JKCL-KABUM-11-DA-119

From Khyentse Lineage - A Tsadra Foundation Project
Revision as of 15:40, 18 January 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་མཚོ་སྐྱེས་སྙིང་ཐིག་གི་ཞལ་ཐང་བཀོད་ཡིག།
Wylie title pad+ma 'od gsal mdo sngags gling pa'i dag snang mtsho skyes snying thig gi zhal thang bkod yig JKCL-KABUM-11-DA-119.pdf
Location chos kyi blo gros bka' 'bum
Volume 11, Text 119, Pages 569-573 (Folios 1a1 to 3a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse chos kyi blo gros. pad+ma 'od gsal mdo sngags gling pa'i dag snang mtsho skyes snying thig gi zhal thang bkod yig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 569-573. Bir, H.P.: Khyentse Labrang, 2012.
Genre Guides to Paintings - bri yig
Cycle འཆི་མེད་མཚོ་སྐྱེས་སྙིང་ཏིག་ ('chi med mtsho skyes snying tig)

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་མཚོ་སྐྱེས་སྙིང་ཐིག་གི་ཞལ་ཐང་བཀོད་ཡིག་ལ། དབུས་སུ་སིནྡྷཱུའི་རྒྱ་མཚོ་རྒྱ་ཆེ་ཞིང་ཀློང་ཆེན་པོར། ཆུ་བྱ་སྣ་ཚོགས། ཆུ་རྟ་ཆུ་ལུག །གསེར་ཉ། དུང་། ཆུ་སྲིན་སོགས་མང་པོ་དང་། དེ་དབུས་པད་སྡོང་ཡལ་ག་ལོ་འདབ་རབ་ཏུ་རྒྱས་པ་མེ་ཏོག་ཁ་དོག་སྣ་ཚོགས་པའི་དབུས་ཀྱི་ཟེའུ་འབྲུ་དཀར་དམར་མདངས་ལྡན་རབ་ཏུ་རྒྱས་པའི་དབུས། ཉི་མ་འོག་ཟླ་བ་སྟེང་དུ་བྱས་པར་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་དཀར་ལ་ཅུང་ཟད་དམར་མདངས་ཞི་འཛུམ་གྱི་ཉམས་ཤིན་ཏུ་ཆེ་བ། ཕྱག་སྡིག་མཛུབ་ཀྱིས་གསེར་གྱི་རྡོ་རྗེ་ཐུགས་ཀར་བསྒྱིངས་པ། གཡོན་ཀ་པཱ་ལ་དུམ་གསུམ་བདུད་རྩིས་བཀང་བའི་ནང་ཚེ་བུམ། ཡུམ་དཀར་ལ་དམར་ཤས་ཆེ་བའི་ཆགས་ཉམས་གྲི་ཐོད། ཡབ་ལ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་རྒྱན་བརྒྱད། ཨུཏྤལ་དཀར་དམར་སྔོ་གསