ་ཚིག་ཉམས་ཆགས་སྙིང་ནས་བཤགས༔ དགེ་བ་ཀུན་ལ་ཡི་རངས་ཤིང་༔ ཆོས་ཀྱི་འཁོར་ལོ་བསྐོར་བ་དང་༔ མྱ་ངན་མི་འདར་བཞུགས་གསོལ་འདེབས༔ གཞན་དོན་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སྒོ་གསུམ་ལྷ་སྔགས་ཡེ་ཤེས་ལས༔ མི་འདའ་རྡོ་རྗེའི་སྡོམ་པ་གཟུང་༔ བསོད་ནམས་འདི་དང་གཞན་རྣམས་ཀུན༔ མ་ལུས་བློ་ཡིས་ཡོངས་བསྡོམས་ནས༔ ཆོས་ཀྱི་དབྱིངས་སུ་བསྔོས་པའི་མཐུས༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ ལན་གསུམ། དབང་གི་གཞི་དགོད་པའི་སླད་དུ་ དམིག་པ་འདི་ལྟར་གནང་བར་ཞུ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་མོ་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ འོག་མིན་གྱི་ཞིང་ནས་རྡོ་རྗེ་སྙེམས་མ་རིག་པའི་ལྷ་མོའི་ཚོགས་དང་བཅས་པ་སྤྱན་དྲངས༔ དེ་དག་གིས་བཀྲ་ཤིས་པའི་གླུ་གར་དང་གསང་བའི་བུམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཐོད་པའི་བདུད་རྩིའི་དཀྱིལ་འཁོར་སྤྱི་བོར་བཞག་ལ༔ ཨོཾ༔ རང་བྱུང་དབྱིངས་ཀྱི་སྣོད་མཆོག་ཏུ༔ དག་བྱེད་རིག་པའི་བདུད་རྩི་བསྐྱིལ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱུད་དག་ཡེ་ཤེས་ནུས་ཐོབ་ཤོག༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ༔ བྷཉྫ་ཀ་ལ་ཤ་མ་ཧཱ་སུ་ཁ་ཨ་མྲི་ཏ་ཨ་བྷི་ཥིཉྩཱ་མི༔ འཐོར་འཐུང་བྱ༔ དེ་ལྟར་བྱས་པས་བདེ་བ་ཆེན་པོའི་བདུད་རྩིས་ལུས་ཀྱི་གནས་ཀུན་ཏུ་ཁྱབ་པས་ཉམས་ཆགས་རྟོག་སྒྲིབ་ཐམས་ཅད་ལྷག་མེད་དུ་བྱང་ཞིང་༔ ཡེ་ཤེས་ཀྱི་སྐལ་བ་ཁྱད་པར་ཅན་རྒྱུད་ལ་བཞག་པར་མོས་མཛོད༔ ཉམས་སྐོང་བའི་དབང་གི་དངོས་གཞི་མར་མེ་གསལ་བ་འདི་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་རྣམས་སུ་བཞག་ཅིང་མིག་ལམ་དུ་བསྟན་པ་ལ་བརྟེན་ནས་རང་གནས་དབང་བཞིའི་རྡོ་རྗེའི་ཡེ་ཤེས་མངོན་དུ་སད་ནས་སྨིན་པར་གྱུར་པའི་མོས་པ་མཛོད། མར་མེ་གསལ་བ་སྤྱི་བོར་བཞག་ལ༔ ཨོཾ༔ ལུས་གནས་རྩ་ཡི་ཀོང་བུ་རུ༔ སྣང་སྟོང་ཟུང་འཇུག་སྒྲོན་མེ་སྦར༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་ཞེན་ལྷ་སྐུར་དག་པར་ཤོག༔ ཀཱ་ཡ་ཛྙཱ་ན་དཱི་པེ་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པར་བཞག་ལ༔ ཨཱཿ སྲོག་རྩོལ་རླུང་གི་ཀོང་བུ་རུ༔ གསལ་སྟོང་ཟུང་འཇུག་སྒྲོན་མེ་སྦར༔ རིག་ཀྱི་བུ་ལ་དབང་བསྐུར་བས༔ ལས་རླུང་སྔགས་སུ་རྫོགས་པར་ཤོག༔ ཝཱ་ཀ་ཛྙཱ་ན་དཱི་པེ་ཨ་བྷི་ཥིཉྩ་ཨཱཿ སྙིང་གར་བཞག་ལ༔ ཧཱུྃ༔ དཀར་དམར་ཐིག་ལེའི་ཀོང་བུ་རུ༔ བདེ་སྟོང་ཟུང་འཇུག་སྒྲོན་མེ་སྤར༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷན་སྐྱེས་ཡེ་ཤེས་སྨིན་པར་ཤོག༔ ཙིཏྟ་ཛྙཱ་ན་དཱི་པེ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་མིག་སྒོར་བསྟན་ལ༔ ཧོ༔ ཆོས་ཅན་རྟོག་པའི་ཀོང་བུ་རུ༔ རིག་སྟོང་ཟུང་འཇུག་སྒྲོན་མེ་སྦར༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབྱིངས་རིག་དབྱེར་མེད་མངོན་འགྱུར་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་དཱི་པེ་ཨ་བྷི་ཥིཉྩ་ཧོ༔ དེ་ལྟར་དབང་བཞི་བསྐུར་བ་ལས༔ ཡུལ་ཀུན་སྣང་སྟོང་ལྷ་སྐུར་ཤར༔ ཡུལ་ཅན་གསལ་ལ་མི་རྟོག་ངང་༔ ལྷན་ཅིག་སྐྱེས་པའི་བདེ་བས་ཚིམ༔ འོད་གསལ་ཡེ་ཤེས་མངོན་གྱུར་བསམ༔ ཞེས་རྟོགས་པ་བརྗོད་པའི་དོན་ལ་ངེས་པ་བརྟན་པོ་དང་བཅས་ཏེ་ཡིད་གཞན་དུ་མ་ཡེངས་པར་འདུན་པ་རྩེ་གཅིག་པས་མར་མེའི་སྨོན་ལམ་འདི་ལྷན་ཅིག་ཏུ་གསུང་བར་ཞུ། ཧོ༔ གསང་མཆོག་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་ལྕམ་གྱིས༔ བསྙེན་སྒྲུབ་སྐོང་བའི་ཆོ་གར་བརྩོན་པའི་མཐུས༔ རྒྱུད་དག་དངོས་གྲུབ་རྣམ་གཉིས་རྒྱས་པར་ཤོག༔ བུམ་དབང་དམ་ཚིག་ཉམས་ཆགས་སོར་ཆུད་ཅིང་༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་གོང་དུ་འཕེལ༔ ཐུན་མོང་ལས་ཀྱི་ཚོགས་ཀུན་འགྲུབ་པ་དང་༔ ཀུན་ཏུ་འོད་ཀྱི་ས་ལ་དབྱུགས་ཕྱུང་ཞིག༔ གསང་བའི་དབང་གི་དམ་ཚིག་ཉམས་ཆགས་བྱང་༔ གསལ་སྟོང་ཟུང་འཇུག་ཡེ་ཤེས་གོང་དུ་འཕེལ༔ རླུང་སེམས་ལྷ་སྐུའི་ཕྱག་རྒྱ་འགྲུབ་པ་དང་༔ པདྨ་ཅན་གྱི་ས་ལ་ཕྱིན་པར་ཤོག༔ གསུམ་པའི་དབང་གི་དམ་ཚིག་ཉམས་ཆགས་དག༔ བདེ་སྟོང་ཟུང་འཇུག་ཡེ་ཤེས་གོང་དུ་འཕེལ༔ འོད་གསལ་ངང་ལས་ལྷན་སྐྱེས་སྒྱུ་མའི་སྐུ༔ འཁོར་ལོའི་ཚོགས་ཆེན་བདེ་བས་དབུགས་ཕྱུང་ཞིག༔ དོན་གྱི་དབང་གི་དམ་ཚིག་ཉམས་ཆགས་གྲོལ༔ རིག་སྟོང་ཟུང་འཇུག་ཡེ་ཤེས་གོང་དུ་འཕེལ༔ སློབ་པ་མིན་པའི་གོ་འཕང་ལ་བརྟེན་ནས༔ ཡེ་ཤེས་བླ་མའི་ས་ལ་ལྷུན་རྫོགས་ཤོག༔ ཚེ་འདིར་འབྲས་བུ་མངོན་དུ་མ་གྱུར་ན༔ འཆི་བ་འོད་གསལ་ཆོས་སྐུའི་དབྱིངས་སུ་ཐིམ༔ བར་དོ་ལོངས་སྤྱོད་རྫོགས་པའི་ཕྱག་རྒྱར་བཞེངས༔ སྐྱེ་སྲིད་སྤྲུལ་པས་འགྲོ་དོན་ལྷུན་གྲུབ་ཤོག༔ རླུང་སེམས་འཁྲུལ་སྣང་མུན་པ་འཆར་སྲིད་ཚེ༔ ཡེ་ཤེས་མར་མེའི་སྣང་བས་ཤུལ་མཚོན་ཏེ༔ བདེ་སྟོང་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ མཁའ་སྤྱོད་དག་པའི་ཞིང་དུ་དབུགས་ཕྱུང་ཞིག༔ མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར༔ བཀའ་དྲིན་ཅན་གྱི་རྡོ་རྗེ་སློབ་དཔོན་དང་༔ ནམ་ཡང་མི་འབྲལ་བྱིན་གྱིས་བརླབས་པ་ལས༔ ཕྱམས་གཅིག་གདོད་མའི་ས་ལ་གྲོལ་བར་ཤོག༔ ཅེས་འདུན་པ་རྩེ་གཅིག་པས་བཏབ་པས་རང་རྒྱུད་ཀྱི་དབང་བཞིའི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་གྱུར་པ་ལ་དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བཀྲ་ཤིས་ཀྱི་མངའ་གསོལ་བའི་མོས་པ་མཛོད། སྣང་སྲིད་ལྷ་ཡི་འཁོར་ལོར་དག །སྒྲར་གྲགས་བདེ་ཆེན་སྔགས་སུ་སྨིན། །དྲན་རྟོག་ཡེ་ཤེས་དབྱིངས་སུ་སད། །གསང་གསུམ་མངོན་གྱུར་བཀྲ་ཤིས་ཤོག །དེས་ནི་དབང་བཞིའི་ཉམས་ཆགས་དང་༔ སྒོ་གསུམ་ཆ་མཉམ་དང་བཅས་པའི་སྡིག་སྒྲིབ་དག༔ ལམ་གྱི་ཡེ་ཤེས་བཞི་གོང་དུ་འཕེལ༔ འབྲས་བུ་སྐུ་བཞི་མྱུར་དུ་འགྲུབ་པའི་སྐལ་བ་ཅན་དུ་འགྱུར་བ་ཡིན་ནོ། །དེས་ཉམས་ཆགས་སྐོང་བའི་དབང་གྲུབ་པ་ལགས། ༈ །གཉིས་པ་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་བདུད་རྩི་སྨན་གྱི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ། དེ་ལྟར་མཎྜལ་ཕུལ་ནས་བླ་མ་དང་རྡོ་རྗེ་བཙུན་མོ་དབྱེར་མེད་པ་ལ་བདུད་རྩི་སྨན་གྱི་དབང་གི་དོན་དུ་ཐལ་མོ་སྦྱར་བས་བཏུད་དེ་མོས་གུས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བདེ་ཆེན་རྡོ་རྗེ་བཙུན་མོ་དང་༔ དབྱེར་མེད་ཁྱབ་བདག་ཧེ་རུ་ཀས༔ མཐོང་ཚོར་མྱང་རེག་གྲོལ་བ་ཡི༔ བདུད་རྩི་མཆོག་གི་དབང་བསྐུར་སྩོལ༔ ལན་གསུམ། རྒྱུད་སྦྱང་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་ལ་སོགས་པ་ཡན་ལག་བཅུ་པ་ཚིག་རིས་དང་མཐུན་པར་གསལ་བཏབ་བཞིན་པས་འདི་རྗེས་བཟློས་ལན་གསུམ་མཛོད། ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ ཕྱོགས་བཅུར་བཞུགས་པའི་བླ་མ་དང་༔ ཡི་དམ་ལྷ་དང་མཁའ་འགྲོ་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཚེ་རབས་ཐོག་མེད་སྡིག་ལྟུང་དང་༔ དམ་ཚིག་ཉམས་ཆགས་སྙིང་ནས་བཤགས༔ དགེ་བ་ཀུན་ལ་ཡི་རངས་ཤིང་༔ ཆོས་ཀྱི་འཁོར་ལོ་བསྐོར་བ་དང་༔ མྱ་ངན་མི་འདར་བཞུགས་གསོལ་འདེབས༔ གཞན་དོན་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སྒོ་གསུམ་ལྷ་སྔགས་ཡེ་ཤེས་ལས༔ མི་འདའ་རྡོ་རྗེའི་སྡོམ་པ་གཟུང་༔ བསོད་ནམས་འདི་དང་གཞན་རྣམས་ཀུན༔ མ་ལུས་བློ་ཡིས་ཡོངས་བསྡོམས་ནས༔ ཆོས་ཀྱི་དབྱིངས་སུ་བསྔོས་པའི་མཐུས༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ ལན་གསུམ། དབང་གི་གཞི་དགོད་པའི་སླད་དུ་ དམིག་པ་འདི་ལྟར་གནང་བར་ཞུ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་མོ་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ འོག་མིན་གྱི་ཞིང་ནས་རྡོ་རྗེ་སྙེམས་མ་རིག་པའི་ལྷ་མོའི་ཚོགས་དང་བཅས་པ་རྣམས་དང་གཞན་ཡང་ཕྱོགས་བཅུ་དུས་བཞིའི་རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་རྒྱལ་ཡུམ་རྡོ་རྗེ་བཙུན་མོའི་གསང་བ་གསུམ་གྱི་རྣམ་པར་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་རླབས་པའི་མོས་པ་མཛོད། སྤོས་དང་ཌཱ་དྲིལ་བཅས། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་ཡང་ཡང་བརྗོད་པས་དབབ། ཏིཥྛ་བཛྲས་བརྟན་པར་བྱས་ལ། དངོས་གཞིའི་དབང་རྣམས་བསྐུར་བའི་དོན་དུ་དམིགས་པ་འདི་ལྟར་མཛད་པར་ཞུ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་པའི་རང་བྱུང་པདྨ་བྷནྡྷའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་བདུད་རྩི་བདེ་བ་ཆེན་པོའི་ཕོ་བྲང་དུ་ལྷུན་གྱིས་གྲུབ་པའི་དབུས་སུ། པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ། རིལ་བུ་རྣམས་ཧྲཱིཿལས་བཅོམ་ལྡན་འདས་མ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཨོཾ༔ བདེ་གཤེགས་སྐུ་དང་དབྱེར་མེད་པའི༔ བདུད་རྩི་མཆོག་གི་དབང་བསྐུར་བས༔ མཐོང་བའི་དངོས་ཀུན་ལྷ་རུ་དག༔ བུམ་དབང་ཡེ་ཤེས་སྨིན་པར་ཤོག༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱི༔ཋ༔ ཀཱ་ཡ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྤྱི་བོར་བཞག །མིག་ལམ་དུ་བསྟན་ཅིང༌། དེང་ཕྱིན་ཆད་ཅིར་སྣང་དག་པ་རབ་འབྱམས་སུ་ངོ་ཤེས་པས་སྣང་སྟོང་ལྷ་ཡི་འཁོར་ལོར་སད་བུམ་དབང་གི་ཡེ་ཤེས་རྒྱུད་ལ་སྨིན་པའི་མོས་པ་མཛོད། མགྲིན་པར་བཞག་ལ༔ ཨཱཿ བདེ་བཤེགས་གསུང་དང་དབྱེར་མེད་པའི༔ བདུད་རྩི་མཆོག་གི་དབང་བསྐུར་བས༔ ཚོར་བའི་འགྲོ་འོང་སྔགས་སུ་ཤར༔ གསང་དབང་ཡེ་ཤེས་སྨིན་པར་ཤོག༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱི༔ཋ༔ ཝཱ་ཀ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨཱཿ རིལ་བུ་མེ་ལ་སྲེག་པའི་དྲི་ཚོར་དུ་གཞུག་ལ། རིལ་བུ་ལྷར་གསལ་བ་ཧྲཱིཿཡིག་གི་རྣམ་པ་བདུག་པའི་སྤྲིན་དུ་གྱུར་པ་ཚོར་བས་རྣམ་པར་གྲོལ་བར་མོས་ལ༔ དེང་ཕྱིན་ཆད་སྒྲར་གྲགས་པ་ཐམས་ཅད་གསལ་སྟོང་ཟུང་འཇུག་སྔགས་ཀྱི་རང་བཞིན་དུ་ངོ་ཤེས་པས་གསང་དབང་གི་ཡེ་ཤེས་རྒྱུད་ལ་སྨིན་པའི་མོས་པ་མཛོད། སྙིང་གར་བཞག་ལ༔ ཧཱུྃ༔ བདེ་གཤེགས་ཐུགས་དང་དབྱེར་མེད་པའི༔ བདུད་རྩི་མཆོག་གི་དབང་བསྐུར་བས༔ མྱངས་པས་བདེ་ཆེན་རྟོགས་པ་འབར༔ གསུམ་པའི་ཡེ་ཤེས་སྨིན་པར་ཤོག༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ རིལ་བུ་ལྷར་གསལ་བ་ཐམས་ཅད་ཧྲིཿཡིག་འབའ་ཞིག་གི་རྣམ་པས་ཁ་སྒོ་ནས་ཞུགས༔ སྙིང་གའི་ཧྲཱིཿ་ལ་ཐིམ་པས་བདེ་བས་ཐབས་བྱས་པའི་ལྷན་སྐྱེས་མངོན་དུ་བྱས་པའི་མོས་པ་དང་བཅས་ཏེ་རིལ་བུ་རེ་རེ་ཁྱུར་མིད་མཛད་པར་ཞུ། དེང་ཕྱིན་ཆད་ཡིད་ཀྱི་དྲན་རྟོག་ཐམས་ཅད་བདེ་སྟོང་ཟུང་འཇུག་ཐུགས་ཀྱི་ཡེ་ཤེས་སུ་ངོ་ཤེས་པས་དབང་གསུམ་པའི་ཡེ་ཤེས་རྒྱུད་ལ་སྨིན་པའི་མོས་པ་མཛོད། རིལ་བུ་ལག་ཏུ་གཏད་ལ༔ ཧོ༔ བདེ་གཤེགས་དབྱིངས་དང་དབྱེར་མེད་པའི༔ བདུད་རྩི་མཆོག་གི་དབང་བསྐུར་བས༔ རེག་པས་གཟུང་འཛིན་རྟོག་ལས་གྲོལ༔ དོན་གྱི་ཡེ་ཤེས་སྨིན་པར་ཤོག༔ ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧོ༔ སྤྲོ་ན་སྙིང་གར་ཐིག་ལེ་བྱ༔ དེང་ཕྱིན་ཆད་ཆོས་ཐམས་ཅད་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིག་སྟོང་ཟུང་འཇུག་གཉུག་མ་འགྲོ་འོང་དང་བྲལ་བར་ངོ་ཤེས་པས་དབང་བཞི་པའི་ཡེ་ཤེས་རྒྱུད་ལ་སྨིན་པའི་མོས་པ་མཛོད་ལ་རིག་པ་སྤྲོ་བསྡུ་བྲལ་བའི་ངང་དུ་ལྷོད་ཀྱིས་ཀློད་ལ་ཅུང་ཟད་གཅིག་མཉམ་པར་འཇོག་པར་ཞུ། དེ་ལྟར་བདུད་རྩིའི་དབང་བཞི་བསྐུར་བས༔ ལུས་ངག་ཡིད་གསུམ་ཆ་མཉམ་དང་བཅས་པའི་རྟོག་སྒྲིབ་བག་ཆགས་དང་བཅས་པ་དག༔ སྣང་སྟོང་གྲགས་སྟོང་བདེ་སྟོང་རིག་སྟོང་ཟུང་དུ་འཇུག་པའི་ལམ་བཞི་སྒོམ་པ་ལ་དབང་༔ སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པས་མཐོང་ཚོར་མྱང་རེག་ཐམས་ཅད་གྲོལ་བའི་རྟེན་འབྲེལ་བསྒྲིགས༔ མཐར་ཐུག་སྐུ་བཞིའི་གོ་འཕང་མངོན་དུ་འགྱུར་བའི་སྐལ་བ་རྒྱུད་ལ་བཞག་པར་མོས་མཛོད། མེ་ཏོག་འཐོར་བ་དང་བཅས། ཨོཾཿ བཀྲ་ཤིས་གང་ཞིག་རྡོ་རྗེ་བཙུན་མོའི་གསང་གསུམ་གྱི༔ བདེ་ཆེན་བདུད་རྩི་རྟག་པ་དམ་པའི་དབང་བསྐུར་བས༔ མཐོང་ཚོང་མྱོང་རེག་ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་དང་༔ དབྱེར་མེད་ཤིན་ཏུ་རྣམ་པར་གྲོལ་བའི་བཀྲ་ཤིས་ཤོག༔ ཅེས་ཤིས་པར་བརྗོད། དེ་ལྟར་བསྒྲུབས་པའི་ཕན་ཡོན་ཀྱང་རྒྱུད་ལས༔ བཅོམ་ལྡན་རྡོ་རྗེ་བཙུན་མོ་ཡི༔ གྲོལ་བའི་ཕྲིན་ལས་ཤུགས་ཕྱུང་བ༔ བདུད་རྩི་མཆོག་འདིར་འབྲེལ་ཚད་ཀུན༔ གནས་སྐབས་ཚེ་སྲིང་ཉམས་ཆག་སྐོང་༔ ཡིད་འཕྲོག་དབང་འགྱུར་ནད་གདོན་ཞི༔ གཏུམ་ཆེན་དྲག་པོའང་ལྷན་ནེར་འགྱུར༔ མཐར་ཐུག་མཐོང་ཚོར་མྱོང་དང་རེག༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ༔ དཔའ་བོ་མཁའ་འགྲོའི་འདུ་བ་ཐོབ༔ བདེ་ཆེན་ཡེ་ཤེས་རྩོལ་མེད་སྐྱེ༔ ཚེ་གཅིག་རྣམ་གྲོལ་ཆེ་ལ་སྦྱོར༔ ཞེས་སོགས་རྒྱ་ཆེར་གསུངས་སོ། །དེས་བདུད་རྩི་སྨན་གྱི་དབང་བསྐུར་བ་གྲུབ་པ་ལགས། ༈ །གསུམ་པ་མཐའ་རྒྱས་བཀྲ་ཤིས་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་མདུན་བསྐྱེད་ཁྱེད་རང་རྣམས་དང་བཅས་པའི་ཐུགས་ཀར་ཡེ་ཤེས་སེམས་མའི་ཐུགས་ཀའི་དབུས་སུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་ལྟེ་བར་ཁ་ཊཱྃ་ག་དཀར་པོ་ལྟེ་བར་ཧྲཱིཿས་མཚན་པ། ཞིག་གསལ་བཏབ་ནས་སློབ་དཔོན་ལ་འཆི་མེད་ཚེ་ཡི་དབང་བསྐུར་བ་སྩལ་དུ་གསོལ་སྙམ་པའི་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས། ཐུགས་སྲོག་ལས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་ཀར་ཞུགས༔ ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འབར་བའི་རྩེ་ལས་རྡོ་རྗེ་ཕོ་ཉ་མོའི་ཚོགས་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་༔ འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་སྤྱན་དྲངས༔ རང་དང་སྒྲུབ་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། མདའ་དར་གཡབ་ཅིང་༔ ཨོཾ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡུམ༔ ཚེ་དང་ཡེ་ཤེས་དབང་ཕྱུག་མ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ རྩེ་གཅིག་གུས་པས་བསྒྲུབས་ལགས་ན༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཕོ་ཉ་མང་པོའི་ཚོགས་དང་བཅས༔ འོད་དང་འོད་ཟེར་མཁའ་ཁྱབ་སྤྲོས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བླ་ཚེ་ཆད་ཉམས་ཡར་བ་དང་༔ སྡེ་བརྒྱད་འབྱུང་པོས་ཕྲོགས་པ་ཁུག༔ འབྱུང་བཞིའི་དྭངས་བཅུད་སྐྱེ་འགྲོའི་ཚེ༔ རྒྱལ་བ་སྲས་དང་བཅས་པ་ཡི༔ རྒྱུན་གྱིས་རྟག་པའི་ཡེ་ཤེས་བྱིན༔ འཆི་མེད་བདུད་རྩིའི་རྣམ་པར་སྡུས༔ བདག་ཅག་རྣམས་ལ་སྩལ་ནས་ཀྱང་༔ དུས་མིན་འཆི་བའི་བར་ཆད་ཞི༔ ཚེ་བསོད་དཔལ་འབྱོར་རྟོགས་པ་རྒྱས༔ རྡོ་རྗེའི་སྐུ་མཆོག་འགྲུབ་མཛད་གསོལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ དེ་ལྟར་བསྡུས་པའི་ཚེ་བཅུད་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྙིང་གའི་ཚེ་རྟེན་ལ་ཐིམ་པའི་མོས་པ་མཛོད། དེ་ནས་དངོས་གཞིའི་ཚེ་ཡི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། སྣོད་རང་བྱུང་པདྨ་བྷཉྫ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཞལ་མེད་ཁང་ཆེན་པོར་བཅུད་འཆི་མེད་ཚེའི་ལྷ་ཚོགས་སུ་གདོད་ནས་ལྷུན་གྱིས་གྲུབ་པའི་སྒྲུབ་རྫས། ཁྱེད་རང་རྣམས་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་རྣམས་སུ་རིམ་པར་བཞག་ཅིང་དབང་བསྐུར་བ་ལ་བརྟེན་ནས་གསང་བ་གསུམ་གྱི་རྡོ་རྗེའི་ཡེ་ཤེས་ཀྱི་འཆི་མེད་གདོད་མའི་གནས་ལུགས་མངོན་དུ་གྱུར་ཏེ་ཚེའི་དབང་ཐོབ་པའི་མོས་པ་མཛོད། སྒྲུབ་རྫས་སྤྱི་བོར་བཞག་ལ། ཨོཾ༔ འཆི་མེད་རྡོ་རྗེ་ཕག་མོ་ཡི༔ མི་འགྱུར་སྐུ་ཡི་ཡེ་ཤེས་ཚེ༔ རྣལ་འབྱོར་དབུ་མའི་ཐིག་ལེར་སྟིམས༔ སྐུ་ཡི་རྡོ་རྗེར་མཛད་དུ་གསོལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཀཱའ་ཡ་སིདྡྷི་ཨོཾ༔ མགྲིན་པར་རེག་ལ༔ ཨཱཿ འཆི་མེད་རྡོ་རྗེ་ཕག་མོ་ཡི༔ རྡོ་རྗེའི་གསུང་གི་ཡེ་ཤེས་ཚེ༔ རྣལ་འབྱོར་སྲོག་གི་སྙིང་པོར་སྟིམས༔ གསུང་གི་རྡོ་རྗེའི་མཛད་དུ་གསོལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཝཱ་ཀ་སིདྡྷི་ཨཱཿ སྙིང་གར་རེག་ལ༔ ཧཱུྃ༔ འཆི་མེད་རྡོ་རྗེ་ཕག་མོ་ཡི༔ རྡོ་རྗེའི་ཐུགས་ཀྱི་ཡེ་ཤེས་ཚེ༔ རྣལ་འབྱོར་གཉུག་མའི་དབྱིངས་སུ་སྟིམས༔ ཐུགས་ཀྱི་རྡོ་རྗེར་མཛད་དུ་གསོལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཚེའི་བཟའ་བཏུང་རོལ་ལ༔ ཧོཿ ཐབས་ཤེས་ཚེ་ཡི་རིལ་བུ་དང་༔ ཚེ་ཡི་བདུད་རྩི་ལ་བརྟེན་ནས༔ དུས་མིན་འཆི་བ་ཀུན་ཞི་ཞིང་༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་དབང་བསྐུར་བས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ༔ འཆི་མེད་རྡོ་རྗེ་ཕག་མོ་དང་སྐལ་བ་མཉམ་པར་གྱུར་པའི་མོས་པ་མཛོད། ཚེ་རྒྱས་གདབ་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། ཚེ་བཅུད་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྙིང་གའི་ཚེ་རྟེན་ལ་འདུས་ཤིང་དབུ་མའི་ཡས་མར་གྱི་སྒོ་ཐིག་ལེ་དཀར་དམར་གྱིས་བཅད༔ ལུས་ལ་རྡོ་རྗེའི་གུར་ཁྱིམ་གྱི་གཡོགས་པར་གྱུར་པའི་མོས་པ་མཛོད། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཨཿ རྟག་པ་རྒྱུན་གྱི་ཡེ་ཤེས་ཚེ༔ མི་འགྱུར་གཉུག་མའི་ཐིག་ལེར་ཐིམ༔ བདེ་སྟོང་རྡོ་རྗེས་རྒྱས་བཏབ་ནས༔ ཆོས་ཀྱི་དབྱིངས་སུ་ཚེ་སྦའོ༔ ཨ་ཨ་ཨ༔ ཞེས་བརྗོད། མེ་ཏོག་འཐོར་ལ་དེ་ལྟར་རྩ་བ་དང་ཡན་ལག་གི་དབང་བསྐུར་བ་ཡོངས་སུ་རྫོགས་པར་ཐོབ་ཅིང་ཁྱེད་རང་རྣམས་ལྷན་སྐྱེས་རྡོ་རྗེ་བཙུན་མོའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པ་ལ་སློབ་དཔོན་དཀྱྀལ་འཁོར་པ་དང་བཅས་པས་ཤིས་པར་བརྗོད་པས་མངའ་གསོལ་བའི་མོས་པ་མཛོད། ཨོཾ༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ༔ ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ རྡོ་རྗེ་བཙུན་མོ་དགྱེས་པ་ཆེ༔ ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔ གནས་ཡུལ་དུར་ཁྲོད་མཁའ་འགྲོའི་ཚོགས༔ སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔ མཆོག་དང་ཐུན་མོང་དངོས་གྲུབ་ཀྱིས༔ རྟག་ཏུ་དགེ་བའི་བཀྲ་ཤིས་ཤོག༔ ཅེས་ཤིས་པར་བརྗོད། དེ་ལྟར་རྩ་བ་དང་ཡན་ལག་གི་དབང་བསྐུར་བ་རྣམས་རྒྱས་པར་གྲུབ་ནས། སྨིན་གྲོལ་ཐམས་ཅད་ཀྱི་སྲོག་དམ་ཚིག་རྣམ་པར་དག་པའི་ཚུལ་དུ་བསྒྲུབ་དགོས་ཏེ། རྒྱུད་ལས༔ རྡོ་རྗེ་ཕག་མོའི་དམ་ཚིག་ནི༔ སྤྱི་དང་ཁྱད་པར་ལྷག་པས་བསྟན༔ ཐུན་མོང་སྤྱི་ཡི་དམ་ཚིག་ཏུ༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས༔ ཇི་སྐད་གསུངས་ཤིང་དམ་བཅས་པ༔ ཁ་ན་མ་ཐོ་མེད་པར་བསྲུང་༔ ཁྱད་པར་ནང་གི་དམ་ཚིག་ཏུ༔ རྩ་བའི་ལྟུང་བ་བཅུ་བཞི་དང་༔ ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད༔ དབང་བཞིའི་མཉམ་རྗེས་བཟའ་བ་དང་༔ བཅང་དང་བསྲུང་བ་དག་པར་བྱ༔ ལྷག་པ་གསང་བའི་དམ་ཚིག་ནི༔ སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ༔ སེམས་ཅན་རྣམས་ལ་བྱམས་པ་བསྒོམ༔ རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ༔ གདུག་ཅིང་གཏུམ་པའི་སྤྱོད་པ་བྱ༔ རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ༔ དངོས་པོ་གང་ལའང་ཆགས་མི་བྱ༔ པདྨ་མཁའ་འགྲོའི་དམ་ཚིག་ཏུ༔ སྨྲ་ཞིང་བུད་མེད་བསྟེན་པར་བྱ༔ ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ རྒྱུག་ཅིང་མཆོད་པའི་སྤྱོད་པ་བྱ༔ མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ༔ ཤེས་རབ་བདུད་རྩི་རྣམ་ལྔ་བསྟེན༔ ཤ་ཆེན་བཟའ་ཞིང་ཅང་ཏེའུ་བརྡུང་༔ རུས་པའི་རྒྱན་འཆང་གར་སྟབས་བཅས༔ དུར་ཁྲོད་འཇིགས་པར་སྤྱོད་པ་བསྐྱང་༔ སྦྱོར་སྒྲོལ་བརྟུལ་ཞུགས་མཐར་དབྱུང་ངོ་༔ བསྡུས་པའི་དམ་ཚིག་རྣམ་གསུམ་ནི༔ མི་ཕོད་རྫི་དང་འཁྲི་བ་གཅོད༔ ཞེན་པ་ལྡོག་པ་རྣམས་གསུམ་ཡིན༔ སྣང་ཡུལ་མི་ཕོད་ཐོག་ཏུ་བརྫི༔ འཁྲི་བ་ཟས་ནོར་གཏམས་ལ་བཅད༔ ཞེན་པ་གཉེན་འཁོར་གཡོག་ལ་ལྡོག༔ ཅིལའང་མ་ཆགས་མ་ཞེན་པར༔ ཟང་ཐལ་རིག་པ་རྗེན་པར་བསྐྱང་༔ འདི་ནི་མཆོག་གི་དམ་ཚིག་ཡིན༔ ཅེས་གསུངས་པས་མཚོན་སྤྱྀ་དང་ཁྱད་པར་ལྷག་པའི་དམ་ཚིག་གིས་བསྡུས་པ་མཐའ་དག་ཅི་ནུས་སུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར། སོགས་དང་མཎྜལ་ལུས་དབུལ་རྣམས་སྤྱི་ལྟར་བྱ། དེ་ནས་སློབ་དཔོན་གྱིས་ཚོགས་ལ་རོལ། ལས་བྱང་གི་ལྷག་མ་བཏང་བ་ནས༌། བསྔོ་སྨོན་ཤིས་བརྗོད་ཀྱི་བར་བྱས་པས་འགྲུབ་བོ། །དེ་ལྟར་ཅུང་ཟད་འབད་པའི་ལེགས་བྱས་མཐུས། །གཏི་མུག་མུན་པར་འཁྱམས་པའི་ཁམས་གསུམ་འགྲོ། །དགའ་བ་གསུམ་གྱི་རྣལ་འབྱོར་མཐར་ཕྱིན་ཏེ། །མཁའ་སྤྱོད་གནས་སུ་བདེ་བའི་གར་བྱེད་ཤོག །ཅེས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཟིན་ཐོའི་དགོངས་དོན་དང་མཐུན་པར་གཏེར་གཞུང་ལ་མཚམས་སྦྱོར་མདོར་བསྡུས་པས་བརྒྱན་ཏེ་རང་འདྲའི་ཤེས་བརྩོན་ཞན་ཀྱང་རྡོ་རྗེ་སློབ་དཔོན་གྱི་ཁུར་བཟུང་བ་དག་ལ་ཕན་པའི་བསམ་པས་༧འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་ཞལ་སྔ་ནས། ཟབ་ཆོས་འདི་དག་གི་བདག་པོར་དབུག་དབྱུང་ཐོབ་པ་ཕུན་ཚོགས་རྣམ་རྒྱལ་པས། ༢༠༠༨ ལོར་བཀའ་བབས་སྐོར་བསྐྱར་བསྒྲིག་སྐབས་བོད་ཟླ་གསུམ་པའི་ཚེས་གསུམ་ལ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་རང་གནས་ཀྱི་ཁང་བུར་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ།། །། | {{TibP|༁ྃ༔ ཡང་གཏེར་ཕག་དཀར་གསང་ཆེན་ཐུགས་ཏིག་གི་དབང་བསྐུར་གྱི་ཆོ་ག་ལྷན་སྐྱེས་ཡེ་ཤེས་སྦྱིན་པའི་འདོད་འཇོ་ཞེས་བྱ་བ་བཞུགས་སོ།། སྐྱེ་མེད་ཡེ་ཤེས་མཁའ་འགྲོའི་སྐུ། །རྡོ་རྗེ་ཕག་མོ་ལ་བཏུད་ནས། །དེ་ཡི་དཀྱིལ་འཁོར་ཆེན་པོ་རུ། །སྨིན་བྱེད་ཆོ་ག་འདིར་གསལ་བྱ། །དེ་ལ་ངོ་མཚར་རྨད་དུ་བྱུང་བའི་གསང་བ་ཆེན་པོ་ཕག་དཀར་ཡེ་ཤེས་འཁོར་ལོའི་དབང་བསྐུར་ཡན་ལག་དང་བཅས་པའི་ཚུལ་ལ། ཐོག་མར་གཤོམ་གྱི་རིམ་པ་ནི། སྟེགས་བུར་བདུད་རྩི་ལྔའི་ཆུས་ཆག་ཆག་གདབ་པ་ལ། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་གྲི་གུག་འཁོར་ལོས་མཚན་པའམ་ཧྲཱིཿཡིག་དཀར་པོ་གང་རུང་བྲི། མཐའ་བསྐོར་དུར་ཁྲོད་བརྒྱད་དང་རྡོ་ར་མེ་རིས་བསྐོར་བ་དགོད། མ་འབྱོར་ན་མཎྜལ་བདུད་རྩིས་བརླན་པ་ལ་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད། དེའི་དབུས་སུ་མཉྫིའི་སྟེང་དུ་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་ལ་སིནྡྷཱུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མའི་དབུས་སུ་ཧྲཱིཿ གྲྭ་བཞིར་དགའ་བ་འཁྱིལ་བས་མཚན་པ་བྲིས་ལ་བཀབ། གཡས་སུ་འདི་ཉིད་ཀྱི་སྒོ་ནས་སྔར་བསྒྲུབས་པའི་བདུད་རྩི་རིལ་བུ་ཡོད་ན་རབ། མེད་ན་ཆོས་སྨན་ནམ་རིལ་བུ་གང་འཛོམ་ཕོ་མོའི་ཐོད་པ་ཁ་སྦྱོར་དུ་བཅུག་ལ་དར་སྣས་དྲིལ། དབུ་རྒྱན་དང་རྡོར་དྲིལ་བཅིངས་པ་བཀོད། གཡོན་དུ་མར་མེ་གསལ་བ། མདུན་དུ་ཐོད་པ་མཚན་ལྡན་དུ་གཞུང་གསལ་ཚེ་རིལ་བླུགས་ལ་དར་དམར་གྱིས་ཁ་བཅད་པ་དང་ཚེ་ཆང་བཞག །སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད། གཏོར་འབུལ་དང་ཚོགས་ཀྱི་ལོངས་སྤྱོད་སོགས་ཕྲིན་ལས་དང་དབང་གི་སྐབས་སུ་མཁོ་བ་སྤྱི་མཐུན་རྣམས་ཀྱང་ཚོགས་པར་བྱ། འབྱོར་ན་སྐོང་ཆོག་གི་མཆོད་རྫས་མར་མེ་སོགས་བརྒྱ་རྩ་ཅི་འབྱོར་དུ་བཤམ་མོ། །གཉིས་པ་དབང་དོན་སྒྲུབ་ཅིང་མཆོད་པ་ནི། ཚིག་བདུན་དང་བརྒྱུད་འདེབས་སྔོན་ཏུ་འགྲོ་བས། ལས་བྱང་བདེ་ཆེན་བཅུད་འབེབས་དབུ་ནས་བརྩམས་མདུན་བསྐྱེད་ཀྱི་བདུན་པ་ཏིང་ངེ་འཛིན་གྱི་མཆོད་པ་གྲུབ་ཀྱི་བར་བཏང་ནས། རྡོ་རྗེའི་ཚེ་སྒྲུབ་པ་ནི། བདག་མདུན་གྱི་ཐུགས་ཀར་ཡེ་ཤེས་སེམས་མའི་ཐུགས་ཀའི་དབུས་སུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་ལྟེ་བར་ཁ་ཊཱྃ་ག་དཀར་པོ་ལྟེ་བར་ཧྲཱིཿས་མཚན་པ༔ རང་གི་ཐུགས་སྲོག་ལས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་ཀར་ཞུགས༔ ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འབར་བའི་རྩེ་ལས་རྡོ་རྗེ་ཕོ་ཉ་མོའི་ཚོགས་དཔག་ཏུ་མེད་པ་འཕྲོས༔ རང་གི་བླ་ཚེ་ཆད་ཉམས་ཡར་བ་དང་༔ འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་འཆི་མེད་ཚེའི་བདུད་རྩིར་སྤྱན་དྲངས༔ རང་དང་སྒྲུབ་རྫས་ལ་ཐིམ་པས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཅེས་ཅི་རིགས་བཟླས་མཐར། མཆོད་བསྟོད་མདོར་བསྡུས་དང༌། མདའ་དར་གཡབ་ལ། ཨོཾ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡུམ༔ ཚེ་དང་ཡེ་ཤེས་དབང་ཕྱུག་མ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ རྩེ་གཅིག་གུས་པས་བསྒྲུབས་ལགས་ན༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཕོ་ཉ་མང་པོའི་ཚོགས་དང་བཅས༔ འོད་དང་འོད་ཟེར་མཁའ་ཁྱབ་སྤྲོས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བླ་ཚེ་ཆད་ཉམས་ཡར་བ་དང་༔ སྡེ་བརྒྱད་འབྱུང་པོས་ཕྲོགས་པ་ཁུག༔ འབྱུང་བཞིའི་དྭངས་བཅུད་སྐྱེ་འགྲོའི་ཚེ༔ རྒྱལ་བ་སྲས་དང་བཅས་པ་ཡི༔ རྒྱུན་གྱིས་རྟག་པའི་ཡེ་ཤེས་བྱིན༔ འཆི་མེད་བདུད་རྩིའི་རྣམ་པར་སྡུས༔ བདག་ཅག་རྣམས་ལ་སྩལ་ནས་ཀྱང་༔ དུས་མིན་འཆི་བའི་བར་ཆད་ཞི༔ ཚེ་བསོད་དཔལ་འབྱོར་རྟོགས་པ་རྒྱས༔ རྡོ་རྗེའི་སྐུ་མཆོག་འགྲུབ་མཛད་གསོལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཚེ་རྒྱས་གདབ་པ་ནི། ཨཿ རྟག་པ་རྒྱུན་གྱི་ཡེ་ཤེས་ཚེ༔ མི་འགྱུར་གཉུག་མའི་ཐིག་ལེར་ཐིམ༔ བདེ་སྟོང་རྡོ་རྗེས་རྒྱས་བཏབ་ནས༔ ཆོས་ཀྱི་དབྱིངས་སུ་ཚེ་སྦའོ༔ ཨ་ཨ་ཨ༔ ཞེས་བརྗོད་ཅིང་དགོངས་པ་བསྐྱང་༔ དེ་ནས་སྨན་སྒྲུབ་པ་ནི། ཁྲོལ་བུ། ཕྱེ་མ། ལྡེ་གུ། རིལ་བུའི་སྒྲུབ་པ་བཞིན་འགྲུབ་ན་ལེགས་ཀྱང་མི་ལྕོགས་ན་འདི་སྐབས་བསྒྲུབས་ཟིན་པའི་རིལ་བུ་ལ་བརྟེན་པའི་དབང་དུ་བྱས་ཏེ། མཆོད་ཁ་གསོས་ལ་བྱིན་བརླབས། སྨན་ཐོད་བསང་སྦྱང༌། སྟོང་པའི་ངང་ལས་རང་བྱུང་པདྨ་བྷནྡྷའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་བདུད་རྩི་བདེ་བ་ཆེན་པོའི་ཕོ་བྲང་དུ་ལྷུན་གྱིས་གྲུབ་པའི་དབུས་སུ༔ པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ། རིལ་བུ་རྣམས་ཧྲཱིཿལས་སྐད་ཅིག་གིས་བཅོམ་ལྡན་འདས་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་རབ་ཏུ་དཀར་ཞིང་དྭངས་བའི་མདངས་དང་ལྡན་པ༔ ཞི་ཞིང་འཛུམ་ལ་ཅུང་ཟད་ཁྲོ་བོའི་ཉམས་དང་བཅས་རྗེས་སུ་ཆགས་པའི་གཟི་བྱིན་ཆེས་ཆེར་འབར་བ༔ རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པས་ས་གསུམ་གཡོ་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བའི་མྱུ་གུ་བཞི་གཙིགས་པ༔ ཕྱག་གཡས་པས་འཁོར་ལོས་མཚན་པའི་གྲི་གུག་ནམ་མཁར་འཕྱར་བས་གཟུང་འཛིན་གྱི་རྣམ་རྟོག་གཅོད་ཅིང་༔ གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀར་བསྣམས་པས་བདེ་ཆེན་ཡེ་ཤེས་ཀྱི་རྒྱུན་འབེབས་པ༔ གྲུ་མོ་གཡོན་དུ་ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱིས་རྡོ་རྗེའི་ཁ་ཊཱྃ་གའི་རྣམ་པར་འཆང་བས་བདེ་སྟོང་གཉིས་སུ་མེད་པ༔ དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར་འཁོར་ལོས་མཚན་ཅིང་ལྷག་མ་སིལ་བུར་གྲོལ་བས་སྐུ་སྐེད་ཡན་ཆད་ཁེབས་པ༔ ནུ་འབུར་མཁྲེགས་ཤིང་གསང་བའི་པདྨོ་རྒྱས་པ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན༔ རུས་པའི་ཕྱག་རྒྱ་ལྔ་དང་དར་དཔྱངས་ཀྱིས་བརྒྱན་པ༔ ཞབས་གཡས་པ་སྐུམས་ཤིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞུགས་པའི་སྙིང་གའི་དབུས་སུ་རང་འདྲ་བའི་ཡེ་ཤེས་སེམས་པ་མཚོན་གང་བ༔ དེའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་ཧྲཱིཿདཀར་པོས་མཚན་པ་ལ་སེམས་གཏད་པས་བདེ་བ་ཆེན་པོའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་པའི་རྐྱེན་གྱིས་དེ་ལས་འོད་ཟེར་འཕྲོས༔ ལུས་ཀྱི་ནང་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་གསལ་བར་བྱས༔ དེའི་རྐྱེན་གྱིས་སྐད་ཅིག་གིས་སྙིང་གའི་ནང་སྐོར་གྱི་རྩ་འདབ་བཞི་ལ་སྙིང་པོའི་རྣལ་འབྱོར་མ་བཞི༔ ཕྱི་སྐོར་བརྒྱད་ལ་སྒོ་མཚམས་མ་བརྒྱད༔ སྤྱི་བོ་ལ་སོགས་པའི་རྩ་མདུད་རྣམས་སུ་ཡུལ་ཉི་ཤུ་རྩ་བཞིའི་རྣལ་འབྱོར་མ་རྣམས་དང་༔ གཞན་ཡང་རྩ་ཁམས་ཐམས་ཅད་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་གང་བ་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པར་གསལ་གདབ༔ ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ ལྟེ་བར་ཧོཿསེར་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་བསམས་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧྃ༔ ཞེས་ང་རྒྱལ་གཟུང་༔ མིག་གྱེན་དུ་བལྟ་ཞིང་འབར་བའི་རྒྱ་དང་བཅས་ཕཻཾ་ཞེས་བརྗོད་པས་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་བསམས་ལ༔ ཨོཾ༔ སྟོང་པ་ཤིན་ཏུ་ཡོད་མེད་ལས༔ ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་བཞེངས༔ དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདིར༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་བྷཱ་རཱ་ཧཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཞེས་པས་སྤྱན་དྲང་༔ བཛྲ་ཛྙཱ་ན་ས་མ་ཡ་ཛཿཧཱུྃ་བྃ་ཧོཿ སླར་ཡང་ཕཻཾ་ཞེས་པས་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྤྲིན་ཆེན་པོས་མངོན་པར་དབང་བསྐུར་བས་ཐ་མལ་སྣང་ཞེན་གྱི་དྲི་མ་དག༔ བདེ་བ་མཆོག་གི་ཡེ་ཤེས་མངོན་དུ་བྱས༔ ཆུ་ལྷག་མ་སྤྱི་བོར་བརྟན་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམས་ལ༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་མ་ཧཱ་སུ་ཁ་སུ་ར་སྟྭཾ་ཨ་ཧཾ༔ ཐུགས་ཀ་ནས་སྤྲུལ་པའི་ཕྱི་ནང་གི་མཆོད་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་ཅིང་བསྟོད་པས་བདེ་ཆེན་ཡེ་ཤེས་ཀྱི་གཟི་བྱིན་སྤེལ་བར་བསམས་ལ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤཾ༔ དྷཱུ་པཾ༔ དཱི་པཾ༔ གནྡྷཾ༔ ནཻ་བིདྱཾ༔ ཤཔྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ པཉྩ་ཀཱ་མ་གུ་ཎ་ས་མ་ཡ་ཧོ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ས་མ་ཡ་སྟྭཾ༔ སརྦ་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ༔ རཀྟ་པི་པ་ཧོ༔ ཨི་དཾ་བ་ལིཾ་གྲྀཧྞ་བྷཱུཉྫ་ཧོ༔ ཨོཾ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ ཟླ་བ་ལྟར་དཀར་རྗེས་ཆགས་ཉམས༔ ཡེ་ཤེས་གཟི་བྱིན་ཆེར་འབར་བ༔ ཁམས་གསུམ་དབང་ཕྱུག་མ་ལ་བསྟོད༔ བཟླས་པའི་སྐབས་སུ་ཐུགས་དམ་བསྐུལ་ཞིང་བྱིན་དབབ་པའི་སླད་སྤོས་བསྲེག༔ རོལ་མོ་འཁྲོལ༔ མདའ་དར་གཡབ་ཅིང་གདུང་བའི་ཤུགས་བསྐྱེད་ལ༔ ཧཱུྃ༔ འོག་མིན་རྡོ་རྗེ་བཙུན་མོའི་ཞིང་༔ མཁའ་ཁྱབ་ཡེ་ཤེས་འཁོར་ལོ་དང་༔ ཧེ་རུ་ཀ་ཡི་གནས་དང་ཡུལ༔ དུར་ཁྲོད་བརྒྱད་ན་བཞུགས་པ་ཡི༔ བཅོམ་ལྡན་བཛྲ་ཝཱ་རཱ་ཧཱི༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྐུ་ཡི་གར་སྟབས་གློག་ལྟར་འཁྱུགས༔ གསུང་གི་ཛབ྄་དབྱངས་སྔགས་སྒྲ་སྒྲོགས༔ ཐུགས་ཀྱི་ཡེ་ཤེས་རྩལ་སྐྱེད་ལ༔ ཡོན་ཏན་བདེ་ཆེན་འོད་ཟེར་དང་༔ ཕྲིན་ལས་ཕོ་ཉ་ཕྱོགས་བཅུར་སྤྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང་༔ སྙོམས་འཇུག་ཟག་མེད་བདུད་རྩིའི་བཅུད༔ འབྱུང་བ་ལྔ་ཡི་དྭངས་མ་དང་༔ ལྷ་ཀླུ་མི་ཡི་ཚེ་བསོད་སྟོབས༔ གཟི་བརྗིད་དཔལ་དང་ནུས་བཅུད་ཀུན༔ ཐོགས་པ་མེད་པར་གནས་འདིར་སྡུས༔ འཁོར་འདས་དབྱེར་མེད་བྱིན་ཆེན་ཕོབ༔ དམ་ཚིག་སྒྲུབ་པའི་རྫས་ལ་སྟིམས༔ མཐོང་ཚོར་མྱོང་རེག་གྲོལ་བ་ཡི༔ བདེ་ཆེན་རྡོ་རྗེའི་གཟི་བྱིན་སྤོར༔ ལས་དང་ཡེ་ཤེས་དངོས་གྲུབ་ཀུན༔ ལྷུན་གྱིས་གྲུབ་པའི་དབང་མཆོག་སྐུར༔ སྣོད་བཅུད་རྡོ་རྗེ་བཙུན་མོ་ཡི༔ རྟེན་དང་བརྟེན་པར་བྱིན་རློབས་ཤིག༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བྱིན་ཕེབས་པའི་རྟགས་མ་བྱུང་བར་བྱ༔ དེ་ནས་བཟླས་དམིགས་ནི༔ བདག་གི་ཐུགས་ཀ་ནས་སྔགས་ཀྱི་སྒྲ་དང་འོད་ཟེར་བདེ་བ་ཆེན་པོའི་གཟི་བྱིན་འབར་བ་བར་མ་ཆད་པར་འཕྲོས༔ མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་མ་ལུས་དཀྱིལ་གྱི་ལྷ་དང་བཅས་པའི་ཐུགས་ཀར་ཕོག་པས་བདེ་བ་མཆོག་གིས་དགྱེས་པའི་འོད་ཟེར་གྱི་སྤྲིན་ཆེན་པོས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཡེ་ཤེས་དང་༔ བརྟན་གཡོའི་དྭངས་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་སྤྱན་དྲངས༔ ཐུགས་ཀར་ཐིམ་པས་མཐོང་ཚོར་མྱང་རེག་ཐམས་ཅད་གྲོལ་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་བྱིན་མཆོག་ཏུ་འབར་བར་བསམས་ལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱི༔ཋ༔ ཞེས་ཅི་འགྲུབ་མཐར། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ༔ གནས་གསུམ་ནས་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱིས་རང་གི་གནས་གསུམ་དུ་ཐིམ་པས་བསྩལ་ཞིང་བརྟན་པར་བསམས་ལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱི༔ཋ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་མྲྀ་ཏ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཞེས་ཅི་རིགས་བཟླས་པས་དངོས་གྲུབ་དབང་དུ་བྱ་ཞིང་སྒྲུབ་རྟེན་གནས་བཞིར་གཏུག་ལ་དངོས་གྲུབ་བླང༌། ལས་བྱང་གི་གཏོར་མ་འབུལ་བ་ནས་ཚོགས་ཕུད་ཆ་གསུམ་ཕུལ་ལ་ཡིག་བརྒྱ་བརྗོད་པའི་བར་གྲུབ་ནས། བདག་འཇུག་རྫོགས་པར་བླང་བའམ། མི་འགྲུབ་ན་རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པའི་གནང་བ་ཞུ། གསུམ་པ་དབང་བསྐུར་བ་ལ། སློབ་མ་རྣམས་ཁྲུས་ནས་དབྱུང༌། ལས་བྱང་དབུ་ནས་འབྱུང་བ་ལྟར་བགེགས་གཏོར་བཏང༌། རྒྱུད་སྦྱང་གི་གཤམ་ནས་འབྱུང་བ་ལྟར་མཚམས་བཅད་ལ་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། ཆོས་བཤད་གང་འོས་དང་ཁྱད་པར། འདིར་སྐབས་སུ་བབས་པའི་འཆད་བྱ། གསང་སྔགས་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་མ་རྒྱུད་ཐམས་ཅད་ཀྱི་ཡང་ཟབ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་རྒྱུད་དང་སྒྲུབ་ཐབས་སྔ་འགྱུར་རྙིང་མ་དང་ཕྱི་འགྱུར་གསར་མ་རྣམས་ཀྱི་གྲུབ་པའི་སློབ་དཔོན་སོ་སོའི་བཀའ་སྲོལ་ལས་རིགས་མི་འདྲ་བ་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ཀྱང་བྱིན་རླབས་གྱི་གཟི་བྱིན་ལྡན་ཅིང་སྐལ་པ་དང་འཚམས་པའི་ལས་དང་དངོས་གྲུབ་འགྲུབ་པ་ཤ་སྟག་བྱོན་པ་ལས། ཕག་མོ་དཀར་མོ་འདི་ཉིད་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པ་ལ་གཞན་ལས་ཆེས་ཟབ་ཅིང་ཁྱད་པར་མཐའ་དྲུག་ཚུལ་བཞིའི་སྒྲོམ་དུ་ཚུད་པའི་གསང་བ་ཆེན་པོའི་རྒྱུད་ལུང་གི་དགོངས་པ་ཟབ་མོ་བདེ་བླག་ཏུ་རྟོགས་པའི་བློ་གྲོས་ཀྱི་སྣང་བ་ཆགས་ཐོགས་མེད་པ་སྩོལ་བར་མཛད་པ་སྟེ། དེ་ལྟ་བུའི་སྒྲུབ་ཐབས་ས་སྟེང་དུ་དཀོན་ལ་ཁྱད་པར་འཕགས་པ་འདི་ཉིད་ཀྱི་ལོ་རྒྱུས་ཀྱང་རྩ་བ་རྡོ་རྗེའི་གསུང་ལས་འབྱུང་བ་ནི་འདི་ལྟ་སྟེ། རྡོ་རྗེ་ཕག་མོ་དཀར་མོའི་སྒྲུབ་ཐབས་ལམ་གྱི་རིམ་པ་ཟབ་ཅིང་འདྲིལ་བ་ཐུགས་ཀྱི་ཐིག་ལེའི་བཅུད་ཕྱུང་བ་འདི་ནི༔ དཔལ་གྱི་བསམ་ཡས་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེན་པོར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མ་ཧཱ་གུ་རུ་པདྨ་བཛྲ་གྱིས༔ རྗེ་མངའ་བདག་ཡབ་སྲས་དང་༔ ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན༔ འབྲོག་མི་དཔལ་གྱི་ཡེ་ཤེས༔ ལོ་ཆུང་དཀོན་མཆོག་འོད༔ ཨཱ་ཙརྻ་དྲན་པ་ཡེ་ཤེས༔ བདག་བུད་མེད་མཚོ་རྒྱལ་སོགས་སྐལ་ལྡན་འདུས་པ་རྣམས་ལ་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པས་དབང་བསྐུར༔ རྒྱུད་བཤད༔ གདམས་ངག་རྒྱས་འབྲིང་བསྡུས་པ་སྙིང་པོའི་ཚུལ་དུ་སྐད་ཅིག་གིས་བཀའ་སྩལ་ནས་སླར་ཡང་འདི་སྐད་ཅེས་རྗེས་སུ་གདམས་པར་མཛད་དོ༔ ཨེ་མ་འདུས་པའི་འཁོར་རྣམས་ཉོན༔ རང་བྱུང་པདྨ་བཛྲ་བདག༔ ཆོས་སྐུ་བཟང་མོའི་ཀློང་དུ་འཁྱིལ༔ ལོངས་སྐུའི་ཕག་མོར་བདེ་བས་རོལ༔ སྤྲུལ་སྐུ་འགྲོ་བ་འདུལ་བའི་ཕྱིར༔ ཛམྦུའི་གླིང་དུ་འཆར་བ་ན༔ སྣང་ཚུལ་ཙམ་གྱི་ཐབས་མཁས་པས༔ པཎ་གྲུབ་རྣམས་ལ་གདམས་ངག་ནོས༔ དབེན་པའི་གནས་སུ་རྩེ་གཅིག་བསྒྲུབས༔ རིག་པ་འཛིན་པ་ཐོབ་ཚུལ་བསྟན༔ ཁྱད་པར་དུར་ཁྲོད་བསིལ་བའི་ཚལ༔ དཔའ་བོ་ཌཱ་ཀིའི་འདུན་ས་ཆེར༔ བཅོམ་ལྡན་ཕག་མོའི་ཞལ་བསྟན་ཅིང་༔ རྒྱུད་དང་གདམས་པ་རྒྱ་ཆེར་སྩལ༔ སྙིང་པོ་རྡོ་རྗེའི་ཚིག་འདི་གསུངས༔ རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡེ་ཤེས་བསྒྲུབ༔ སྨིན་ཅིང་དག་པའི་ཐབས་དང་བཅས༔ དངོས་གྲུབ་རྣམ་གཉིས་རྩོལ་མེད་འབྱུང་༔ ཞེས་གསུངས་བདེ་སྟོང་ངང་དུ་བཞུགས༔ ལྷན་སྐྱེས་ལས་ཀྱི་དབང་མོ་ཆེས༔ དེ་དོན་རྒྱས་པར་མཚོན་པའི་དོན༔ འདིར་ནི་ཟབ་ཅིང་འདྲིལ་བར་བསྟན༔ འདི་ལྟར་ཉམས་སུ་ལེན་པའི་བུ༔ རང་བྱུང་པདྨ་བདག་ཉིད་དང་༔ དཔའ་བོ་མཁའ་འགྲོས་བྱིན་བརླབས་པས༔ རྩ་ཁམས་རླུང་ལ་ཡེ་ཤེས་འཕེལ༔ མཐར་ཐུག་འབྲས་བུ་མྱུར་དུ་འགྲུབ༔ གནས་སྐབས་ལས་ཀུན་ཐོགས་པ་མེད༔ རང་གཞན་དོན་གཉིས་ལྷུན་གྲུབ་འགྱུར༔ ས་མ་ཡ༔ | ||
དེ་ལྟ་བུ་ཡི་ཟབ་མོའི་དོན༔ རྒྱས་པར་བུམ་ཐང་ལུང་པར་སྦས༔ ལོ་ཙཱ་ཆེ་མཆོག་བྱིན་རླབས་སྤྲུལ༔ ཁྱུང་པོ་དཔལ་གྱི་མིང་གིས་འདོན༔ སྦས་ཚུལ་འགྲོ་དོན་ཅུང་ཟད་བྱེད༔ རང་ཉམས་བླངས་པས་ཡེ་ཤེས་སྨིན༔ འབྲིང་པོ་ཁ་རག་ཕུག་ཏུ་སྦས༔ དཔལ་གྱི་ཡེ་ཤེས་རྣམ་པར་འཕྲུལ༔ བདེ་ཆེན་གླིང་པའི་སྐལ་བར་འགྱུར༔ རང་གཞན་དོན་གཉིས་ཅི་རིགས་འབྱུང་༔ བསྡུས་པ་འདི་ནི་ཡུལ་དབུས་ལྷོ༔ པདྨ་བརྩེགས་པའི་ཕུག་པར་སྦས༔ དཀོན་མཆོག་འོད་ཀྱི་སྐྱེ་བའི་མཐས༔ མ་འགགས་རྫུ་འཕྲུལ་སྤྱོད་པས་བཏོན༔ རྒྱ་ཆེའི་སྙན་བརྒྱུད་ཟབ་དོན་ལ༔ བརྟེན་ནས་རང་གཞན་དཔལ་དུ་འགྱུར༔ ཟབ་ཏིག་ཡེ་ཤེས་འཁོར་ལོ་འདི༔ སླར་ཡང་འདབས་གཏེར་ཚུལ་དུ་སྦོས༔ ནམ་ཞིག་རྩུབས་འགྱུར་འཇིགས་པའི་དུས༔ མངའ་བདག་ཡབ་སྲས་ཐུགས་བསྐྱེད་ལས༔ བདག་གིས་བྱིན་བརླབས་རིག་པ་འཛིན༔ སྒྱུ་མ་ལྟ་བུའི་སྐྱེས་བུ་ནི༔ ཚེ་འདིའི་ལྟོས་ཐག་ཆོད་པ་ལས༔ སུ་དང་མི་མཐུན་ཡན་གར་བ༔ རྒྱུད་ཚོད་སུས་ཀྱང་དཔག་དཀའ་བ་༔ མ་འགགས་ཤེས་རབ་ཐོད་རྒལ་ཅན༔ པདྨ་འོད་གསལ་མདོ་སྔགས་གླིང་༔ བཀའ་བབས་ཆུ་བོ་བདུན་གྱི་བདག༔ སྒྲ་སྒྲོགས་རྒྱལ་པོ་ལྕགས་ཀྱི་ལོ༔ མཁའ་འགྲོའི་མིང་པོ་དཔའ་བོ་ཆེར༔ གཏེར་བདག་ཌཱ་ཀིའི་ཚོགས་རྣམས་ཀྱིས༔ བརྡ་ཡི་ཤོག་སེར་དངོས་སུ་གཏད༔ དོན་གྱི་བྱིན་རླབས་བདག་གིས་སྩལ༔ ཚིག་གི་གདམས་པའི་སྨིན་དང་གྲོལ༔ དཀོན་མཆོག་འོད་ཀྱི་སྤྲུལ་པས་སྟོན༔ གདམས་སྐོར་རྣམ་བཞིའི་དོན་བརྒྱུད་རྫོགས༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས༔ རྩོལ་མེད་གཏན་ལ་ཕབ་ནས་ཀྱང་༔ བཻ་རོ་དཔལ་སེང་མཆོག་གི་དབྱངས༔ གནུབས་ཀྱི་དགེ་སློང་རིག་སྔགས་འཆང་༔ བདུད་འཇོམས་དྲན་པ་ཡེ་ཤེས་སོགས༔ སྤྲུལ་པའི་རིག་འཛིན་གཙོར་གྱུར་པའི༔ སྐལ་ལྡན་འགའ་ཞིག་དོན་དུ་འགྱུར༔ སྙིང་པོའི་མན་ངག་དམ་རྫས་བཅས༔ ལྷོ་བྲག་བན་པའི་རི་སུལ་སྦོས༔ འདམ་སྐྱེས་པདྨ་ལྟ་བུ་ཡི༔ མཆོག་གི་མིང་ཅན་སྐྱེས་བུས་འདོན༔ རྟེན་འབྲེལ་གཞན་དབང་མ་གྱུར་ན༔ རང་གཞན་འབྲེལ་ཚད་དོན་དུ་འགྱུར༔ ཅེས་གསུངས་པ་ལྟར། རྒྱལ་དབང་པདྨ་ཀ་རའི་ཐུགས་བཅུད་ཟབ་མོ་འདི་ཉིད་གངས་ཅན་གྱི་སྐལ་ལྡན་རྗེ་འབངས་རྣམས་ལ་བཀའ་དྲིན་ཏུ་སྩལ་ཏེ་མ་འོངས་པའི་དོན་དུ་རྒྱས་འབྲིང་བསྡུས་པ་སྙིང་པོའི་གདམས་སྐོར་བཞིར་ཕྱེས་ནས་གཏེར་གནས་སོ་སོར་སྦས་པ་ཕྱིས་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་རིམ་པར་བཏོན། དེ་དག་ནི་ནང་ནས་ཟབ་མོ་བསྡུས་པ་རྨད་དུ་བྱུང་བའི་གསང་བ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཡེ་ཤེས་འཁོར་ལོ་འདི། ལོ་ཆུང་དཀོན་མཆོག་འོད་ཀྱི་སྐྱེ་མཐའ་ཨེ་སྤེལ་ལྕོགས་གར་དབང་ལས་འཕྲོ་གླིང་པས། རབ་བྱུང་དགུ་པའི་མཐར་ཡར་ཀླུང་ཤེལ་བྲག་པདྨ་བརྩཻགས་པ་ནས་མ་འགགས་རྫུ་འཕྲུལ་གྱི་རོལ་པས་སྤྱན་དྲངས། གསང་བའི་ཐུགས་དམ་དུ་མཛད། སླར་ཤོག་སེར་ལུང་བྱང་ལྟར་འདབས་གཏེར་དུ་བཞུགས་པ། དེང་སང་གདུལ་བྱའི་དུས་ལ་བབས་པ་ན་གཏེར་སྟོན་དེ་ཉིད་དང་ཐུགས་རྒྱུད་གཅིག་པ་བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་ཏུ་ཆོས་བདག་ཡེ་ཤེས་མཁའ་འགྲོས་ཤོག་སེར་དངོས་སུ་ཕུལ། གཏེར་སྟོན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་སྨིན་གྲོལ་གདམས་པས་བྱིན་གྱིས་རླབས་ཤིང་ཆོས་སྒོ་དབྱེ་བའི་གདམས་པ་སྩལ་བ་ལྟར། རབ་ཚེས་ལྕགས་འབྲུག་ལོའི་ཆོ་འཕྲུལ་ཟླ་བར་གཏན་ལ་ཕབ་སྟེ་བདག་ཅག་ལ་སྨིན་གྲོལ་ཆིག་རྫོགས་སུ་སྩལ་བ་སྟེ། ཆོས་འདིའི་ཆེ་བའི་ཡོན་ཏན་དང་ཐོབ་པའི་ཕན་ཡོན་ཀྱང༌། གཞུང་ལས། རྡོ་རྗེ་སྟོང་ཉིད་ནམ་མཁའི་དཀྱིལ༔ ཕག་མོ་བདེ་ཆེན་སྐུ་རུ་ཤར༔ དེ་ཡི་གོ་འཕང་སྒྲུབ་པའི་ཐབས༔ མི་ཟད་རྒྱན་གྱི་ཡེ་ཤེས་ལྔ༔ ལམ་ཁྱེར་ཏིང་འཛིན་འཁོར་ལོ་ནི༔ རྒྱུན་མི་ཆད་པར་བསྐོར་བ་ལས༔ གཟུང་འཛིན་དྲྭ་བ་ཐུག་ཕྲད་གཅོད༔ ལྷ་དང་བདེ་ཆེན་བྱང་ཆུབ་སེམས༔ དབྱེར་མེད་དྷཱུ་ཏིར་སྨིན་པ་ལས༔ ཐུན་མོང་ཕྲིན་ལས་རྩོལ་མེད་འབྱུང་༔ མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེ༔ ཡེ་ཤེས་སྒྱུ་མ་མྱུར་དུ་འགྲུབ༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུང་༔ ཐོས་དོན་རྩེ་གཅིག་ཉམས་སུ་ལོངས༔ འབྲེལ་ཚད་དོན་ལྡན་ཨེ་མ་ཧོ༔ ཞེས་བསྔགས་པར་མཛད་པ་འདི་ཉིད་ལ་སྔོན་བྱོན་གཏེར་ཁ་བཞིའི་བརྒྱུད་པའི་བྱིན་རླབས་ཀྱི་ཆུ་བོ་གཅིག་ཏུ་འདུ་བ་སྟེ། དེ་ལྟ་བུའི་རིམ་པའང༌། ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང༌། ལོངས་སྐུ་འཁོར་ལོ་བདེ་མཆོག །སྤྲུལ་སྐུ་རྡོ་རྗེ་ཕག་མོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་ཀྱི་དབང་མོ། །ཨོ་རྒྱན་པདྨ་བཛྲ། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། མངའ་བདག་རྗེ་འབངས་འདུས་པ། སྤྲུལ་པའི་གཏེར་སྟོན་ཁྱུང་པོ་དཔལ་དགེ །སྤྲུལ་སྐུ་བདེ་ཆེན་གླིང་པ། མཆོག་ལྡན་མདོ་སྔགས་གླིང་པ། གར་དབང་ལས་འཕྲོ་གླིང་པ། གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་འཇམ་མགོན་བློ་གྲོས་མཐའ་ཡས་སོགས་ལ་བཀའ་དྲིན་ཏུ་སྩལ་བ་ལས་ལེགས་པར་བརྒྱུད་པ་སྟེ་དེ་ལྟ་བུའི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་བ་ལ་རྩ་བ་དང་ཡན་ལག་གཉིས་ལས་ཐོག་མར་རྩ་བའི་དབང་བསྐུར་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་སོགས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་མཎྜལ་འབུལ་གཞུག །དེ་ལྟར་མཎྜལ་ཕུལ་ནས་བླ་མ་དང་རྡོ་རྗེ་བཙུན་མོ་དབྱེར་མི་ཕྱེད་པ་ལ་མོས་གུས་དྲག་པོས་དབང་བསྐུར་བར་གསོལ་བ་གདབ་འདི་ཡི་རྗེས་ཟློས་ལན་གསུམ་མཛོད། གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་བཞུགས་པ༔ བླ་མ་རྡོ་རྗེ་རྣལ་འབྱོར་མས༔ བྱིན་རླབས་དབང་བསྐུར་སྩལ་དུ་གསོལ༔ ལན་གསུམ། སྔོན་ཆད་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་མ་མཐོང་བའི་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་འཆིང་བའི་མོས་པ་མཛོད། ཨ་ཁཾ་ཝི་ར་ཧཱུྃ་གིས་མིག་དར་གཏད། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་རིགས་ལྔ་བརྒྱུས་པའི་ཕྲེང་རེ་ཡང་བྱིན་པའི་མོས་པ་མཛོད། ཨ་ཁཾ་ཝི་ར་ཧཱུྃ་གིས་མེ་ཏོག་གཏད། རྒྱུད་སྦྱང་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་ལ་སོགས་པ་ཡན་ལག་བཅུ་པ་ཚིག་རིས་དང་མཐུན་པར་གསལ་བཏབ་བཞིན་པས་འདི་རྗེས་བཟློས་ལན་གསུམ་མཛོད། ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ ཕྱོགས་བཅུར་བཞུགས་པའི་བླ་མ་དང་༔ ཡི་དམ་ལྷ་དང་མཁའ་འགྲོ་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཚེ་རབས་ཐོག་མེད་སྡིག་ལྟུང་དང་༔ དམ་ཚིག་ཉམས་ཆགས་སྙིང་ནས་བཤགས༔ དགེ་བ་ཀུན་ལ་ཡི་རངས་ཤིང་༔ ཆོས་ཀྱི་འཁོར་ལོ་བསྐོར་བ་དང་༔ མྱ་ངན་མི་འདར་བཞུགས་གསོལ་འདེབས༔ གཞན་དོན་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སྒོ་གསུམ་ལྷ་སྔགས་ཡེ་ཤེས་ལས༔ མི་འདའ་རྡོ་རྗེའི་སྡོམ་པ་གཟུང་༔ བསོད་ནམས་འདི་དང་གཞན་རྣམས་ཀུན༔ མ་ལུས་བློ་ཡིས་ཡོངས་བསྡོམས་ནས༔ ཆོས་ཀྱི་དབྱིངས་སུ་བསྔོས་པའི་མཐུས༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ ལན་གསུམ། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་གནང་བར་ཞུ། བུ་རྣམས་སྙིང་གར་ཟླ་བ་ལ༔ གནས་པའི་རྡོ་རྗེ་རྩེ་ལྔ་བསྒོམ༔ བདེན་པ་གཉིས་པོ་དབྱེར་མེད་པར༔ ལྷག་པའི་བྱང་ཆུབ་སེམས་བསྐྱེད་ཅིག༔ ཅེས་གདམས་ལ། ཁྱེད་རང་རྣམས་ཀྱིས་སྙིང་གར་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་འཆིང་ནས་འདིའི་རྗེས་ཟློས་མཛོད། ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་ས་མ་ཡ་ཧོ༔ སེམས་བསྐྱེད་པ་བརྟན་པར་བྱ་བའི་ཕྱིར་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་ས་མ་ཡ་སྟྭྃ༔ དེ་རྣམས་ཀྱིས་ཕྱི་ལྟར་འཇུག་པའི་རིམ་པ་གྲུབ་ནས་ནང་འཇུག་གི་སླད་དུ་སློབ་དཔོན་གྱིས། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་དྲུང་དུ་འཁོད་ནས་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་དབྱེར་མེད་པ་ལ་སྐུ་གསུང་ཐུགས་ཀྱི་ཕྱག་བྱ་བའི་མོས་པས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས་མཛོད། ཤྲཱི་གུ་རུ་བཛྲ་ཝཱ་ར་ཧཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བྷནྡྷ་ནཾ་ཀ་རོ་མི༔ ཞེས་ཕྱག་བཙལ་བས་བླ་མ་རྣལ་འབྱོར་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ སློབ་མའི་གནས་གསུམ་དུ་ཞུགས་པས་སྒོ་གསུམ་གྱི་ཉམས་ཆགས་སྦྱངས་ཤིང་སྣོད་དུ་གྱུར་པའི་མོས་པ་མཛོད། སླར་ཡང་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པ་ལ་དམ་ཚིག་གི་མནའ་ཆུ་རྡོ་རྗེའི་བདུད་རྩི་ཆུ་ནན་བྱིན་པའི་མོས་པ་མཛོད། བདུད་རྩིའི་མནའ་ཆུ་བྱིན་ལ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ དམ་བསྲུངས་མཆོག་གི་དངོས་གྲུབ་ཐོབ༔ ཉམས་ན་དམྱལ་མེ་བཟོད་དཀས་སྲེག༔ དེ་ཕྱིར་དམ་ཚིག་མཆོག་ཏུ་སྲུངས༔ བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ༔ ཞེས་པས་བྱིན་པ་དེ་ཉིད་རྡོ་རྗེའི་བྲོ་བོར་བ་འདི་ཡི་རྗེས་ཟློས་མཛད་དེ་མྱང་བར་ཞུ། ས་མ་ཡ་རཀྵཱ་མི༔ ཞེས་བཏུང་དུ་གཞུག | |||
དེ་ནས་ཡེ་ཤེས་ཀྱི་གཟི་བྱིན་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་གནད་བསྲང༌། རླུང་རོ་བསལ། བར་རླུང་བཟུང་ནས་དམིག་པ་འདི་ལྟར་གསལ་བཏབ་པར་ཞུ། ཧཱུྃ་ཞེས་བརྗོད་པས་ཁྱེད་རང་རྣམས་སྐད་ཅིག་གིས་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ལྟེ་བར་སྣ་ཚོགས་པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་རང་སེམས་གཉུག་མ་མི་ཤིགས་པའི་ཐིག་ལེ་ཧྲཱིཿཡིག་དཀར་གསལ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་རབ་ཏུ་དཀར་ཞིང་དྭངས་བའི་མདངས་དང་ལྡན་པ༔ ཞི་ཞིང་འཛུམ་ལ་ཅུང་ཟད་ཁྲོ་བོའི་ཉམས་དང་བཅས་རྗེས་སུ་ཆགས་པའི་གཟི་བྱིན་ཆེས་ཆེར་འབར་བ༔ རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པས་ས་གསུམ་གཡོ་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བའི་མྱུ་གུ་བཞི་གཙིགས་པ༔ ཕྱག་གཡས་པས་འཁོར་ལོས་མཚན་པའི་གྲི་གུག་ནམ་མཁར་འཕྱར་བས་གཟུང་འཛིན་གྱི་རྣམ་རྟོག་གཅོད་ཅིང་༔ གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀར་བསྣམས་པས་བདེ་ཆེན་ཡེ་ཤེས་ཀྱི་རྒྱུན་འབེབས་པ༔ གྲུ་མོ་གཡོན་དུ་ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱིས་རྡོ་རྗེའི་ཁ་ཊཱྃ་གའི་རྣམ་པར་འཆང་བས་བདེ་སྟོང་གཉིས་སུ་མེད་པ༔ དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར་འཁོར་ལོས་མཚན་ཅིང་ལྷག་མ་སིལ་བུར་གྲོལ་བས་སྐུ་སྐེད་ཡན་ཆད་ཁེབས་པ༔ ནུ་འབུར་མཁྲེགས་ཤིང་གསང་བའི་པདྨོ་རྒྱས་པ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན༔ རུས་པའི་ཕྱག་རྒྱ་ལྔ་དང་དར་དཔྱངས་ཀྱིས་བརྒྱན་པ༔ ཞབས་གཡས་པ་སྐུམས་ཤིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞུགས་པའི་སྙིང་གའི་དབུས་སུ་རང་འདྲ་བའི་ཡེ་ཤེས་སེམས་པ་མཚོན་གང་བ༔ དེའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་ཧྲཱིཿདཀར་པོས་མཚན་པ་ལ་སེམས་གཏད་པས་བདེ་བ་ཆེན་པོའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་པའི་རྐྱེན་གྱིས་དེ་ལས་འོད་ཟེར་འཕྲོས༔ ལུས་ཀྱི་ནང་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་གསལ་བར་བྱས༔ དེའི་རྐྱེན་གྱིས་སྐད་ཅིག་གིས་སྙིང་གའི་ནང་སྐོར་གྱི་རྩ་འདབ་བཞི་ལ་སྙིང་པོའི་རྣལ་འབྱོར་མ་བཞི༔ ཕྱི་སྐོར་བརྒྱད་ལ་སྒོ་མཚམས་མ་བརྒྱད༔ སྤྱི་བོ་ལ་སོགས་པའི་རྩ་མདུད་རྣམས་སུ་ཡུལ་ཉི་ཤུ་རྩ་བཞིའི་རྣལ་འབྱོར་མ་རྣམས་དང་༔ གཞན་ཡང་རྩ་ཁམས་ཐམས་ཅད་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་གང་བ་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པ་རྣམས་ལམ་གྱིས་གསལ་བར་གྱུར༔ ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ ལྟེ་བར་ཧོཿསེར་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་ལམ་གྱིས་གྱུར་པའི་མོས་པ་མཛོད༔ སློབ་དཔོན་གྱི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས་བསྐུལ་བས་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད༔ ཁྱད་པར་གྱི་སྦྱོར་བའི་སྤོས་དང་ཐོད་རྔའི་སྒྲས་སྐུལ་ཏེ། ཨོཾ༔ སྟོང་པ་ཤིན་ཏུ་ཡོད་མེད་ལས༔ ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་བཞེངས༔ དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདིར༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཧྲཱིཾ་ཧྲཱིཾ་ཕཻཾ་ཕཻཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཡང་ཡང་བརྗོད་པས་དབབ། དེས་མ་ཕེབས་ན་སླར་ཡང་ཁྱེད་རང་རྣམས་ལུས་ཙོག་པུར་འཁོད། མིག་སྨིན་མཚམས་སུ་གཏད། སྨིན་མའི་དབུས་སུ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་དགའ་འཁྱིལ་དམར་པོ་གཡོན་སྐོར་དུ་མྱུར་བར་འཁོར་བ་ལ་སེམས་གཏད་པས་དེ་ལས་བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་ཤིག་ཤིག་མེར་མེར་གཡོས༔ མགལ་མེ་ལྟར་འཁོར༔ སྣང་བ་ཕག་མོའི་སྐུ་གྲངས་མེད་པ་ཧ་ཧ་ཧི་ཧི་སོགས་བཞད་སྒྲ་དང་བཅས་ཁྱེད་རང་རྣམས་ལ་ཐིམ་པས་བདེ་བ་ལྷག་པར་འབར་ཞིང་སེམས་རྟོག་མེད་དུ་ཐིམ་པའི་མོས་པ་མཛོད། བཤུག་པ་སོགས་ཀྱི་སྒྲ་དང་བཅས༔ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཻཾ་ཕཻཾ་ཕཊ་ཕཊ་བཛྲ་ཨཱ་རལླི་ཧཱུྃ་ཛ༔ མ་ཧཱ་སུ་ཁ་ཨ་ཧྃ༔ དེ་བ་དཏྟ་ཧཱུྃ་ཧཱུྃ་ཛཿཛཿ ཞེས་བརྗོད་པས་ཉམས་སྐྱེས་པ་ན་སྤྱི་བོར་རྡོ་རྗེ་རྒྱ་གྲམདུ་བཞག་སྟེ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ༔ ཞེས་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ནས་ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་གཙོ་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་ལ་ཕུལ་བའི་མོས་པས་འདི་ཡི་རྗེས་ཟློས་མཛད་དེ་འདོར་བར་ཞུ། ཨོཾ་པུཥྤེ་མཱ་ལ་པྲ་ཏཱིཙྪ་ཧོཿ སླར་ཡང་སློབ་དཔོན་གྱིས་མེ་ཏོག་དེ་ཉིད་བླང་སྟེ་ལྷག་པའི་ལྷའི་རྣམ་པར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པས་ལྷ་དེ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་སྙིང་དབུས་མི་ཤིག་པའི་ཐིག་ལེ་དང་དབྱེར་མེད་དུ་འདྲེས་པའི་མོས་པ་མཛོད། ཨོཾ་པུཥྤེ་ཛྙཱ་ན་ས་མ་ཡ་སྟྭཾ༔ དོན་དམ་རང་རིག་ཀ་དག་གི་གནས་ལུགས་ལ་སྒྲིབ་པའི་མཚན་མ་གདོད་མ་ནས་མ་གྲུབ་ཀྱང༌། གློ་བུར་མ་རིག་འཁྲུལ་པའི་སྒྲིབ་གཡོག་མཐའ་དག་མིག་རས་དང་ལྷན་གཅིག་ཏུ་བསལ་བའི་མོས་པ་མཛོད། མིག་ཐུར་ཐོགས་ལ༔ རྡོ་རྗེ་བཙུན་མོའི་ཡེ་ཤེས་རྩལ༔ རིག་པ་གསེར་གྱི་ཐུར་མ་ཡིས༔ ཐ་མལ་འཁྲུལ་པའི་རབ་རིབ་བསལ༔ རང་བྱུང་དཀྱིལ་འཁོར་མངོན་འགྱུར་ཤོག༔ ཛྙཱ་ན་ཤཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་རས་བསལ༔ དེ་ལྟར་ཡེ་ཤེས་ཀྱི་སྤྱན་ཐོབ་པ་ལ་དཀྱིལ་འཁོར་བལྟ་བར་བསྐུལ་བ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ནི་ཡེ་ཤེས་སྤྱན་ཐོབ་པས༔ སྙིང་པོའི་དཀྱིལ་འཁོར་འདི་ལ་ལྟོས༔ ཟབ་མོའི་ལམ་མཆོག་བརྩོན་པར་གྱིས༔ ཧེ་མཎྜལ་པཱ་ཤྱ་ཧོ༔ བལྟ་བྱའི་དཀྱིལ་འཁོར་རྒྱས་པར་ངོ་སྤྲད་པ་འདི་ལ་སྙན་གཏད་འཚལ༔ དེ་ཡང་འདི་ལྟར་ཁྱེད་རང་རྣམས་ཀྱིས་སློབ་དཔོན་མདུན་དཀྱིལ་དང་བཅས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པམངོན་སུམ་བཞིན་དུ་མཐོང་བར་གྱུར་པ་ནི༔ འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ལྟེ་བར་སྣ་ཚོགས་པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་རང་སེམས་གཉུག་མ་མི་ཤིགས་པའི་ཐིག་ལེ་ཧྲཱིཿཡིག་དཀར་གསལ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་རབ་ཏུ་དཀར་ཞིང་དྭངས་བའི་མདངས་དང་ལྡན་པ༔ ཞི་ཞིང་འཛུམ་ལ་ཅུང་ཟད་ཁྲོ་བོའི་ཉམས་དང་བཅས་རྗེས་སུ་ཆགས་པའི་གཟི་བྱིན་ཆེས་ཆེར་འབར་བ༔ རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པས་ས་གསུམ་གཡོ་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བའི་མྱུ་གུ་བཞི་གཙིགས་པ༔ ཕྱག་གཡས་པས་འཁོར་ལོས་མཚན་པའི་གྲི་གུག་ནམ་མཁར་འཕྱར་བས་གཟུང་འཛིན་གྱི་རྣམ་རྟོག་གཅོད་ཅིང་༔ གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀར་བསྣམས་པས་བདེ་ཆེན་ཡེ་ཤེས་ཀྱི་རྒྱུན་འབེབས་པ༔ གྲུ་མོ་གཡོན་དུ་ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱིས་རྡོ་རྗེའི་ཁ་ཊཱྃ་གའི་རྣམ་པར་འཆང་བས་བདེ་སྟོང་གཉིས་སུ་མེད་པ༔ དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར་འཁོར་ལོས་མཚན་ཅིང་ལྷག་མ་སིལ་བུར་གྲོལ་བས་སྐུ་སྐེད་ཡན་ཆད་ཁེབས་པ༔ ནུ་འབུར་མཁྲེགས་ཤིང་གསང་བའི་པདྨོ་རྒྱས་པ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན༔ རུས་པའི་ཕྱག་རྒྱ་ལྔ་དང་དར་དཔྱངས་ཀྱིས་བརྒྱན་པ༔ ཞབས་གཡས་པ་སྐུམས་ཤིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞུགས་པའི་སྙིང་གའི་དབུས་སུ་རང་འདྲ་བའི་ཡེ་ཤེས་སེམས་པ་མཚོན་གང་བ༔ དེའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་ཧྲཱིཿདཀར་པོས་མཚན་པ་སྙིང་གའི་ནང་སྐོར་གྱི་རྩ་འདབ་བཞི་ལ་སྙིང་པོའི་རྣལ་འབྱོར་མ་བཞི༔ ཕྱི་སྐོར་བརྒྱད་ལ་སྒོ་མཚམས་མ་བརྒྱད༔ སྤྱི་བོ་ལ་སོགས་པའི་རྩ་མདུད་རྣམས་སུ་ཡུལ་ཉི་ཤུ་རྩ་བཞིའི་རྣལ་འབྱོར་མ་རྣམས་དང་༔ གཞན་ཡང་རྩ་ཁམས་ཐམས་ཅད་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་གང་བ་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པ་མངོན་སུམ་བཞིན་དུ་གསལ་བར་མཐོང་བའི་མོས་པ་མཛོད། དེ་ལྟ་བུ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དེ་ཉིད་ཀྱང་ནང་ལྟར་རང་རང་གི་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དང་། གསང་བ་ལྟར་ན་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་རིག་རྩལ་མ་འགགས་ཅིར་ཡང་འཆར་བའི་རང་བཞིན་ལྷུན་འགྲུབ་ཀྱི་དཀྱིལ་འཁོར་ཡིན་སྙམ་དུ་ངེས་ཤེས་བསྐྱེད་འཚལ། དེ་དག་ནི་ནང་ལྟར་འཇུག་པའི་རིམ་པ་ལགས། དེ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་དམིག་སྟེ་མཎྜལ་འབུལ་བར་ཞུ། ཅེས་འབུལ་དུ་གཞུག བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྣལ་འབྱོར་མ་དཔལ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེའི༔ དབང་དང་བྱིན་རླབས་དངོས་གྲུབ་ཀུན༔ ཁྱབ་བདག་བདག་ལ་སྩལ་དུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པ་ལ༔ རྒྱུད་ལས༔ བུམ་པའི་དབང་བསྐུར་སྔོན་འགྲོ་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ ཡེ་ཤེས་རྒྱུད་ལ་བསྐྱེད་པ་དང་༔ ཟབ་མོའི་དབང་མཆོག་སྦྱིན་པར་བྱ༔ ཞེས་གསུངས་པས་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་པས་རང་བྱུང་གསང་བ་ཆེན་པོའི་བུམ་པ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཀ་པཱ་ལའི་བདུད་རྩི་ཐོགས་ཏེ༔ ཨོཾཿ ཁྱབ་བདག་རྡོ་རྗེ་བཙུན་མོ་ཡི༔ ཡེ་ཤེས་གསང་བ་གསུམ་ལས་བྱུང་༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ རིག་པའི་དབང་བསྐུར་ཆེན་པོ་སྦྱིན༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བརྗོད་ཅིང་བདུད་རྩིས་ཁྲུས་བྱ་བ་ནི་མི་བསྐྱོད་པ་ཆུའི་དབང་ཡིན། སླར་ཡང་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་མི་ཞེས་བརྗོད་ཅིང་སྤྱི་བོའི་གནས་ལྔར་བཞག་པ་ནི་རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་ཡིན། ཡང་བཛྲ་དྷརྨ་ཧྲཱིཿཞེས་བརྗོད་ཅིང་བདུད་རྩི་ལྕེ་ལ་སྦྱིན་པ་ནི་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ཡིན། ཡང་བཛྲ་ཀརྨ་ཨཱཿཞེས་བརྗོད་ཅིང་བདུད་རྩི་ལུས་ཀྱི་གནས་རྣམས་སུ་འཐོར་བ་ནི་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཡིན་ནོ། །དེ་ལྟར་དབང་བསྐུར་བས་ཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་གང་༔ ཕུང་པོ་གནས་གྱུར༔ ཉོན་མོངས་ཡེ་ཤེས་སུ་དག༔ ཆུ་ཞབས་སྤྱི་བོར་བརྟན་པ་ལས་རྣམ་པར་སྣང་མཛད་སོགས་རིགས་ལྔས་དབུ་བརྒྱན་པ་ལ༔ དཔལ་རྣམ་པར་སྣང་མཛད་བཛྲ་ནཱ་མ༔ ཞེས་སོགས་རྡོ་རྗེའི་མཚན་བཏགས་པས་རྣམ་པར་སྣང་མཛད་མིང་གི་དབང་ཐོབ་པའི་མོས་པ་མཛོད། ཛཿཧཱུྃ་བྃ་ཧོཿདབང་གི་ལྷ་རྣམས་ཁྱེད་རང་རྣམས་ལ་ཐིམ་པར་གྱུར་པ་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་རབ་ཏུ་གནས་པས་བརྟན་པར་བྱས་པ་ལགས། དེ་ལ་ནམ་མཁར་བཞུགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ནི། ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤཾ༔ དྷཱུ་པཾ༔ དཱི་པཾ༔ གནྡྷཾ༔ ནཻ་བིདྱཾ༔ ཤཔྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་སོགས་ཀྱིས་ཤིས་པ་བརྗོད། དེ་རྣམས་ནི་སློབ་མའི་དབང་ཡིན། དེ་ནས་འཁོར་ལོའི་དབང་ཕྱུག་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ནི། སློབ་དཔོན་དང་དཀྱིལ་འཁོར་གཙོ་མོའི་སྐུ་ལས་རང་འདྲ་བའི་ཡེ་ཤེས་ཀྱི་སྐུ་གཉིས་པ་བྱུང༌། གཙོ་མོའི་སྐུ་ལུས་དཀྱིལ་གྱི་ལྷ་དང་བཅས་པར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཨོཾ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡུམ༔ དཀྱིལ་འཁོར་རབ་འབྱམས་སྐུ་ལ་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་སྟོང་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ཞེས་དབང་བསྐུར་བས་སྤྱི་བོ་ནས་ཞུགས་ཤིང་ཐིམ་པས་ཁྱེད་རང་རྣམས་གཙོ་མོའི་སྐུ་ལུས་དཀྱིལ་དང་བཅས་ལྷག་པར་གསལ་བའི་མོས་པ་མཛོད། དེང་ཕྱིན་ཆད་ཅིར་སྣང་ཐམས་ཅད་རྡོ་རྗེ་ཕག་མོའི་སྐུ་སྣང་སྟོང་ཟུང་འཇུག་ཏུ་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག །གསུང་བཟླས་ལུང་གི་སླད་དུ་དམིག་པ་འདི་ལྟར་མཛོད། སློབ་དཔོན་གྱི་ཐུགས་ཀའི་ཉི་ཟླ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་གཉིས་པ་འཕྲོས། ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། ཡེ་ཤེས་སེམས་མའི་ཐུགས་ཀར་ཉི་ཟླའི་གྭ་འུ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿདཀར་པོ་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བ་གཡོན་སྐོར་དུ་འཁོད་པར་མོས་ལ་ འདི་ཡི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ༔ ལན་གསུམ། ཡང་ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་༔ ཞལ་ནས་ཐོན༔ ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་གའི་རྩེ་མོ་ནས་ཞུགས༔ བདེ་བ་ཆེན་པོའི་གཟི་བྱིན་འབར༔ རྩ་བ་ནས་བརྒྱུད་གསང་བའི་པདྨོ་ནས་གྱེན་དུ་བྱུང་༔ དེ་ལྟར་བར་མ་ཆད་པར་འཁོར་བས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བརྟན་པར་མོས་ལ་ འདི་ཡི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ ལན་གསུམ། སླར་ཡང་སྔགས་ཕྲེང་ལས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་འབར་བས་འཁོར་འདས་ཀྱི་ཁམས་ཐམས་ཅད་ཁྱབ་ཅིང་གཡོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བྱིན་རླབས་བསྡུས་ཏེ་བདག་ལ་ཐིམ༔ ཁམས་གསུམ་གྱི་འགྲོ་ཀུན་སྒྲིབ་གཉིས་བག་ཆགས་དང་བཅས་པ་བསྲེགས་ཤིང་སྦྱངས༔ དྭངས་མ་རྡུལ་ཕྲན་འོད་གསལ་གྱི་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ཕྱག་རྒྱར་སད༔ ཕོ་ཉ་གསུམ་གྱི་བྱིན་རླབས་དང་ནུས་སྟོབས་ཐམས་ཅད་རང་ལ་ཐིམ་པས་མཁའ་སྤྱོད་ཆེན་པོའི་ཡེ་ཤེས་ལ་དབང་བསྒྱུར༔ འདུལ་ཐབས་བཞིའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་མོས་ལ་ འདི་ཡི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ ལན་གསུམ། | |||
དེ་ཉིད་བརྟན་པར་བྱ་བའི་སླད་དུ་སྔགས་ཕྲེང་མགྲིན་པར་བཞག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཨཱཿ རིན་ཆེན་ཐོད་པའི་ཕྲེང་བ་ལ༔ སྙིང་པོ་སྔགས་ཀྱི་ནུས་པ་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གྲགས་སྟོང་གསུང་གི་དབང་ཐོབ་ཤོག༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་སྙིང་པོ་སྔགས་ཀྱི་དབང་བསྐུར་བས་དེང་ཕྱིན་ཆད་སྒྲར་སྣང་ཞིང་གྲགས་པ་ཐམས་ཅད་རྡོ་རྗེ་ཕག་མོའི་གསུང་རྡོ་རྗེའི་གསང་སྔགས་གྲགས་སྟོང་ཟུང་འཇུག་ཏུ་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག༔ སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་ཐུགས་ཕྱག་མཚན་རྡོ་རྗེའི་ཁ་ཊྭཱྃ་གའི་རྣམ་པར་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཧཱུྃ༔ གཉིས་མེད་ཡེ་ཤེས་ཁ་ཊྭཱྃ་ག༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་སྟོང་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ལྷ་སྔགས་ཀྱིས་མཚོན་པའི་རྟོག་ཚོགས་ཐམས་ཅད་རིག་སྟོང་ཟུང་འཇུག་ཏུ་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག༔ ཡོན་ཏན་ཡོངས་རྫོགས་གླེགས་བམ་གྱི་དབང་བསྐུར་བ་ནི། གླེགས་བམ་གཏད་ལ༔ ཧྲཱི༔ མཆོག་ཐུན་དངོས་གྲུབ་ཀུན་གྱི་གཞི༔ རྡོ་རྗེ་བཙུན་མོའི་སྔགས་རྒྱུད་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འདོད་འབྱུང་ཡོན་ཏན་དབང་ཐོབ་ཤོག༔ གུ་ཎ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ དེང་ཕྱིན་ཆད་སྒོ་གསུམ་གྱི་བྱེད་པ་ཐམས་ཅད་རྡོ་རྗེ་ཕག་མོའི་ཡོན་ཏན་གྱི་རོལ་པར་ཤེས་པས་ཟབ་མོའི་སྔགས་རྒྱུད་འཆད་པ་སོགས་རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་རྗེས་སུ་སྒྲུབ་པར་གྱིས་ཤིག༔ ཕྲིན་ལས་སྣ་ཚོགས་རྡོ་རྗེ་དང་བདུད་རྩིའི་དབང་བསྐུར་བ་ནི། སྣ་ཚོགས་རྡོ་རྗེ་དང་བདུད་རྩི་བྱིན་ལ༔ ཧོ༔ ཐུན་མོང་མཆོག་གི་ལས་ཀྱི་ཚོགས༔ མཚོན་བྱེད་རྟགས་ཀྱི་ཕྱག་རྒྱ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་འདུལ་ཕྲིན་ལས་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ དེང་ཕྱིན་ཆད་བྱེད་སྤྱོད་ཐམས་ཅད་རྡོ་རྗེ་ཕག་མོའི་ཕྲིན་ལས་སུ་ཤེས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་བརྩོན་པར་གྱིས་ཤིག༔ དེ་དག་གིས་ནི་དོན་གཉིས་ཕུན་སུམ་ཚོགས་པར་བྱེད་པ་རྡོ་རྗེ་སློབ་དཔོན་གྱི་དབང་གྲུབ་པ་ལགས། དེ་ལྟར་བུམ་པའི་དབང་བསྐུར་བས་ལུས་དང་རྩའི་སྒྲིབ་པ་དག༔ བསྐྱེད་བཟླས་ཕྲིན་ལས་སྒྲུབ་པ་ལ་དབང་༔ འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ༔ དེ་དག་རྣམས་ཀྱིས་ལུས་སྨིན་པར་བྱེད་པའི་བུམ་པའི་དབང་འཁོར་དང་བཅས་པ་གྲུབ་ནས། དེའི་རྗེས་འབྲེལ་དུ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་སྟོན་པ་ལ། དང་པོ་སྐུ་བསྐྱེད་རིམ་ཕྱག་རྒྱའི་སྒྲུབ་ཐབས་ནི༔ དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་དག་པའི་རྣལ་འབྱོར་པས་དུར་ཁྲོད་ལ་སོགས་པ་དབེན་ཞིང་ཟིལ་ཆེ་བའི་གནས་སུ༔ སྒྲུབ་པའི་ཁང་པ་བྱི་དོར་བྱ་ཞིང་བདུད་རྩི་ལྔའི་ཆུས་ཆག་ཆག་གདབ༔ མཎྜལ་གྱི་གཞིར་མཚན་མའི་དཀྱིལ་འཁོར་ཇི་ལྟར་རིགས་པ་འདུ་བྱས་པའི་ཁར་མཉྫིའི་སྟེང་དུ་ཐོད་པ་མཚན་ལྡན་ནང་སྒྲུབ་པའི་དཔལ་གཏོར་བརྗིད་དང་ལྡན་པ་བྲིས་སྐུ་དང་སྔགས་བྱང་བརྒྱན་ཅིང་དར་གདུགས་ཀྱིས་སྤྲས་པ་དང་༔ དེའི་མདུན་དུ་སྨན་གཏོར་རཀྟ་མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཤམ༔ རང་ཉིད་སྐྲ་གྲོལ་ཞིང་ཁ་ནུབ་ཏུ་ཕྱོགས་པས་ལྷག་པའི་ལྷ་དང་བླ་མ་དབྱེར་མེད་པར་ཤེས་པ་ལ་མོས་འདུན་དྲག་པོ་རྩེ་གཅིག་པས་རྒྱུད་སྦྱང་བ་ནི༔ ཚོགས་ཤིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར༔ སྐྱབས་སུ་འགྲོ་བ་སོགས་བྱས་མཐར་ཚོགས་ཞིང་རྣམས་རང་ལ་བསྟིམ། རྡོར་སེམས་སྒོམ་བཟླས་ནི་རང་གི་སྤྱི་བོར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་སྙེམས་མ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ༔ དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་མཉམ་པར་སྦྱོར་བའི་ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུ་དུས་བཞིའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་ཀ་དང་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས༔ ཧཱུྃ་ལ་ཐིམ་པས་བྱིན་རླབས་དང་གཟི་བརྗིད་འོད་དུ་འབར་བར་བསམ༔ ཨོཾ༔ བླ་མ་ཁྱབ་བདག་རྡོ་རྗེ་སེམས༔ སྐྱབས་གནས་ཀུན་འདུས་བདག་ལ་དགོངས༔ བདག་གི་ཚེ་རབས་ཐོག་མེད་ནས༔ བསགས་པའི་སྡིག་ལྟུང་ཉམས་ཆགས་ཀུན༔ མི་འཆབ་མི་སྦེད་སྙིང་ནས་བཤགས༔ སླན་ཆད་སྡོམ་པར་དམ་བཅའ་ན༔ ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས༔ དག་ཅིང་ཚངས་པར་སྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་ཐུགས་ཀའི་ཧཱུྃ་ལས་བདུད་རྩིའི་རྒྱུན་བྱུང་༔ རང་གི་སྤྱི་བོ་ནས་ཞུགས༔ ལུས་ཀྱི་ནང་གང་༔ ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བསམས་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླས་མཐར་བཤགས་སྡོམ་དང་བཅས་རང་ལ་བསྟིམ༔ ཁྱད་པར་བྱིན་རླབས་གནད་འབེབས་ཀྱི་རྣལ་འབྱོར་ནི༔ རང་མདུན་ནམ་མཁའ་འོད་ལྔའི་ཀློང་༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་རྡོ་རྗེ་འཆང་༔ མཐིང་གསལ་རྡོར་དྲིལ་ཡུམ་དང་འཁྲིལ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔའི་ཀློང་ན་བཞུགས༔ སྐུ་ནི་དགེ་འདུན་གསུང་དམ་ཆོས༔ ཐུགས་ནི་གདོད་ནས་རྫོགས་སངས་རྒྱས༔ ཕུང་ཁམས་སྐྱེ་མཆེད་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་ཚོགས༔ སྐྱབས་ཀུན་འདུས་པའི་ངོ་བོར་གྱུར༔ ཅེས་གསལ་བཏབ་ལ་ཚོགས་བསག་པའི་སླད་དུ་མཎྜལ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱི་ལྟར་སྣོད་བཅུད་བཀོད་པ་རྫོགས༔ ནང་དུ་ལུས་དང་ལོངས་སྤྱོད་རྒྱན༔ གསང་བ་བྱང་སེམས་མཎྜ་ལ༔ འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ༔ རཏྣ་མཎྜལ་པཱུ་ཛ་ཧོ༔ མོས་གུས་དྲག་པོས་གསོལ་བ་གདབ་པ་ནི༔ རྩ་བའི་བླ་མ་རྡོ་རྗེ་འཆང་༔ སྐྱབས་གནས་ཀུན་འདུས་བདག་ཉིད་ལ༔ སྙིང་ནས་གུས་པས་གསོལ་བ་འདེབས༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཞེས་བརྒྱ་སྟོང་སོགས་དང་༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་དྷ་ར་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་བཟླས་མཐར་དབང་བླང་བ་ནི༔ བླ་མ་ཡབ་ཡུམ་སྦྱོར་མཚམས་ནས༔ ཡེ་ཤེས་བདུད་རྩིའི་ཆར་རྒྱུན་བབས༔ རང་གི་གནས་བཞིའི་འཁོར་ལོ་གང་༔ སྒྲིབ་བཞི་དག་ཅིང་དབང་བཞི་ཐོབ༔ དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས༔ སྐུ་བཞི་ཐོབ་པའི་རྟེན་འབྲེལ་བསྒྲིགས༔ མཐར་ནི་རང་ཐིམ་གཉིས་མེད་གྱུར༔ ཅེས་དམིགས་པ་གསལ་བཏབ་ལ༔ ཐུགས་ཡིད་བསྲེས་ཏེ་རིག་པ་མ་བཅོས་སྤྲོ་བསྡུ་བྲལ་བའི་ངང་བསྐྱངས་ཏེ་མཉམ་པར་བཞག༔ འདི་རྣམས་རྟགས་ཐོན་པར་ཉམས་སུ་བླང་ངོ་༔ དེ་ནས་བགེགས་བསྐྲད་ཅིང་མཚམས་བསྲུང་བ་ནི༔ རང་སྐད་ཅིག་གིས་དཔལ་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཧཱུྃ་གི་སྒྲས་ཁྲོ་བོའི་སྤྲིན་རབ་འབྱམས་སུ་སྤྲོས་ཏེ་རྣལ་འབྱོར་ཟབ་མོ་བསྒོམ་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་རྣམས་རྒྱང་རིང་དུ་བསྐྲད་པར་བསམས་ལ་ཧཱུྃ་བཞི་པའི་སྔགས་བརྗོད༔ ཁྲོ་ཚོགས་རྣམས་སླར་འདུས་ཏེ་རང་ལ་ཐིམ་པ་འོད་དུ་ཞུ་བ་ལས་སྲུང་བའི་འཁོར་ལོ་རྩིབས་བཅུ་པ་ཡངས་ཤིང་རྒྱ་ཆེ་བ་གོ་སྐབས་མེད་པས་གཏམས་པའི་དབུས་སུ་རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བ༔ སྟེང་འོག་དང་ཕྱོགས་མཚམས་ཀྱི་རྩིབས་ལ་སྤྲུལ་པའི་ཁྲོ་བོ་བཅུ་རྔམས་བརྗིད་འབར་བ་དེའི་ཕྱི་རོལ་ཏུ་རྡོ་རྗེའི་རྭ་བ༔ མེའི་གུར༔ མདའི་དྲྭ་བ་རྣམས་ཀྱིས་བསྐོར་བ་བསྐལ་པའི་རླུང་གིས་ཀྱང་གཞོམ་ཞིང་གཞིག་པར་མི་ནུས་པའི་སྲུང་བའི་འཁོར་ལོ་གསལ་ཞིང་བརྟན་པར་བསམས་ལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཙཀྲ་བཛྲ་སཱ་ར་ཨ་ན་ལ་ཛྭ་ལ་སྃ་རཀྵ་རཀྵ་བྷྲཱུྃ༔ ཞེས་བརྟན་པར་བྱའོ༔ དེ་ནས་མཆོད་པའི་ཡོ་བྱད་རྣམས་ལ་དམིགས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་བགེགས་བསང་ཞིང་སྟོང་པར་སྦྱང་༔ སྟོང་པའི་ངང་ལས་གནས་ཡུལ་དུར་ཁྲོད་ཞིང་གི་བཀོད་པ་འབྱམས་ཀླས་པའི་དབུས་སུ༔ ཕྱི་ནང་གསང་བའི་མཆོད་རྫས་སྟོང་པའི་རང་བཞིན༔ བདེ་བའི་རྣམ་པ༔ ཡེ་ཤེས་ཀྱི་རོལ་མོ་མཁའ་ཁྱབ་ཏུ་འཆར་བར་བསམས་ལ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤཔྡ་ཨཱཿཧཱུྃ༔ ཨོཾ་པཉྩ་ཀཱ་མ་གུ་ན་ཨཱཿཧཱུྃ༔ ཨོཾ་བོདྡྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ༔ མ་ཧཱ་སུ་ཁ་ཛྙཱ་ན་བཛྲ་སྥ་ར་ཎ་ཁཾ༔ ཞེས་པས་བྱིན་གྱིས་བརླབས་ཤིང་རྒྱས་པར་སྤེལ༔ དངོས་གཞི་ནི༔ ཧཱུྃ་ཞེས་བརྗོད་པས་རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བ་འོད་དུ་ཞུ་བ་ལས་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ལྟེ་བར་སྣ་ཚོགས་པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་རང་སེམས་གཉུག་མ་མི་ཤིགས་པའི་ཐིག་ལེ་ཧྲཱིཿཡིག་དཀར་གསལ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་རབ་ཏུ་དཀར་ཞིང་དྭངས་བའི་མདངས་དང་ལྡན་པ༔ ཞི་ཞིང་འཛུམ་ལ་ཅུང་ཟད་ཁྲོ་བོའི་ཉམས་དང་བཅས་རྗེས་སུ་ཆགས་པའི་གཟི་བྱིན་ཆེས་ཆེར་འབར་བ༔ རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པས་ས་གསུམ་གཡོ་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བའི་མྱུ་གུ་བཞི་གཙིགས་པ༔ ཕྱག་གཡས་པས་འཁོར་ལོས་མཚན་པའི་གྲི་གུག་ནམ་མཁར་འཕྱར་བས་གཟུང་འཛིན་གྱི་རྣམ་རྟོག་གཅོད་ཅིང་༔ གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀར་བསྣམས་པས་བདེ་ཆེན་ཡེ་ཤེས་ཀྱི་རྒྱུན་འབེབས་པ༔ གྲུ་མོ་གཡོན་དུ་ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱིས་རྡོ་རྗེའི་ཁ་ཊཱྃ་གའི་རྣམ་པར་འཆང་བས་བདེ་སྟོང་གཉིས་སུ་མེད་པ༔ དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར་འཁོར་ལོས་མཚན་ཅིང་ལྷག་མ་སིལ་བུར་གྲོལ་བས་སྐུ་སྐེད་ཡན་ཆད་ཁེབས་པ༔ ནུ་འབུར་མཁྲེགས་ཤིང་གསང་བའི་པདྨོ་རྒྱས་པ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན༔ རུས་པའི་ཕྱག་རྒྱ་ལྔ་དང་དར་དཔྱངས་ཀྱིས་བརྒྱན་པ༔ ཞབས་གཡས་པ་སྐུམས་ཤིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞུགས་པའི་སྙིང་གའི་དབུས་སུ་རང་འདྲ་བའི་ཡེ་ཤེས་སེམས་པ་མཚོན་གང་བ༔ དེའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་ཧྲཱིཿ དཀར་པོས་མཚན་པ་ལ་སེམས་གཏད་པས་བདེ་བ་ཆེན་པོའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་པའི་རྐྱེན་གྱིས་དེ་ལས་འོད་ཟེར་འཕྲོས༔ ལུས་ཀྱི་ནང་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་གསལ་བར་བྱས༔ དེའི་རྐྱེན་གྱིས་སྐད་ཅིག་གིས་སྙིང་གའི་ནང་སྐོར་གྱི་རྩ་འདབ་བཞི་ལ་སྙིང་པོའི་རྣལ་འབྱོར་མ་བཞི༔ ཕྱི་སྐོར་བརྒྱད་ལ་སྒོ་མཚམས་མ་བརྒྱད༔ སྤྱི་བོ་ལ་སོགས་པའི་རྩ་མདུད་རྣམས་སུ་ཡུལ་ཉི་ཤུ་རྩ་བཞིའི་རྣལ་འབྱོར་མ་རྣམས་དང་༔ གཞན་ཡང་རྩ་ཁམས་ཐམས་ཅད་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་གང་བ་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པར་གསལ་གདབ༔ ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ ལྟེ་བར་ཧོཿསེར་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་བསམས་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧྃ༔ ཞེས་ང་རྒྱལ་གཟུང་༔ མིག་གྱེན་དུ་བལྟ་ཞིང་འབར་བའི་རྒྱ་དང་བཅས་ཕཻཾ་ཞེས་དྲག་ཏུ་བརྗོད་པས་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་བསམས་ལ༔ ཨོཾ༔ སྟོང་པ་ཤིན་ཏུ་ཡོད་མེད་ལས༔ ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་བཞེངས༔ དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདིར༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་བྷཱ་རཱ་ཧཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཞེས་པས་སྤྱན་དྲང་༔ བཛྲ་ཛྙཱ་ན་ས་མ་ཡ་ཛཿཧཱུྃ་བྃ་ཧོཿས་བསྟིམ༔ སླར་ཡང་ཕཻཾ་ཞེས་པས་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྤྲིན་ཆེན་པོས་མངོན་པར་དབང་བསྐུར་བས་ཐ་མལ་སྣང་ཞེན་གྱི་དྲི་མ་དག༔ བདེ་བ་མཆོག་གི་ཡེ་ཤེས་མངོན་དུ་བྱས༔ ཆུ་ལྷག་མ་སྤྱི་བོར་བརྟན་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམས་ལ༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་མ་ཧཱ་སུ་ཁ་སུ་ར་སྟྭཾ་ཨ་ཧཾ༔ ཞེས་བརྗོད༔ ཐུགས་ཀ་ནས་སྤྲུལ་པའི་ཕྱི་ནང་གི་མཆོད་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་ཅིང་བསྟོད་པས་བདེ་ཆེན་ཡེ་ཤེས་ཀྱི་གཟི་བྱིན་སྤེལ་བར་བསམས་ལ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤཾ༔ དྷཱུ་པཾ༔ དཱི་པཾ༔ གནྡྷཾ༔ ནཻ་བིདྱཾ༔ ཤཔྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ པཉྩ་ཀཱ་མ་གུ་ཎ་ས་མ་ཡ་ཧོ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ས་མ་ཡ་སྟྭཾ༔ སརྦ་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ༔ རཀྟ་བི་པ་ཧོ༔ ཨི་དཾ་བ་ལིཾ་གྲྀཧྞ་བྷཱུཉྫ་ཧོ༔ ཨོཾཿ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ ཟླ་བ་ལྟར་དཀར་རྗེས་ཆགས་ཉམས༔ ཡེ་ཤེས་གཟི་བྱིན་ཆེར་འབར་བ༔ ཁམས་གསུམ་དབང་ཕྱུག་མ་ལ་བསྟོད༔ དེ་ནས་ཐོག་མར་ཕྱི་དབྱིབས་ཀྱི་ལྷ་སྐུ་དང་༔ རིམ་པར་ནང་རྩ་ཁམས་ལྷར་གསལ་བ་ལ་སེམས་རྩེ་གཅིག་ཏུ་གཟུང་༔ གསལ་སྣང་སྐྱེས་པ་ན་རང་བཞིན་གཉུག་མའི་ཡེ་ཤེས་དང་བསྲེས་ནས་ང་རྒྱལ་བརྟན༔ ཕྱི་ནང་གི་རྡོ་རྗེ་ཕག་མོ་ལ་སོགས་པའི་ལྷ་རྣམས་སངས་རྒྱས་ཆོས་ཀྱི་སྐུའི་ཡེ་ཤེས་མངོན་པར་བྱང་ཆུབ་པའི་ཆོས་སོ་བདུན་གྱི་ངོ་བོར་རྣམ་པར་དག་ཅིང་༔ མངོན་པར་བྱང་ཆུབ་པའི་ཆོས་ཐམས་ཅད་ཀྱང་ལྷ་སོ་བདུན་གྱི་རྣམ་པར་ཤར་བ་དང་༔ ཡེ་ཤེས་ཀྱི་རང་རྩལ་མཁའ་ཁྱབ་ཏུ་འཕྲོ་བའི་བདག་ཉིད་ཅན་དུ་ཤེས་པར་བྱས་ལ་དག་པ་རབ་འབྱམས་ཀྱི་རྩལ་སྦྱང་ངོ་༔ དེ་ནི་སྐུ་བསྐྱེད་རིམ་བསྙེན་པའི་རྣལ་འབྱོར་ཞེས་བྱའོ༔ ས་མ་ཡ༔ | |||
གཉིས་པ་གསུང་བཟླས་པ་སྔགས་ཀྱི་སྒྲུབ་ཐབས་ནི༔ ཡེ་ཤེས་སེམས་མའི་ཐུགས་ཀར་ཉི་ཟླའི་གྭ་འུ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿདཀར་པོ་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བ་གཡོན་སྐོར་དུ་འཁོད་པར་མོས་ལ༔ ཡིད་མིག་རླུང་གསུམ་ནང་དུ་གཏད་དེ་སེམས་རྩེ་གཅིག་ཏུ་འཛིན་བཞིན་པས༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་འབུམ་ཕྲག་བཞི་བཟླ་བ་ནི་བསྙེན་པའོ༔ ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་༔ ཞལ་ནས་ཐོན༔ ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་གའི་རྩེ་མོ་ནས་ཞུགས༔ བདེ་བ་ཆེན་པོའི་གཟི་བྱིན་འབར༔ རྩ་བ་ནས་བརྒྱུད་གསང་བའི་པདྨོ་ནས་གྱེན་དུ་བྱུང་༔ དེ་ལྟར་བར་མ་ཆད་པར་འཁོར་བས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བརྟན་པར་བསམས་ལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ འབུམ་ཕྲག་གཉིས་བཟླ་བ་ནི་སྒྲུབ་པའོ༔ སླར་ཡང་སྔགས་ཕྲེང་ལས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་འབར་བས་འཁོར་འདས་ཀྱི་ཁམས་ཐམས་ཅད་ཁྱབ་ཅིང་གཡོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བྱིན་རླབས་བསྡུས་ཏེ་བདག་ལ་ཐིམ༔ ཁམས་གསུམ་གྱི་འགྲོ་ཀུན་སྒྲིབ་གཉིས་བག་ཆགས་དང་བཅས་པ་བསྲེགས་ཤིང་སྦྱངས༔ དྭངས་མ་རྡུལ་ཕྲན་འོད་གསལ་གྱི་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ཕྱག་རྒྱར་སད༔ ཕོ་ཉ་གསུམ་གྱི་བྱིན་རླབས་དང་ནུས་སྟོབས་ཐམས་ཅད་རང་ལ་ཐིམ་པས་མཁའ་སྤྱོད་ཆེན་པོའི་ཡེ་ཤེས་ལ་དབང་བསྒྱུར༔ འདུལ་ཐབས་བཞིའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམས་ལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་འབུམ་ཕྲག་གཅིག་བཟླ་བ་ནི་ལས་སྦྱོར་ཏེ་ཡེ་ཤེས་ལ་དབང་བར་འགྱུར་རོ༔ དེ་ནི་གསུང་བཟླས་པ་ཉེར་བར་བསྙེན་པའི་རྣལ་འབྱོར་རོ༔ དེས་རིམ་པ་དང་པོའི་ཁྲིད་སོང་ནས་དེ་ལྟ་བུའི་ཡེ་ཤེས་སྨིན་པ་དང་༔ གྲོལ་བ་དང་༔ མཐར་ཕྱིན་པའི་སླད་དུ་མཆོག་གི་དབང་གསུམ་བསྐུར་བ་ལ༔ ཐོག་མར་གསང་དབང་གི་སླད་དུ་དམིག་པ་འདི་ལྟར་མཛོད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པ་དཔལ་ཧེ་རུ་ཀ་འདུས་པ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཨཱཿ བཅོམ་ལྡན་རྡོ་རྗེ་བཙུན་མོ་དང་༔ ཧེ་རུ་ཀ་དཔལ་སྙོམས་ཞུགས་པའི༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ ཡེ་ཤེས་སྨིན་པའི་དབང་བསྐུར་རོ༔ གུུ་ཧྱ་ཛྙཱ་ན་ཨ་མྲི་ཏ་ཨ་བྷི་ཥིཉྩ་ཨཱཿ ཞེས་བྱིན་པའི་བདུད་རྩི་དེ་ཉིད་ཨ་ཧོ་མ་ཧཱ་སུ་ཁ། ཞེས་གསུངས་ཤིང་མྱང་བར་ཞུ། དེ་ལྟར་མྱང་པས་རྩ་ཁམས་ཐམས་ཅད་བདུད་རྩིས་ཁྱབ་སྟེ་ལུས་དཀྱིལ་གྱི་ལྷ་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཡི་གེའི་གཟུགས་སུ་ཤར་བས་གསལ་སྟོང་བདེ་བའི་ཡེ་ཤེས་སུ་སྨིན་པར་མོས་ནས། རླུང་ཁ་སྦྱོར་དུ་བཟུང་བར་ཞུ། དེ་ལྟར་གསང་བའི་དབང་བསྐུར་བས་ངག་དང་རླུང་གི་སྒྲིབ་པ་དག༔ སྲོག་རྩོལ་ཁ་སྦྱོར་གྱི་ལམ་སྒོམ་པ་ལ་དབང་༔ འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ༔ དེས་ངག་སྨིན་པར་བྱེད་པ་གསང་དབང་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། གསུམ་པ་ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་ཁྲིད་ལ་སྔོན་འགྲོ་གོང་དུ་སོང༌། དངོས་གཞི་ལ་བཞི༔ བཀོད་པ་རྩའི་རྣལ་འབྱོར༔ གཡོ་བ་རླུང་གི་རྣལ་འབྱོར༔ དྭངས་མ་ཐིག་ལེའི་རྣལ་འབྱོར༔ དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་རྣལ་འབྱོར་རོ༔ དེ་ལ་བསྐྱེད་བཟླས་ཀྱི་གསལ་སྣང་ཐོན་པས༔ དང་པོ་བཀོད་པ་རྩའི་རྣལ་འབྱོར་ནི༔ བདེ་བའི་སྟན་ལ་ལུས་གནད་ཤིན་ཏུ་དྲང་པོར་བསྲང་༔ མིག་བར་སྣང་ལ་ཧ་རེ་གཏད༔ རླུང་རོ་བསལ༔ སེམས་རྟོག་མེད་ཀྱི་ངང་བསྐྱང་༔ དེའི་ངང་ལས་རང་ལུས་ཕག་མོའི་སྐུ་སྟོང་ར་འོད་ཀྱི་རང་བཞིན་ཅན་དུ་གསལ༔ རྩ་གསུམ་འཁོར་ལོ་བཞི་བཅས་དྭངས་ཞིང་རྙོགས་པ་མེད་པར་བསྒོམ༔ སྙིང་གའི་རྩ་འདབ་ཀྱི་དབུས་སུ་ཧྲཱི༔ ནང་སྐོར་གྱི་འདབ་བཞིར་མདུན་ནས་གཡོན་སྐོར་གྱིས་མཱྃ་ཏཱྃ་པཱྃ་ལཱྃ༔ ཕྱི་སྐོར་བརྒྱད་ལ་ཧཱུྃ༔ མགྲིན་པར་ཨཱྃ་དང་ཨཱ་ལི་བཅུ་དྲུག་གཡོན་སྐོར༔ སྤྱི་བོར་ཧྃ་དང་ཀཱ་ལི་སོ་གཉིས་གཡས་སྐོར༔ ལྟེ་བ་རཀྵཿདང་ཀཱ་ལི་སོ་གཉིས་ཚར་གཉིས་གཡས་སྐོར༔ སྤྱི་བོར་པཱུ༔ སྤྱི་གཙུག་ཏུ་ཛ༔ རྣ་བ་གཡས་པར་ཨོ༔ ལྟག་པར་ཨཿ རྣ་བ་གཡོན་པར་གོ༔ སྨིན་མའི་དབུས་སུ་ར༔ མིག་གཉིས་སུ་དེ༔ ཕྲག་པ་གཉིས་སུ་མ༔ མཆན་ཁུང་གཉིས་སུ་ཀ༔ ནུ་མ་གཉིས་སུ་ཨོ༔ ལྟེ་བར་ཏྲི༔ སྣ་རྩེར་ཀོ༔ ཡ་རྐན་ལ་ཀ༔ མགྲིན་པར་ལ༔ སྙིང་ལ་ཧི༔ མཚན་མ་ལ་པྲེ༔ བཤང་ལམ་དུ་གྲྀ༔ བརླ་ལ་སཽ༔ བྱིན་པ་ལ་སུ༔ རྐང་སོར་བརྒྱད་ལ་ནཱ༔ བོལ་གོང་ལ་སི༔ རྐང་པའི་མཐེ་བོ་གཉིས་ལ་མ༔ པུས་མོ་གཉིས་ལ་ཀུ༔ དེ་ཐམས་ཅད་ཀྱང་རྩ་མདུད་ཁམས་དང་བཅས་ངོ་བོ་ལྷ་ལ་རྣམ་པ་ཡི་གེའི་གཟུགས་བདེ་སྟོང་དབྱེར་མེད་མཚོན་པའི་ཕྱིར་དཀར་ལ་དམར་བའི་མདངས་འོད་འཚེར་བ་གསལ་གདབ༔ རླུང་འཇམ་པོར་བཟུང་ནས་ཡིད་མིག་རླུང་གསུམ་སྙིང་གའི་ཧྲཱིཿལ་རྩེ་གཅིག་ཏུ་གཏད་པས་བདེ་བ་ཆེན་པོའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས༔ དེ་ལས་འོད་ཟེར་འཕྲོས་སྣ་བུག་གི་རླུང་དང་འགྲོགས་ཏེ་མཁའ་ཁྱབ་ཏུ་སྣང་བས་དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་དང་༔ དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ལ་ཕོག་པས་ཐུགས་ཟག་མེད་ཀྱི་བདེ་བས་མཉེས༔ སྐུ་ཡེ་ཤེས་ཀྱི་གཟི་བྱིན་འབར་བའི་དྭངས་བཅུད་འོད་ཟེར་འཇའ་ཚོན་གྱི་རྣམ་པར་སྤྱན་དྲངས་ནས་སྙིང་གའི་ཧྲཱིཿལ་སིབ་སིབ་ཐིམ་ཞིང་གཟི་མདངས་ཆེར་འབར་བའི་འོད་ཀྱིས་རྩ་གནས་ཡི་གེའི་གཟུགས་སུ་གནས་པ་ཐམས་ཅད་ལ་ཁྱབ་པས་རྩ་ཁམས་ཀྱི་སྙིགས་མ་སྦྱངས༔ དྭངས་མ་གསལ་ཞིང་རྙོགས་པ་མེད་པ་འཇའ་ཚོན་གྱི་རྣམ་པ་ཅན་དུ་གྱུར་པར་བསམས་ལ་རླུང་འཇམ་པོར་བཟུང་༔ མཐར་དེ་རྣམས་ལས་འོད་ཟེར་འཇའ་ཚོན་ལྟ་བུ་བུན་གྱིས་ལངས་པས་ལུས་ཕྱི་ནང་གི་ཆ་ཤས་གང་ལ་རེག་པ་ཐམས་ཅད་འཇའ་ཚོན་གྱི་རྣམ་པ་ཅན་དུ་གྱུར༔ དེ་རྣམས་རིམ་གྱིས་འདུས་ཏེ་སྙིང་གའི་ཧྲཱིཿལ་ཐིམ༔ དེའང་ཡལ་གྱིས་ཡལ་བར་བསམས་ལ་དམིགས་བསམ་བརྗོད་བྲལ་ནམ་མཁའ་ལྟ་བུའི་ངང་དུ་ཆམ་མེར་བཞག༔ སླར་ཡང་དྭངས་མའི་ཆུ་ལས་ཉ་འཕར་བ་ལྟར་སྔར་བཞིན་གསལ་བཏབ་ནས་འོད་ཟེར་སྤྲོ་བསྡུ་སོགས་བྱ༔ ཐུན་མཚམས་རྣམས་སུ་རྩ་མདུད་གྲོལ་བའི་འཁྲུལ་འཁོར་ཡང་ཅི་རིགས་པར་བྱའོ༔ དེ་ལྟར་ཉམས་སུ་བླངས་པས་གནས་སྐབས་སུ་ལུས་ཀྱི་ནད་རྙིང་པར་འབྱོངས༔ གསར་པ་མི་སྐྱེ༔ ཚེ་རིང་༔ རྒས་སྲ༔ ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་ཤིང་ཤིན་ཏུ་སྦྱངས་པའི་བདེ་བས་ཁྱབ༔ མཐར་ཐུག་རགས་ལུས་དྭངས་མར་གནས་གྱུར་ཏེ་ཡེ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་རོ༔ གཉིས་པ་རླུང་གི་རྣལ་འབྱོར་ནི༔ ལུས་གནད་བསྲང་༔ རང་ལུས་རྩ་འཁོར་ཡི་གེ་དང་བཅས་པ་གསལ༔ རླུང་རོ་ཕྱིར་དྲག་ཏུ་བུས་པ་དང་མཉམ་ལུས་ཀྱི་རླུང་གི་སྙིགས་མ་ཐམས་ཅད་དུ་བའི་རྣམ་པས་འཚུབས་ཤིང་འཁྱིལ་བ་ཕྱིར་ཐོན་པར་བསམས་ལ་ཅུང་ཟད་ཕྱིར་འཛིན༔ དེ་ནས་སྟེང་རླུང་དལ་བུས་རྔུབས༔ འོག་རླུང་གྱེན་དུ་དྲངས༔ ལྟེ་བར་ཁ་སྦྱར༔ དགང་ཞིང་གཞིལ༔ མི་ཐུབ་ན་ཕྱིར་སངས་ཀྱིས་བུས་པ་དང་མཉམ་དུ་སྙིང་གའི་ཧྲཱིཿལས་ཡེ་ཤེས་ཀྱི་རླུང་འོད་ཟེར་ལྔ་ལྡན་གྱི་རྣམ་པས་ཕྱིར་ཐོན་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས༔ དེ་བཞིན་གཤེགས་པ་ཐམས་ཅད་དང་༔ དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཤངས་བུག་ནས་ཞུགས༔ སྐུ་ལ་གནས་པའི་ཡེ་ཤེས་ཀྱི་རླུང་དང་རོ་གཅིག་ཏུ་འདྲེས༔ ཟག་པ་མེད་པའི་བདེ་བ་བསྐྱེད༔ སླར་ཡང་ཡེ་ཤེས་ཀྱི་རླུང་འོད་ཟེར་ལྔ་ལྡན་གྱི་རྣམ་པས་ཤངས་བུག་ནས་ཐོན༔ རང་གི་སྣ་སྒོའི་རླུང་དང་རོ་གཅིག་ཏུ་དྲངས་ཏེ་ཁ་སྦྱར༔ ལྟེ་བའི་རླུང་གི་དྭངས་མ་སྙིང་གའི་ཧྲཱི༔ལ་ཐིམ༔ དེ་ལས་ཡེ་ཤེས་ཀྱི་རླུང་འོད་ཟེར་གྱི་རྣམ་པས་རྩ་གནས་ཐམས་ཅད་དུ་ཞུགས་ནས་རྩ་ཁམས་ཡི་གེ་དང་བཅས་པ་ཡེ་ཤེས་ཀྱི་རླུང་གིས་ཁྱབ༔ སྟོང་གསལ་མཆོག་གི་ཏིང་འཛིན་རྒྱུད་ལ་སྐྱེས༔ ཡེ་ཤེས་ཀྱི་རླུང་རྣམས་སྙིང་གའི་ཧྲཱིཿདང་དབྱེར་མེད་དུ་བཞུགས་པར་བསམས་ལ་བུམ་ཅན་ཅི་ནུས་འཛིན༔ དེ་ལྟ་བུའི་སྤྲོ་བསྡུའི་དམིགས་པ་རྩེ་གཅིག་པས་བུམ་ཅན་མཐར་མ་ཕྱིན་གྱི་བར་དུ་བསླབ༔ ཐུན་མཚམས་རྣམས་སུ་རླུང་གེགས་སེལ་བའི་འཁྲུལ་འཁོར་ཀྱང་བྱ༔ དེས་གནས་སྐབས་སུ་རླུང་ཟིན་པས་སེམས་ཟིནཿ འོད་གསལ་གྱི་རྟགས་འཆར༔ ཕྲ་ཡང་ལ་སོགས་པའི་ཡོན་ཏན་དང་ཚིག་གི་མཆོག་འགྲུབ༔ ལས་བཞི་རྩོལ་མེད་དུ་བྱེད༔ མཐར་ཐུག་ལས་རླུང་ཡེ་ཤེས་སུ་དག་པས་གསལ་སྟོང་མཆོག་གི་ཏིང་ངེ་འཛིན་སྐྱེ་ཞིང་༔ མི་ཤིགས་པ་ནཱ་དའི་སྒྲ་དབྱངས་ལ་དབང་སྒྱུར་བར་འགྱུར་རོ༔ གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་ཐུགས་འདུན་འདི་ལྟར་གནང་བར་ཞུ། སིནྡྷུ་རའི་མཎྜལ་རིགས་ཀྱི་ཡུམ་དང་དབྱེར་མེད་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ཕྱག་ཏུ་གཏད་པའི་མོས་པ་མཛོད། ཧཱུྃ༔ རྣམ་ཐར་གསུམ་ལྡན་མཁའ་དབྱིངས་སུ༔ རྡོ་རྗེ་བཙུན་མོའི་བདེ་ཆེན་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞུ་བདེའི་ལྷན་སྐྱེས་མངོན་འགྱུར་ཤོག༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཐིག་ལེ་ལྟེ་བར་བཀོད་པས་གཏུམ་མོའི་མེ་འབར༔ ཁམས་ཞུ་བའི་བདེ་བས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱི་ངང་དུ་གྲོལ་བའི་མོས་པ་མཛོད། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་སྒོམ་པ་ལ་དབང་༔ འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ༔ དེས་ཡིད་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། གསུམ་པ་ཐིག་ལེའི་རྣལ་འབྱོར་ནི༔ ལུས་བསྲངས༔ རླུང་རོ་བསལ༔ རང་ལུས་རྩ་འཁོར་ཡི་གེ་དང་བཅས་པ་སྔར་བཞིན་དུ་གསལ༔ ལྷག་པར་ལྟེ་འོག་རྩ་གསུམ་འཛོམས་པར་དྲོད་ཀྱི་དྭངས་མ་ཙཎྜ་ལཱི་ཨ་ཐུང་ཤད་ཀྱི་རྣམ་པ་མེ་འབར་ལ་ཁད་པ་གསལ་གདབ༔ རླུང་སྦྱོར་བ་བཞི་ལྡན་དུ་བཟུང་བས་ཨ་ཤད་ལས་མེ་ཤིན་ཏུ་ཕྲ་བ་འབར༔ རིམ་གྱིས་བསགས་པས་ལྟེ་འོག་གི་རྩ་གསུམ་ནང་དམར་མེར་གྱིས་ཁེངས་པར་བསམ༔ དེ་ནི་གཞི་བཅའ་བའོ༔ དེ་ནས་མེ་དེ་ལས་དྭངས་མ་གློག་གི་ཟེར་མ་ལྟ་བུ་དམར་ཁྱུག་གིས་གཡས་རོ་མ་ནས་བརྒྱུད༔ སྣ་བུག་གི་རླུང་དང་འགྲོགས་ཏེ་ཕྱིར་ཐོན༔ མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཤངས་བུག་གཡོན་ནས་ཞུགས༔ སྐུ་ལ་གནས་པའི་ཡེ་ཤེས་ཀྱི་མེ་དང་འདྲེས༔ ཟག་མེད་ཀྱི་བདེ་ཆེན་བསྐྱེད༔ བདེ་ཆེན་ཡེ་ཤེས་ཀྱི་མེའི་དྭངས་བཅུད་ཤངས་བུག་གཡས་ནས་བརྒྱུད༔ རླུང་དང་འགྲོགས་ཏེ་རང་གི་སྣ་གཡོན་ནས་རྐྱང་མའི་ནང་བརྒྱུད་དེ་ལྟེ་བའི་མེ་ལ་ཐིམ་པས་ཡེ་ཤེས་ཀྱི་གཟི་བྱིན་ལྷག་པར་འབར་བར་བསམས་ལ་རླུང་བཟུང་༔ དེ་ནི་བྱིན་གྱིས་བརླབ་པའོ༔ | |||
དེ་ནས་ལྟེ་འོག་གི་གཏུམ་མོའི་མེ་ཆེར་འབར་བས་ལྟེ་བའི་རྩ་འཁོར་ནས་བཟུང་རྩ་ཁམས་ཡི་གེ་དང་བཅས་པ་ལ་རིམ་གྱིས་ཞུགས་ཁམས་སྙིགས་མ་རྣམས་བསྲེགས༔ དྭངས་མ་དངུལ་ཆུ་ལྟ་བུ་ལྷག་པར་འཕེལ༔ རྩ་སྦུབས་ཐམས་ཅད་མེས་ཁེངས་པ་ལས་མཆེད་དེ་ལུས་ཀྱི་ནང་དང་༔ ཕྱི་རོལ་གྱི་བར་དུ་མེ་འབར་བས་རང་ཉིད་རྩ་ཐིག་རླུང་སེམས་དང་བཅས་པ་དྲོད་ཀྱི་ཡེ་ཤེས་ལྷག་པར་འབར་ཞིང་སྐུ་མདོག་ཀྱང་ལྕགས་གོང་དཀར་པོ་མེར་བསྲེགས་པ་ལྟར་དཀར་ལ་དམར་མདངས་ལྷག་པར་འཚེར་བར་བསམ༔ དེ་ནི་གཏུམ་མོའི་མེ་སྦར་བའི་རིམ་པའོ༔ སླར་མེའི་དྭངས་མ་ཤིན་ཏུ་ཕྲ་ཞིང་ལྷག་པར་ཚ་བ་ཞིག་དམར་ཁྱུག་གིས་འཕྲོས་ཏེ་སྤྱི་བོའི་ཧྃ་ལ་རེག་པས་བདེ་ཕྲིལ་གྱིས་སོང་༔ དེ་ལས་བདེ་ཆེན་གྱི་རང་བཞིན་ཀུནྡའི་རྒྱུན་ཕྲ་བ་ནར་གྱིས་བབས་པས་མེ་མར་མནན༔ བདུད་རྩིས་སྤྱི་བོ་ནས་བཟུང་འཁོར་ལོ་བཞི་དང་ཡུལ་ཉེར་བཞིའི་རྩ་ཁམས་ཡི་གེ་ཐམས་ཅད་ལ་ཁྱབ་པས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཏེ་རླུང་བཟུང་༔ དེ་ནི་ཐིག་ལེས་བདེ་བ་སྒྲུབ་པའི་རིམ་པའོ༔ སླར་ཡང་མེ་ཆེར་འབར་བ་དབུ་མའི་ལམ་ནས་ཐལ་གྱིས་སོང་༔ སྤྱི་གཙུག་ནས་ཐོན༔ བདེ་བར་གཤེགས་པ་དང་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་ཤངས་བུག་གཡོན་ནས་ཞུགས༔ ཡེ་ཤེས་ཀྱི་མེ་ལ་ཐིམ་པས་མཆོག་ཏུ་དགྱེས་ཤིང་འབར་བས་བྱང་ཆུབ་སེམས་བཞུ་བཏུལ་བདེ་བ་ཆེན་པོའི་རྒྱུན་ཤངས་བུག་གཡས་ནས་ཐོན༔ རང་གི་རླུང་དང་འགྲོགས་ཏེ་སྣ་བུག་གཡོན་བརྒྱུད་སྤྱི་བོའི་ཧྃ་ལ་རེག་པས་བདེ་ཆེན་བྱང་ཆུབ་སེམས་ཀྱི་ཡེ་ཤེས་ལྷག་པར་རྒྱས་པའི་དྭངས་མ་སྔར་བཞིན་བབས་པས་རྩ་ཐིག་ཡི་གེ་དང་བཅས་པ་ལ་ཁྱབ་ཅིང་མཆོག་ཏུ་མི་འགྱུར་བའི་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས་ལ་རླུང་བཟུང་༔ དེ་ནི་བདེ་བ་ཡེ་ཤེས་སུ་བྱིན་གྱིས་བརླབ་པའི་རིམ་པའོ༔ མཐར་ལུས་སེམས་ལ་བདེ་བའི་ཉམས་སྐྱེས་པ་ལ་ཡིད་གཏད༔ རླུང་དལ་བུས་བཟུང་༔ མིག་ནམ་མཁར་གཏད༔ སེམས་ཀྱིས་ཅིའང་ཡིད་ལ་མི་བྱེད་པར་དུས་གསུམ་གྱི་སྤྲོས་པ་དང་བྲལ་བའི་ངང་བསྐྱང་༔ དེ་ནི་ཡེ་ཤེས་རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་དུ་ལ་བཟླ་བའི་རིམ་པའོ༔ དེ་ལྟར་སྒོམ་པའི་ཐུན་མཚམས་རྣམས་སུ་ཐིག་ལེ་དབབ་བཟློག་དགྲམ་པའི་འཁྲུལ་འཁོར་ཡང་བྱ་བ་གཅེས་སོ༔ ཐིག་ལེ་འཛིན་འགྲེམས་ལ་དབང་ཐོབ་ནས་གཞན་ལུས་ཕོ་ཉའི་མྱུར་ལམ་ཚུལ་བཞིན་དུ་ཉམས་སུ་བླངས་པས་ལྷན་ཅིག་སྐྱེས་པའི་བདེ་བ་མངོན་དུ་འགྱུར་རོ༔ དེས་ནི་གནས་སྐབས་སུ་དྲོད་དང་བདེ་བ་སྐྱེ༔ མི་རྟོག་པའི་གཞི་ཐིངས༔ གཏུམ་མོའི་གོས་དང་བདེ་བའི་ཏིང་འཛིན་གྱིས་འཚོ༔ སྣང་སེམས་རགས་པ་འདྲེས༔ འབྱུང་བཞི་ལ་དབང་བསྒྱུར་བའི་རྫུ་འཕྲུལ་དང་མངོན་པར་ཤེས་པ་ཐོབ༔ སྒྱུ་མ་འོད་གསལ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་བྱེ༔ མཐར་ཐུག་ཐིག་ལེ་འཛག་མེད་དུ་འཆིང་ཞིང་ཟག་བྲལ་གྱི་ཡེ་ཤེས་མངོན་དུ་བྱས་པས་མི་འགྱུར་བའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་གནས་ལུགས་ལ་དབང་སྒྱུར་བར་འགྱུར་རོ༔ དབང་བཞི་པའི་སླད་དུ་དཔོན་སློབ་གཉིས་ཀས་བདེ་བས་དྲངས་པའི་སྟོང་ཉིད་བསམ་གྱིས་མི་ཁྱབ་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངང་དུ་མཉམ་པར་བཞག་ལ། ཨཿ བདེ་ཆེན་རྡོ་རྗེ་ཕག་མོ་ནི༔ སྟོང་ཉིད་སོ་སོ་རང་རིག་པ༔ བསམ་གྱིས་མི་ཁྱབ་དབང་བསྐུར་བས༔ དོན་གྱི་ལྷན་སྐྱེས་མཐར་ཕྱིན་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ༔ དེ་ལྟར་དབང་བཞི་པ་བསྐུར་བས་ཤེས་བྱའི་སྒྲིབ་པ་དག༔ རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒོམ་པ་ལ་དབང་༔ འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ༔ དེས་སྒོ་གསུམ་སྨིན་པར་བྱེད་པ་དབང་བཞི་པ་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། བཞི་པ་ཡེ་ཤེས་ཀྱི་རྣལ་འབྱོར་ནི༔ རང་ཉིད་ལྷ་སྐུ་བདེ་བ་ཆེན་པོའི་རང་བཞིན་རྩ་འཁོར་ཡི་གེ་དང་བཅས་པ་གསལ་བཞིན་པའི་སྙིང་གའི་ཧྲཱིཿལ་སེམས་རྩེ་གཅིག་ཏུ་གཏད༔ སེམས་དང་ཧྲཱིཿཡིག་དབྱེར་མེད་དུ་འདྲེས་པའི་ཉམས་སྐྱེས་པ་ན༔ དེ་ཀའི་ངང་དུ་མཚན་མ་དང་༔ རྣམ་པར་རྟོག་པ་དང་༔ ཡིད་ལ་བྱེད་པ་གཞན་ཐམས་ཅད་སྤངས་ཏེ་མི་ཤིགས་པའི་ཧྲཱིཿདང་མ་བཅོས་པའི་སེམས་གཉུག་མ་བྱ་རྩོལ་དང་བྲལ་བ་དབྱེར་མི་ཕྱེད་པའི་ངང་དུ་མཉམ་པར་བཞག་གོ༔ དེ་ནི་མཚན་མ་དང་བཅས་པའི་རྣལ་འབྱོར་རོ༔ དེ་ནས་ཧྲཱི་ལས་བདེ་བ་ཆེན་པོའི་འོད་ཟེར་འབར་བའི་མེ་ལྟ་བུ་མཁའ་ཁྱབ་ཏུ་འཕྲོས༔ སྣོད་བཅུད་ཐམས་ཅད་ཤིག་ཤིག་མེར་མེར་གཡོས༔ མ་དག་པའི་སྣང་ཞེན་བག་ཆགས་དང་བཅས་པ་སྦྱངས༔ དྭངས་མ་རྡུལ་བྲལ་གྱི་ཡེ་ཤེས་དག་པའི་ཞིང་དང་རྡོ་རྗེ་ཕག་མོའི་སྐུར་ལམ་སྟེ་གསལ་བ་ལ་སེམས་གཏད༔ མཐར་དེ་ཐམས་ཅད་འུབ་ཀྱིས་འདུས་ཏེ་རང་ལྷར་གསལ་བ་ལ་ཐིམ༔ རང་ཉིད་རྩ་ཐིག་ལེ་ཡི་གེ་རླུང་དང་བཅས་པ་སྙིང་གའི་དབུ་མའི་ཧྲཱིཿལ་འདུས༔ དེ་ལ་ཡུན་རིང་དུ་བློ་བཞག༔ མཐར་དེའང་མི་དམིགས་པར་གློག་ཡལ་བ་ལྟར་སྟོང་པར་སྦྱངས་ནས་སེམས་དང་སྟོང་པ་ནམ་མཁའ་དབྱེར་མི་ཕྱེད་པའི་ངང་༔ འདས་པ་ལ་འཕྲོ་མི་མཐུད༔ མ་འོངས་པའི་མདུན་མི་དྲངས༔ ད་ལྟར་གྱི་ཤེས་པ་ལ་རྟོག་དཔྱོད་ཀྱི་ལྷན་པ་མི་གདབ་པར་རང་བཞིན་གཉུག་མ་མ་བཅོས་པ་གསལ་ལ་རྟོག་མེད༔ བདེ་ལ་ཞེན་མེད༔ མི་རྟོག་པ་ལ་འཛིན་པ་མེད་པའི་ངང་དུ་མཉམ་པར་བཞག་གོ༔ དེ་ནི་མཚན་མ་མེད་པའི་རྣལ་འབྱོར་རོ༔ སླར་ཡང་སྟོང་པའི་ངང་ལས་བདེ་བའི་རྡོ་རྗེ་ཕག་མོ་རྩ་འཁོར་ཐིག་ལེ་ཡི་གེ་དང་བཅས་པ་ལམ་གྱིས་གསལ༔ དེ་ཉིད་སྣང་སྟོང་ངོས་གཟུང་མེད་པ་རང་རིག་གཉུག་མའི་ཡེ་ཤེས་དང་དབྱེར་མེད་པར་སེམས་གཟུང་༔ དེ་ནི་ཟུང་འཇུག་གི་རྣལ་འབྱོར་རོ༔ དེ་ལྟར་ཉམས་སུ་བླངས་པས་གནས་སྐབས་སུ་སྣང་བ་སྒྱུ་མར་འཆར༔ སྟོང་པའི་འོད་གསལ་མངོན་དུ་འགྱུར༔ སྣང་སེམས་རོ་གཅིག་ཏུ་འདྲེས༔ ཟུང་འཇུག་གི་རིག་རྩལ་མཁའ་ཁྱབ་ཏུ་ཤར་བས་རྫུ་འཕྲུལ་དང་སྤྱན་དང་མངོན་པར་ཤེས་པ་མཐའ་ཡས་པ་འཐོབ༔ མཐར་ཐུག་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་ཤིན་ཏུ་རྣམ་པར་དག་པའི་གོ་འཕང་ལ་དབང་འབྱོར་པར་འགྱུར་རོ༔ གསུམ་པ་རྗེས་ནི། དེ་ལྟ་བུའི་རྫོགས་པའི་རིམ་པ་ཟབ་མོ་སྒོམ་པའི་སྐབས་ཉིན་པར་ཐུན་མཚམས་སུ་སྣང་བ་གང་ཤར་ཐམས་ཅད་སྒྱུ་མའི་ལུས༔ རྨི་ལམ་གྱི་སྣང་བརྙན༔ ཡེ་ཤེས་ཀྱི་སྐུ༔ བདེ་བ་ཆེན་པོའི་རང་བཞིན་དག་པ་རབ་འབྱམས་སུ་རྩལ་སྦྱང་༔ ཉལ་བའི་སྐབས་སྙིང་གའི་ཧྲཱིཿལ་རླུང་སེམས་བསྡུས་ཏེ་གསལ་ལ་མི་རྟོག་པའི་ངང་དུ་བར་རླུང་འཛིན་བཞིན་གཉིད་ལོག་པས་སྟོང་བཞིའི་འོད་གསལ་ངོས་གཟུང་༔ རྨི་ལམ་ཟིན་པ་དང་༔ སྦྱང་སྤེལ་སྤྲུལ་སྒྱུར་ཀྱང་དེ་ཁོ་ནས་དོན་གྲུབ༔ གལ་ཏེ་ཚེ་འདིར་མཆོག་གི་དངོས་གྲུབ་མངོན་དུ་མ་གྱུར་ན་འཆི་ཁར་འཚང་རྒྱ་བ་འདའ་ཀ་མའི་རྣལ་འབྱོར་ནི། རང་ཕག་མོར་གསལ་བའི་ལུས་དང་དབུ་མའི་སྟོང་ར་བསྒོམ༔ སྙིང་གར་ཚིགས་ཀྱིས་བཅད་པའི་སྟེང་དུ་རླུང་དཀྱིལ་ལ་རླུང་སེམས་ཧྲཱིཿའི་རྣམ་པར་གསལ༔ དེ་ལ་སེམས་རྩེ་གཅིག་ཏུ་གཟུང་༔ ཟིན་པའི་ཉམས་སྐྱེས་པ་ན་མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་ཕག་མོ་གསལ་གདབ༔ གསོལ་བ་དྲག་ཏུ་གདབ༔ འོག་རླུང་གྱེན་དུ་དྲང་༔ སྟེང་རླུང་ཕྱིར་འཕུལ་བ་དང་མཉམ་དུ་ཧྲཱིཿཧྲཱིཿཞེས་བརྗོད་པས་སྙིང་གའི་ཧྲཱིཿདབུ་མའི་ལམ་ནས་གྱེན་དུ་ཡར་གྱིས་སོང་༔ ཧིཀ་ཅེས་དྲག་ཏུ་བརྗོད་པས་ཚངས་པའི་བུ་ག་ནས་མདའ་འཕངས་པ་བཞིན་ཐོན༔ བླ་མ་རྡོ་རྗེ་ཕག་མོའི་གསང་བ་ནས་ཞུགས༔ ཐུགས་ཀའི་ཧྲཱིཿལ་བསྟིམས་ཏེ་ཐུགས་ཡིད་བསྲེ༔ ཡང་ཀ་ཞེས་བརྗོད་པས་ཧྲཱིཿཡིག་ཐོལ་གྱིས་བྱུང་༔ སྟེང་རླུང་མནན་པ་དང་མཉམ་དུ་ཚངས་བུག་ནས་ཞུགས༔ སྙིང་གར་འཁོད་པར་བསམ༔ དེ་ལྟར་ཡང་ཡང་སྦྱང་༔ ཐུན་འཇོག་པ་ན་ཧྲཱིཿཡིག་མར་བབ་རྗེས་བླ་མ་རྡོ་རྗེ་ཕག་མོ་བདུད་རྩིའི་རྣམ་པར་ཞུ༔ སྙིང་གའི་ཧྲཱིཿལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ༔ ཚངས་བུག་ཀྱང་འོད་ཟེར་དཀར་པོས་སྲ་ཞིང་འཐས་པས་བཀག་པར་བསམ༔ སྤྱི་བོ་ཟ་བ་དང་༔ སྐྲངས་པ་དང་༔ ཆུ་སེར་གྱིས་ཟིལ་པ་ཕྲུམ་པ་སོགས་རྟགས་མ་བྱུང་བར་འབད༔ དེ་ནས་དམིགས་པ་མ་བརྗེད་ཙམ་དུ་བསྐྱང་༔ འཆི་བའི་དུས་སུ་བབས་པ་ན་རྣམ་ཤེས་ཧྲཱིཿཡིག་བླ་མའི་ཐུགས་ཀར་བསྟིམས་པ་དང་ལྷན་ཅིག་བླ་མ་རྡོ་རྗེ་ཕག་མོ་མཁའ་སྤྱོད་ཀྱི་ཞིང་དུ་གློག་འཁྱུགས་པ་ལྟར་གཤེགས་པར་བསམས་ལ་བརྗོད་བྲལ་བློ་འདས་གཉུག་མའི་ངང་དུ་མཉམ་པར་བཞག་པས་བར་དོ་མེད་པར་མཁའ་ལ་སྤྱོད་པའི་གོ་འཕང་ཐོབ་པར་འགྱུར་རོ༔ འདའ་ཀ་མ་མ་ཐེབས་ན་བར་དོའི་རྣལ་འབྱོར་གལ་ཆེ་བས༔ ད་ལྟ་ནས་ཉིན་སྣང་སྒྱུ་མ་ལྟ་བུ་དེའང་བར་དོའི་ཡིད་ལུས་སུ་ཤེས་པར་བྱས་ནས༔ སྣང་ཆ་གཟུགས་སྐུ་དང་བསྲེ༔ སྟོང་ཆ་ཆོས་སྐུ་དང་བསྲེ༔ རིག་རྩལ་མ་འགགས་པ་སྤྲུལ་པའི་སྐུ་དང་བསྲེ་བ་གསུམ་ལ་གོམས་པས་བར་དོར་ཡང་དྲན་པས་ཟིན་ཏེ་ལམ་གྱི་འཕྲོ་མཐུད་ཅིང་གྲོལ་བར་འགྱུར་རོ༔ དེ་རྣམས་ནི་ཡན་ལག་གི་རྣལ་འབྱོར་ཏེ༔ དེ་དག་གིས་ཐུགས་འོད་གསལ་རྫོགས་རིམ་དེ་ཁོ་ན་ཉིད་སྒྲུབ་པའི་རྣལ་འབྱོར་བསྟན་ཟིན་ཏོ༔ དེ་རྣམས་ཀྱིས་རྩ་བའི་དབང་བསྐུར་ཁྲིད་དང་བཅས་པ་ལེགས་པར་གྲུབ་པ་ལགས། ༈ | |||
།གཉིས་པ་སྨིན་པར་སློབ་པའི་དབང་དུ་བྱས་ནས་མཐའ་རྟེན་ཡན་ལག་གི་དབང་བསྐུར་བ་ལ་གསུམ་ལས། ཐོག་མར་ཐུན་མོང་དུ་གཅེས་པ་ཉམས་ཆགས་སྐོང་བའི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་འབུལ། དེ་ལྟར་མཎྜལ་ཕུལ་ནས་བླ་མ་དང་རྡོ་རྗེ་བཙུན་མོ་དབྱེར་མེད་པ་ལ་ཉམས་ཆགས་སྐོང་བའི་དབང་གི་དོན་དུ་ཐལ་མོ་སྦྱར་བས་བཏུད་དེ་མོས་གུས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བདེ་ཆེན་རྡོ་རྗེ་བཙུན་མོ་དང་༔ དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས༔ དམ་ཚིག་ཉམས་ཆགས་དག་པ་དང་༔ ཡེ་ཤེས་སྨིན་པའི་དབང་བསྐུར་སྩོལ༔ ལན་གསུམ། རྒྱུད་སྦྱང་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་ལ་སོགས་པ་ཡན་ལག་བཅུ་པ་ཚིག་རིས་དང་མཐུན་པར་གསལ་བཏབ་བཞིན་པས་འདི་རྗེས་བཟློས་ལན་གསུམ་མཛོད། ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ ཕྱོགས་བཅུར་བཞུགས་པའི་བླ་མ་དང་༔ ཡི་དམ་ལྷ་དང་མཁའ་འགྲོ་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཚེ་རབས་ཐོག་མེད་སྡིག་ལྟུང་དང་༔ དམ་ཚིག་ཉམས་ཆགས་སྙིང་ནས་བཤགས༔ དགེ་བ་ཀུན་ལ་ཡི་རངས་ཤིང་༔ ཆོས་ཀྱི་འཁོར་ལོ་བསྐོར་བ་དང་༔ མྱ་ངན་མི་འདར་བཞུགས་གསོལ་འདེབས༔ གཞན་དོན་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སྒོ་གསུམ་ལྷ་སྔགས་ཡེ་ཤེས་ལས༔ མི་འདའ་རྡོ་རྗེའི་སྡོམ་པ་གཟུང་༔ བསོད་ནམས་འདི་དང་གཞན་རྣམས་ཀུན༔ མ་ལུས་བློ་ཡིས་ཡོངས་བསྡོམས་ནས༔ ཆོས་ཀྱི་དབྱིངས་སུ་བསྔོས་པའི་མཐུས༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ ལན་གསུམ། དབང་གི་གཞི་དགོད་པའི་སླད་དུ་ དམིག་པ་འདི་ལྟར་གནང་བར་ཞུ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་མོ་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ འོག་མིན་གྱི་ཞིང་ནས་རྡོ་རྗེ་སྙེམས་མ་རིག་པའི་ལྷ་མོའི་ཚོགས་དང་བཅས་པ་སྤྱན་དྲངས༔ དེ་དག་གིས་བཀྲ་ཤིས་པའི་གླུ་གར་དང་གསང་བའི་བུམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཐོད་པའི་བདུད་རྩིའི་དཀྱིལ་འཁོར་སྤྱི་བོར་བཞག་ལ༔ ཨོཾ༔ རང་བྱུང་དབྱིངས་ཀྱི་སྣོད་མཆོག་ཏུ༔ དག་བྱེད་རིག་པའི་བདུད་རྩི་བསྐྱིལ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱུད་དག་ཡེ་ཤེས་ནུས་ཐོབ་ཤོག༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ༔ བྷཉྫ་ཀ་ལ་ཤ་མ་ཧཱ་སུ་ཁ་ཨ་མྲི་ཏ་ཨ་བྷི་ཥིཉྩཱ་མི༔ འཐོར་འཐུང་བྱ༔ དེ་ལྟར་བྱས་པས་བདེ་བ་ཆེན་པོའི་བདུད་རྩིས་ལུས་ཀྱི་གནས་ཀུན་ཏུ་ཁྱབ་པས་ཉམས་ཆགས་རྟོག་སྒྲིབ་ཐམས་ཅད་ལྷག་མེད་དུ་བྱང་ཞིང་༔ ཡེ་ཤེས་ཀྱི་སྐལ་བ་ཁྱད་པར་ཅན་རྒྱུད་ལ་བཞག་པར་མོས་མཛོད༔ ཉམས་སྐོང་བའི་དབང་གི་དངོས་གཞི་མར་མེ་གསལ་བ་འདི་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་རྣམས་སུ་བཞག་ཅིང་མིག་ལམ་དུ་བསྟན་པ་ལ་བརྟེན་ནས་རང་གནས་དབང་བཞིའི་རྡོ་རྗེའི་ཡེ་ཤེས་མངོན་དུ་སད་ནས་སྨིན་པར་གྱུར་པའི་མོས་པ་མཛོད། མར་མེ་གསལ་བ་སྤྱི་བོར་བཞག་ལ༔ ཨོཾ༔ ལུས་གནས་རྩ་ཡི་ཀོང་བུ་རུ༔ སྣང་སྟོང་ཟུང་འཇུག་སྒྲོན་མེ་སྦར༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་ཞེན་ལྷ་སྐུར་དག་པར་ཤོག༔ ཀཱ་ཡ་ཛྙཱ་ན་དཱི་པེ་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པར་བཞག་ལ༔ ཨཱཿ སྲོག་རྩོལ་རླུང་གི་ཀོང་བུ་རུ༔ གསལ་སྟོང་ཟུང་འཇུག་སྒྲོན་མེ་སྦར༔ རིག་ཀྱི་བུ་ལ་དབང་བསྐུར་བས༔ ལས་རླུང་སྔགས་སུ་རྫོགས་པར་ཤོག༔ ཝཱ་ཀ་ཛྙཱ་ན་དཱི་པེ་ཨ་བྷི་ཥིཉྩ་ཨཱཿ སྙིང་གར་བཞག་ལ༔ ཧཱུྃ༔ དཀར་དམར་ཐིག་ལེའི་ཀོང་བུ་རུ༔ བདེ་སྟོང་ཟུང་འཇུག་སྒྲོན་མེ་སྤར༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷན་སྐྱེས་ཡེ་ཤེས་སྨིན་པར་ཤོག༔ ཙིཏྟ་ཛྙཱ་ན་དཱི་པེ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་མིག་སྒོར་བསྟན་ལ༔ ཧོ༔ ཆོས་ཅན་རྟོག་པའི་ཀོང་བུ་རུ༔ རིག་སྟོང་ཟུང་འཇུག་སྒྲོན་མེ་སྦར༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབྱིངས་རིག་དབྱེར་མེད་མངོན་འགྱུར་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་དཱི་པེ་ཨ་བྷི་ཥིཉྩ་ཧོ༔ དེ་ལྟར་དབང་བཞི་བསྐུར་བ་ལས༔ ཡུལ་ཀུན་སྣང་སྟོང་ལྷ་སྐུར་ཤར༔ ཡུལ་ཅན་གསལ་ལ་མི་རྟོག་ངང་༔ ལྷན་ཅིག་སྐྱེས་པའི་བདེ་བས་ཚིམ༔ འོད་གསལ་ཡེ་ཤེས་མངོན་གྱུར་བསམ༔ ཞེས་རྟོགས་པ་བརྗོད་པའི་དོན་ལ་ངེས་པ་བརྟན་པོ་དང་བཅས་ཏེ་ཡིད་གཞན་དུ་མ་ཡེངས་པར་འདུན་པ་རྩེ་གཅིག་པས་མར་མེའི་སྨོན་ལམ་འདི་ལྷན་ཅིག་ཏུ་གསུང་བར་ཞུ། ཧོ༔ གསང་མཆོག་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་ལྕམ་གྱིས༔ བསྙེན་སྒྲུབ་སྐོང་བའི་ཆོ་གར་བརྩོན་པའི་མཐུས༔ རྒྱུད་དག་དངོས་གྲུབ་རྣམ་གཉིས་རྒྱས་པར་ཤོག༔ བུམ་དབང་དམ་ཚིག་ཉམས་ཆགས་སོར་ཆུད་ཅིང་༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་གོང་དུ་འཕེལ༔ ཐུན་མོང་ལས་ཀྱི་ཚོགས་ཀུན་འགྲུབ་པ་དང་༔ ཀུན་ཏུ་འོད་ཀྱི་ས་ལ་དབྱུགས་ཕྱུང་ཞིག༔ གསང་བའི་དབང་གི་དམ་ཚིག་ཉམས་ཆགས་བྱང་༔ གསལ་སྟོང་ཟུང་འཇུག་ཡེ་ཤེས་གོང་དུ་འཕེལ༔ རླུང་སེམས་ལྷ་སྐུའི་ཕྱག་རྒྱ་འགྲུབ་པ་དང་༔ པདྨ་ཅན་གྱི་ས་ལ་ཕྱིན་པར་ཤོག༔ གསུམ་པའི་དབང་གི་དམ་ཚིག་ཉམས་ཆགས་དག༔ བདེ་སྟོང་ཟུང་འཇུག་ཡེ་ཤེས་གོང་དུ་འཕེལ༔ འོད་གསལ་ངང་ལས་ལྷན་སྐྱེས་སྒྱུ་མའི་སྐུ༔ འཁོར་ལོའི་ཚོགས་ཆེན་བདེ་བས་དབུགས་ཕྱུང་ཞིག༔ དོན་གྱི་དབང་གི་དམ་ཚིག་ཉམས་ཆགས་གྲོལ༔ རིག་སྟོང་ཟུང་འཇུག་ཡེ་ཤེས་གོང་དུ་འཕེལ༔ སློབ་པ་མིན་པའི་གོ་འཕང་ལ་བརྟེན་ནས༔ ཡེ་ཤེས་བླ་མའི་ས་ལ་ལྷུན་རྫོགས་ཤོག༔ ཚེ་འདིར་འབྲས་བུ་མངོན་དུ་མ་གྱུར་ན༔ འཆི་བ་འོད་གསལ་ཆོས་སྐུའི་དབྱིངས་སུ་ཐིམ༔ བར་དོ་ལོངས་སྤྱོད་རྫོགས་པའི་ཕྱག་རྒྱར་བཞེངས༔ སྐྱེ་སྲིད་སྤྲུལ་པས་འགྲོ་དོན་ལྷུན་གྲུབ་ཤོག༔ རླུང་སེམས་འཁྲུལ་སྣང་མུན་པ་འཆར་སྲིད་ཚེ༔ ཡེ་ཤེས་མར་མེའི་སྣང་བས་ཤུལ་མཚོན་ཏེ༔ བདེ་སྟོང་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ མཁའ་སྤྱོད་དག་པའི་ཞིང་དུ་དབུགས་ཕྱུང་ཞིག༔ མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར༔ བཀའ་དྲིན་ཅན་གྱི་རྡོ་རྗེ་སློབ་དཔོན་དང་༔ ནམ་ཡང་མི་འབྲལ་བྱིན་གྱིས་བརླབས་པ་ལས༔ ཕྱམས་གཅིག་གདོད་མའི་ས་ལ་གྲོལ་བར་ཤོག༔ ཅེས་འདུན་པ་རྩེ་གཅིག་པས་བཏབ་པས་རང་རྒྱུད་ཀྱི་དབང་བཞིའི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་གྱུར་པ་ལ་དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བཀྲ་ཤིས་ཀྱི་མངའ་གསོལ་བའི་མོས་པ་མཛོད། སྣང་སྲིད་ལྷ་ཡི་འཁོར་ལོར་དག །སྒྲར་གྲགས་བདེ་ཆེན་སྔགས་སུ་སྨིན། །དྲན་རྟོག་ཡེ་ཤེས་དབྱིངས་སུ་སད། །གསང་གསུམ་མངོན་གྱུར་བཀྲ་ཤིས་ཤོག །དེས་ནི་དབང་བཞིའི་ཉམས་ཆགས་དང་༔ སྒོ་གསུམ་ཆ་མཉམ་དང་བཅས་པའི་སྡིག་སྒྲིབ་དག༔ ལམ་གྱི་ཡེ་ཤེས་བཞི་གོང་དུ་འཕེལ༔ འབྲས་བུ་སྐུ་བཞི་མྱུར་དུ་འགྲུབ་པའི་སྐལ་བ་ཅན་དུ་འགྱུར་བ་ཡིན་ནོ། །དེས་ཉམས་ཆགས་སྐོང་བའི་དབང་གྲུབ་པ་ལགས། ༈ | |||
།གཉིས་པ་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་བདུད་རྩི་སྨན་གྱི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ། དེ་ལྟར་མཎྜལ་ཕུལ་ནས་བླ་མ་དང་རྡོ་རྗེ་བཙུན་མོ་དབྱེར་མེད་པ་ལ་བདུད་རྩི་སྨན་གྱི་དབང་གི་དོན་དུ་ཐལ་མོ་སྦྱར་བས་བཏུད་དེ་མོས་གུས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བདེ་ཆེན་རྡོ་རྗེ་བཙུན་མོ་དང་༔ དབྱེར་མེད་ཁྱབ་བདག་ཧེ་རུ་ཀས༔ མཐོང་ཚོར་མྱང་རེག་གྲོལ་བ་ཡི༔ བདུད་རྩི་མཆོག་གི་དབང་བསྐུར་སྩོལ༔ ལན་གསུམ། རྒྱུད་སྦྱང་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་ལ་སོགས་པ་ཡན་ལག་བཅུ་པ་ཚིག་རིས་དང་མཐུན་པར་གསལ་བཏབ་བཞིན་པས་འདི་རྗེས་བཟློས་ལན་གསུམ་མཛོད། ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ ཕྱོགས་བཅུར་བཞུགས་པའི་བླ་མ་དང་༔ ཡི་དམ་ལྷ་དང་མཁའ་འགྲོ་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཚེ་རབས་ཐོག་མེད་སྡིག་ལྟུང་དང་༔ དམ་ཚིག་ཉམས་ཆགས་སྙིང་ནས་བཤགས༔ དགེ་བ་ཀུན་ལ་ཡི་རངས་ཤིང་༔ ཆོས་ཀྱི་འཁོར་ལོ་བསྐོར་བ་དང་༔ མྱ་ངན་མི་འདར་བཞུགས་གསོལ་འདེབས༔ གཞན་དོན་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སྒོ་གསུམ་ལྷ་སྔགས་ཡེ་ཤེས་ལས༔ མི་འདའ་རྡོ་རྗེའི་སྡོམ་པ་གཟུང་༔ བསོད་ནམས་འདི་དང་གཞན་རྣམས་ཀུན༔ མ་ལུས་བློ་ཡིས་ཡོངས་བསྡོམས་ནས༔ ཆོས་ཀྱི་དབྱིངས་སུ་བསྔོས་པའི་མཐུས༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ ལན་གསུམ། དབང་གི་གཞི་དགོད་པའི་སླད་དུ་ དམིག་པ་འདི་ལྟར་གནང་བར་ཞུ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་མོ་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ འོག་མིན་གྱི་ཞིང་ནས་རྡོ་རྗེ་སྙེམས་མ་རིག་པའི་ལྷ་མོའི་ཚོགས་དང་བཅས་པ་རྣམས་དང་གཞན་ཡང་ཕྱོགས་བཅུ་དུས་བཞིའི་རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་རྒྱལ་ཡུམ་རྡོ་རྗེ་བཙུན་མོའི་གསང་བ་གསུམ་གྱི་རྣམ་པར་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་རླབས་པའི་མོས་པ་མཛོད། སྤོས་དང་ཌཱ་དྲིལ་བཅས། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་ཡང་ཡང་བརྗོད་པས་དབབ། ཏིཥྛ་བཛྲས་བརྟན་པར་བྱས་ལ། དངོས་གཞིའི་དབང་རྣམས་བསྐུར་བའི་དོན་དུ་དམིགས་པ་འདི་ལྟར་མཛད་པར་ཞུ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་པའི་རང་བྱུང་པདྨ་བྷནྡྷའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་བདུད་རྩི་བདེ་བ་ཆེན་པོའི་ཕོ་བྲང་དུ་ལྷུན་གྱིས་གྲུབ་པའི་དབུས་སུ། པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ། རིལ་བུ་རྣམས་ཧྲཱིཿལས་བཅོམ་ལྡན་འདས་མ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཨོཾ༔ བདེ་གཤེགས་སྐུ་དང་དབྱེར་མེད་པའི༔ བདུད་རྩི་མཆོག་གི་དབང་བསྐུར་བས༔ མཐོང་བའི་དངོས་ཀུན་ལྷ་རུ་དག༔ བུམ་དབང་ཡེ་ཤེས་སྨིན་པར་ཤོག༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱི༔ཋ༔ ཀཱ་ཡ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྤྱི་བོར་བཞག །མིག་ལམ་དུ་བསྟན་ཅིང༌། དེང་ཕྱིན་ཆད་ཅིར་སྣང་དག་པ་རབ་འབྱམས་སུ་ངོ་ཤེས་པས་སྣང་སྟོང་ལྷ་ཡི་འཁོར་ལོར་སད་བུམ་དབང་གི་ཡེ་ཤེས་རྒྱུད་ལ་སྨིན་པའི་མོས་པ་མཛོད། མགྲིན་པར་བཞག་ལ༔ ཨཱཿ བདེ་བཤེགས་གསུང་དང་དབྱེར་མེད་པའི༔ བདུད་རྩི་མཆོག་གི་དབང་བསྐུར་བས༔ ཚོར་བའི་འགྲོ་འོང་སྔགས་སུ་ཤར༔ གསང་དབང་ཡེ་ཤེས་སྨིན་པར་ཤོག༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱི༔ཋ༔ ཝཱ་ཀ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨཱཿ རིལ་བུ་མེ་ལ་སྲེག་པའི་དྲི་ཚོར་དུ་གཞུག་ལ། རིལ་བུ་ལྷར་གསལ་བ་ཧྲཱིཿཡིག་གི་རྣམ་པ་བདུག་པའི་སྤྲིན་དུ་གྱུར་པ་ཚོར་བས་རྣམ་པར་གྲོལ་བར་མོས་ལ༔ དེང་ཕྱིན་ཆད་སྒྲར་གྲགས་པ་ཐམས་ཅད་གསལ་སྟོང་ཟུང་འཇུག་སྔགས་ཀྱི་རང་བཞིན་དུ་ངོ་ཤེས་པས་གསང་དབང་གི་ཡེ་ཤེས་རྒྱུད་ལ་སྨིན་པའི་མོས་པ་མཛོད། སྙིང་གར་བཞག་ལ༔ ཧཱུྃ༔ བདེ་གཤེགས་ཐུགས་དང་དབྱེར་མེད་པའི༔ བདུད་རྩི་མཆོག་གི་དབང་བསྐུར་བས༔ མྱངས་པས་བདེ་ཆེན་རྟོགས་པ་འབར༔ གསུམ་པའི་ཡེ་ཤེས་སྨིན་པར་ཤོག༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ རིལ་བུ་ལྷར་གསལ་བ་ཐམས་ཅད་ཧྲིཿཡིག་འབའ་ཞིག་གི་རྣམ་པས་ཁ་སྒོ་ནས་ཞུགས༔ སྙིང་གའི་ཧྲཱིཿ་ལ་ཐིམ་པས་བདེ་བས་ཐབས་བྱས་པའི་ལྷན་སྐྱེས་མངོན་དུ་བྱས་པའི་མོས་པ་དང་བཅས་ཏེ་རིལ་བུ་རེ་རེ་ཁྱུར་མིད་མཛད་པར་ཞུ། དེང་ཕྱིན་ཆད་ཡིད་ཀྱི་དྲན་རྟོག་ཐམས་ཅད་བདེ་སྟོང་ཟུང་འཇུག་ཐུགས་ཀྱི་ཡེ་ཤེས་སུ་ངོ་ཤེས་པས་དབང་གསུམ་པའི་ཡེ་ཤེས་རྒྱུད་ལ་སྨིན་པའི་མོས་པ་མཛོད། རིལ་བུ་ལག་ཏུ་གཏད་ལ༔ ཧོ༔ བདེ་གཤེགས་དབྱིངས་དང་དབྱེར་མེད་པའི༔ བདུད་རྩི་མཆོག་གི་དབང་བསྐུར་བས༔ རེག་པས་གཟུང་འཛིན་རྟོག་ལས་གྲོལ༔ དོན་གྱི་ཡེ་ཤེས་སྨིན་པར་ཤོག༔ ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧོ༔ སྤྲོ་ན་སྙིང་གར་ཐིག་ལེ་བྱ༔ དེང་ཕྱིན་ཆད་ཆོས་ཐམས་ཅད་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིག་སྟོང་ཟུང་འཇུག་གཉུག་མ་འགྲོ་འོང་དང་བྲལ་བར་ངོ་ཤེས་པས་དབང་བཞི་པའི་ཡེ་ཤེས་རྒྱུད་ལ་སྨིན་པའི་མོས་པ་མཛོད་ལ་རིག་པ་སྤྲོ་བསྡུ་བྲལ་བའི་ངང་དུ་ལྷོད་ཀྱིས་ཀློད་ལ་ཅུང་ཟད་གཅིག་མཉམ་པར་འཇོག་པར་ཞུ། དེ་ལྟར་བདུད་རྩིའི་དབང་བཞི་བསྐུར་བས༔ ལུས་ངག་ཡིད་གསུམ་ཆ་མཉམ་དང་བཅས་པའི་རྟོག་སྒྲིབ་བག་ཆགས་དང་བཅས་པ་དག༔ སྣང་སྟོང་གྲགས་སྟོང་བདེ་སྟོང་རིག་སྟོང་ཟུང་དུ་འཇུག་པའི་ལམ་བཞི་སྒོམ་པ་ལ་དབང་༔ སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པས་མཐོང་ཚོར་མྱང་རེག་ཐམས་ཅད་གྲོལ་བའི་རྟེན་འབྲེལ་བསྒྲིགས༔ མཐར་ཐུག་སྐུ་བཞིའི་གོ་འཕང་མངོན་དུ་འགྱུར་བའི་སྐལ་བ་རྒྱུད་ལ་བཞག་པར་མོས་མཛོད། མེ་ཏོག་འཐོར་བ་དང་བཅས། ཨོཾཿ བཀྲ་ཤིས་གང་ཞིག་རྡོ་རྗེ་བཙུན་མོའི་གསང་གསུམ་གྱི༔ བདེ་ཆེན་བདུད་རྩི་རྟག་པ་དམ་པའི་དབང་བསྐུར་བས༔ མཐོང་ཚོང་མྱོང་རེག་ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་དང་༔ དབྱེར་མེད་ཤིན་ཏུ་རྣམ་པར་གྲོལ་བའི་བཀྲ་ཤིས་ཤོག༔ ཅེས་ཤིས་པར་བརྗོད། དེ་ལྟར་བསྒྲུབས་པའི་ཕན་ཡོན་ཀྱང་རྒྱུད་ལས༔ བཅོམ་ལྡན་རྡོ་རྗེ་བཙུན་མོ་ཡི༔ གྲོལ་བའི་ཕྲིན་ལས་ཤུགས་ཕྱུང་བ༔ བདུད་རྩི་མཆོག་འདིར་འབྲེལ་ཚད་ཀུན༔ གནས་སྐབས་ཚེ་སྲིང་ཉམས་ཆག་སྐོང་༔ ཡིད་འཕྲོག་དབང་འགྱུར་ནད་གདོན་ཞི༔ གཏུམ་ཆེན་དྲག་པོའང་ལྷན་ནེར་འགྱུར༔ མཐར་ཐུག་མཐོང་ཚོར་མྱོང་དང་རེག༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ༔ དཔའ་བོ་མཁའ་འགྲོའི་འདུ་བ་ཐོབ༔ བདེ་ཆེན་ཡེ་ཤེས་རྩོལ་མེད་སྐྱེ༔ ཚེ་གཅིག་རྣམ་གྲོལ་ཆེ་ལ་སྦྱོར༔ ཞེས་སོགས་རྒྱ་ཆེར་གསུངས་སོ། །དེས་བདུད་རྩི་སྨན་གྱི་དབང་བསྐུར་བ་གྲུབ་པ་ལགས། ༈ | |||
།གསུམ་པ་མཐའ་རྒྱས་བཀྲ་ཤིས་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་མདུན་བསྐྱེད་ཁྱེད་རང་རྣམས་དང་བཅས་པའི་ཐུགས་ཀར་ཡེ་ཤེས་སེམས་མའི་ཐུགས་ཀའི་དབུས་སུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་ལྟེ་བར་ཁ་ཊཱྃ་ག་དཀར་པོ་ལྟེ་བར་ཧྲཱིཿས་མཚན་པ། ཞིག་གསལ་བཏབ་ནས་སློབ་དཔོན་ལ་འཆི་མེད་ཚེ་ཡི་དབང་བསྐུར་བ་སྩལ་དུ་གསོལ་སྙམ་པའི་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས། ཐུགས་སྲོག་ལས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་ཀར་ཞུགས༔ ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འབར་བའི་རྩེ་ལས་རྡོ་རྗེ་ཕོ་ཉ་མོའི་ཚོགས་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་༔ འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་སྤྱན་དྲངས༔ རང་དང་སྒྲུབ་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། མདའ་དར་གཡབ་ཅིང་༔ ཨོཾ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡུམ༔ ཚེ་དང་ཡེ་ཤེས་དབང་ཕྱུག་མ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ རྩེ་གཅིག་གུས་པས་བསྒྲུབས་ལགས་ན༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཕོ་ཉ་མང་པོའི་ཚོགས་དང་བཅས༔ འོད་དང་འོད་ཟེར་མཁའ་ཁྱབ་སྤྲོས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བླ་ཚེ་ཆད་ཉམས་ཡར་བ་དང་༔ སྡེ་བརྒྱད་འབྱུང་པོས་ཕྲོགས་པ་ཁུག༔ འབྱུང་བཞིའི་དྭངས་བཅུད་སྐྱེ་འགྲོའི་ཚེ༔ རྒྱལ་བ་སྲས་དང་བཅས་པ་ཡི༔ རྒྱུན་གྱིས་རྟག་པའི་ཡེ་ཤེས་བྱིན༔ འཆི་མེད་བདུད་རྩིའི་རྣམ་པར་སྡུས༔ བདག་ཅག་རྣམས་ལ་སྩལ་ནས་ཀྱང་༔ དུས་མིན་འཆི་བའི་བར་ཆད་ཞི༔ ཚེ་བསོད་དཔལ་འབྱོར་རྟོགས་པ་རྒྱས༔ རྡོ་རྗེའི་སྐུ་མཆོག་འགྲུབ་མཛད་གསོལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ དེ་ལྟར་བསྡུས་པའི་ཚེ་བཅུད་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྙིང་གའི་ཚེ་རྟེན་ལ་ཐིམ་པའི་མོས་པ་མཛོད། དེ་ནས་དངོས་གཞིའི་ཚེ་ཡི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། སྣོད་རང་བྱུང་པདྨ་བྷཉྫ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཞལ་མེད་ཁང་ཆེན་པོར་བཅུད་འཆི་མེད་ཚེའི་ལྷ་ཚོགས་སུ་གདོད་ནས་ལྷུན་གྱིས་གྲུབ་པའི་སྒྲུབ་རྫས། ཁྱེད་རང་རྣམས་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་རྣམས་སུ་རིམ་པར་བཞག་ཅིང་དབང་བསྐུར་བ་ལ་བརྟེན་ནས་གསང་བ་གསུམ་གྱི་རྡོ་རྗེའི་ཡེ་ཤེས་ཀྱི་འཆི་མེད་གདོད་མའི་གནས་ལུགས་མངོན་དུ་གྱུར་ཏེ་ཚེའི་དབང་ཐོབ་པའི་མོས་པ་མཛོད། སྒྲུབ་རྫས་སྤྱི་བོར་བཞག་ལ། ཨོཾ༔ འཆི་མེད་རྡོ་རྗེ་ཕག་མོ་ཡི༔ མི་འགྱུར་སྐུ་ཡི་ཡེ་ཤེས་ཚེ༔ རྣལ་འབྱོར་དབུ་མའི་ཐིག་ལེར་སྟིམས༔ སྐུ་ཡི་རྡོ་རྗེར་མཛད་དུ་གསོལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཀཱའ་ཡ་སིདྡྷི་ཨོཾ༔ མགྲིན་པར་རེག་ལ༔ ཨཱཿ འཆི་མེད་རྡོ་རྗེ་ཕག་མོ་ཡི༔ རྡོ་རྗེའི་གསུང་གི་ཡེ་ཤེས་ཚེ༔ རྣལ་འབྱོར་སྲོག་གི་སྙིང་པོར་སྟིམས༔ གསུང་གི་རྡོ་རྗེའི་མཛད་དུ་གསོལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཝཱ་ཀ་སིདྡྷི་ཨཱཿ སྙིང་གར་རེག་ལ༔ ཧཱུྃ༔ འཆི་མེད་རྡོ་རྗེ་ཕག་མོ་ཡི༔ རྡོ་རྗེའི་ཐུགས་ཀྱི་ཡེ་ཤེས་ཚེ༔ རྣལ་འབྱོར་གཉུག་མའི་དབྱིངས་སུ་སྟིམས༔ ཐུགས་ཀྱི་རྡོ་རྗེར་མཛད་དུ་གསོལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཚེའི་བཟའ་བཏུང་རོལ་ལ༔ ཧོཿ ཐབས་ཤེས་ཚེ་ཡི་རིལ་བུ་དང་༔ ཚེ་ཡི་བདུད་རྩི་ལ་བརྟེན་ནས༔ དུས་མིན་འཆི་བ་ཀུན་ཞི་ཞིང་༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་དབང་བསྐུར་བས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ༔ འཆི་མེད་རྡོ་རྗེ་ཕག་མོ་དང་སྐལ་བ་མཉམ་པར་གྱུར་པའི་མོས་པ་མཛོད། ཚེ་རྒྱས་གདབ་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། ཚེ་བཅུད་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྙིང་གའི་ཚེ་རྟེན་ལ་འདུས་ཤིང་དབུ་མའི་ཡས་མར་གྱི་སྒོ་ཐིག་ལེ་དཀར་དམར་གྱིས་བཅད༔ ལུས་ལ་རྡོ་རྗེའི་གུར་ཁྱིམ་གྱི་གཡོགས་པར་གྱུར་པའི་མོས་པ་མཛོད། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཨཿ རྟག་པ་རྒྱུན་གྱི་ཡེ་ཤེས་ཚེ༔ མི་འགྱུར་གཉུག་མའི་ཐིག་ལེར་ཐིམ༔ བདེ་སྟོང་རྡོ་རྗེས་རྒྱས་བཏབ་ནས༔ ཆོས་ཀྱི་དབྱིངས་སུ་ཚེ་སྦའོ༔ ཨ་ཨ་ཨ༔ ཞེས་བརྗོད། མེ་ཏོག་འཐོར་ལ་དེ་ལྟར་རྩ་བ་དང་ཡན་ལག་གི་དབང་བསྐུར་བ་ཡོངས་སུ་རྫོགས་པར་ཐོབ་ཅིང་ཁྱེད་རང་རྣམས་ལྷན་སྐྱེས་རྡོ་རྗེ་བཙུན་མོའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པ་ལ་སློབ་དཔོན་དཀྱྀལ་འཁོར་པ་དང་བཅས་པས་ཤིས་པར་བརྗོད་པས་མངའ་གསོལ་བའི་མོས་པ་མཛོད། ཨོཾ༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ༔ ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ རྡོ་རྗེ་བཙུན་མོ་དགྱེས་པ་ཆེ༔ ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔ གནས་ཡུལ་དུར་ཁྲོད་མཁའ་འགྲོའི་ཚོགས༔ སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔ མཆོག་དང་ཐུན་མོང་དངོས་གྲུབ་ཀྱིས༔ རྟག་ཏུ་དགེ་བའི་བཀྲ་ཤིས་ཤོག༔ ཅེས་ཤིས་པར་བརྗོད། དེ་ལྟར་རྩ་བ་དང་ཡན་ལག་གི་དབང་བསྐུར་བ་རྣམས་རྒྱས་པར་གྲུབ་ནས། སྨིན་གྲོལ་ཐམས་ཅད་ཀྱི་སྲོག་དམ་ཚིག་རྣམ་པར་དག་པའི་ཚུལ་དུ་བསྒྲུབ་དགོས་ཏེ། རྒྱུད་ལས༔ རྡོ་རྗེ་ཕག་མོའི་དམ་ཚིག་ནི༔ སྤྱི་དང་ཁྱད་པར་ལྷག་པས་བསྟན༔ ཐུན་མོང་སྤྱི་ཡི་དམ་ཚིག་ཏུ༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས༔ ཇི་སྐད་གསུངས་ཤིང་དམ་བཅས་པ༔ ཁ་ན་མ་ཐོ་མེད་པར་བསྲུང་༔ ཁྱད་པར་ནང་གི་དམ་ཚིག་ཏུ༔ རྩ་བའི་ལྟུང་བ་བཅུ་བཞི་དང་༔ ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད༔ དབང་བཞིའི་མཉམ་རྗེས་བཟའ་བ་དང་༔ བཅང་དང་བསྲུང་བ་དག་པར་བྱ༔ ལྷག་པ་གསང་བའི་དམ་ཚིག་ནི༔ སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ༔ སེམས་ཅན་རྣམས་ལ་བྱམས་པ་བསྒོམ༔ རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ༔ གདུག་ཅིང་གཏུམ་པའི་སྤྱོད་པ་བྱ༔ རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ༔ དངོས་པོ་གང་ལའང་ཆགས་མི་བྱ༔ པདྨ་མཁའ་འགྲོའི་དམ་ཚིག་ཏུ༔ སྨྲ་ཞིང་བུད་མེད་བསྟེན་པར་བྱ༔ ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ རྒྱུག་ཅིང་མཆོད་པའི་སྤྱོད་པ་བྱ༔ མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ༔ ཤེས་རབ་བདུད་རྩི་རྣམ་ལྔ་བསྟེན༔ ཤ་ཆེན་བཟའ་ཞིང་ཅང་ཏེའུ་བརྡུང་༔ རུས་པའི་རྒྱན་འཆང་གར་སྟབས་བཅས༔ དུར་ཁྲོད་འཇིགས་པར་སྤྱོད་པ་བསྐྱང་༔ སྦྱོར་སྒྲོལ་བརྟུལ་ཞུགས་མཐར་དབྱུང་ངོ་༔ བསྡུས་པའི་དམ་ཚིག་རྣམ་གསུམ་ནི༔ མི་ཕོད་རྫི་དང་འཁྲི་བ་གཅོད༔ ཞེན་པ་ལྡོག་པ་རྣམས་གསུམ་ཡིན༔ སྣང་ཡུལ་མི་ཕོད་ཐོག་ཏུ་བརྫི༔ འཁྲི་བ་ཟས་ནོར་གཏམས་ལ་བཅད༔ ཞེན་པ་གཉེན་འཁོར་གཡོག་ལ་ལྡོག༔ ཅིལའང་མ་ཆགས་མ་ཞེན་པར༔ ཟང་ཐལ་རིག་པ་རྗེན་པར་བསྐྱང་༔ འདི་ནི་མཆོག་གི་དམ་ཚིག་ཡིན༔ ཅེས་གསུངས་པས་མཚོན་སྤྱྀ་དང་ཁྱད་པར་ལྷག་པའི་དམ་ཚིག་གིས་བསྡུས་པ་མཐའ་དག་ཅི་ནུས་སུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར། སོགས་དང་མཎྜལ་ལུས་དབུལ་རྣམས་སྤྱི་ལྟར་བྱ། དེ་ནས་སློབ་དཔོན་གྱིས་ཚོགས་ལ་རོལ། ལས་བྱང་གི་ལྷག་མ་བཏང་བ་ནས༌། བསྔོ་སྨོན་ཤིས་བརྗོད་ཀྱི་བར་བྱས་པས་འགྲུབ་བོ། །དེ་ལྟར་ཅུང་ཟད་འབད་པའི་ལེགས་བྱས་མཐུས། །གཏི་མུག་མུན་པར་འཁྱམས་པའི་ཁམས་གསུམ་འགྲོ། །དགའ་བ་གསུམ་གྱི་རྣལ་འབྱོར་མཐར་ཕྱིན་ཏེ། །མཁའ་སྤྱོད་གནས་སུ་བདེ་བའི་གར་བྱེད་ཤོག །ཅེས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཟིན་ཐོའི་དགོངས་དོན་དང་མཐུན་པར་གཏེར་གཞུང་ལ་མཚམས་སྦྱོར་མདོར་བསྡུས་པས་བརྒྱན་ཏེ་རང་འདྲའི་ཤེས་བརྩོན་ཞན་ཀྱང་རྡོ་རྗེ་སློབ་དཔོན་གྱི་ཁུར་བཟུང་བ་དག་ལ་ཕན་པའི་བསམ་པས་༧འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་ཞལ་སྔ་ནས། ཟབ་ཆོས་འདི་དག་གི་བདག་པོར་དབུག་དབྱུང་ཐོབ་པ་ཕུན་ཚོགས་རྣམ་རྒྱལ་པས། ༢༠༠༨ ལོར་བཀའ་བབས་སྐོར་བསྐྱར་བསྒྲིག་སྐབས་བོད་ཟླ་གསུམ་པའི་ཚེས་གསུམ་ལ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་རང་གནས་ཀྱི་ཁང་བུར་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ།། །། | |||
}} | }} |
Latest revision as of 13:39, 25 April 2022
Wylie title | yang gter phag dkar gsang chen thugs tig gi dbang bskur gyi cho ga lhan skyes ye shes sbyin pa'i 'dod 'jo | |
---|---|---|
Location | mkhyen brtse'i bka' babs Volume 10, Text 4, Pages 135-203 (Folios 1a to 35a1) | |
Author | ཕུན་ཚོགས་རྣམ་རྒྱལ་ | |
Less details More details | ||
Tertön | གར་དབང་ལས་འཕྲོ་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (gar dbang las 'phro gling pa, 'jam dbyangs mkhyen brtse'i dbang po) | |
Citation | Phun tshogs rnam rgyal. yang gter phag dkar gsang chen thugs tig gi dbang bskur gyi cho ga lhan skyes ye shes sbyin pa'i 'dod 'jo. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 10: 135-203. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |
Genre | Empowerment Ritual - dbang chog - dbang skur | |
Cycle | ཕག་དཀར་ཡེ་ཤེས་འཁོར་ལོ་གསང་ཆེན་ཐུགས་ཏིག་ (phag dkar ye shes 'khor lo gsang chen thugs tig) | |
Deity | phag dkar | |
Karchag page | JKW-KABAB-Volume-10-THA-Karchag | |
Colophon |
།ཅེས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཟིན་ཐོའི་དགོངས་དོན་དང་མཐུན་པར་གཏེར་གཞུང་ལ་མཚམས་སྦྱོར་མདོར་བསྡུས་པས་བརྒྱན་ཏེ་རང་འདྲའི་ཤེས་བརྩོན་ཞན་ཀྱང་རྡོ་རྗེ་སློབ་དཔོན་གྱི་ཁུར་བཟུང་བ་དག་ལ་ཕན་པའི་བསམ་པས་༧འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་ཞལ་སྔ་ནས། ཟབ་ཆོས་འདི་དག་གི་བདག་པོར་དབུག་དབྱུང་ཐོབ་པ་ཕུན་ཚོགས་རྣམ་རྒྱལ་པས། ༢༠༠༨ ལོར་བཀའ་བབས་སྐོར་བསྐྱར་བསྒྲིག་སྐབས་བོད་ཟླ་གསུམ་པའི་ཚེས་གསུམ་ལ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་རང་གནས་ཀྱི་ཁང་བུར་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ།། | |
ces 'jam mgon blo gros mtha' yas kyi zin tho'i dgongs don dang mthun par gter gzhung la mtshams sbyor mdor bsdus pas brgyan te rang 'dra'i shes brtson zhan kyang rdo rje slob dpon gyi khur bzung ba dag la phan pa'i bsam pas 'jam dbyangs mkhyen brtse rin po che thub bstan chos kyi rgya mtsho'i zhal snga nas/__zab chos 'di dag gi bdag por dbug dbyung thob pa phun tshogs rnam rgyal pas/__2008_lor bka' babs skor bskyar bsgrig skabs bod zla gsum pa'i tshes gsum la rdzong gsar bkra shis lha rtse'i rang gnas kyi khang bur grub par bgyis pa dge legs 'phel |
":Property:textsubnumber|textsubnumber" can not be assigned to a declared number type with value 1.
Footnotes
Other Information
- JKW-KABAB-10-THA-004
- Tibetan Publications
- Tibetan Texts
- mkhyen brtse'i bka' babs
- phag dkar ye shes 'khor lo gsang chen thugs tig
- phag dkar
- Empowerment Ritual - dbang chog - dbang skur
- phun tshogs rnam rgyal
- gar dbang las 'phro gling pa
- 'jam dbyangs mkhyen brtse'i dbang po
- JKW-KABAB-Volume-10-THA
- Khyentse Lineage Project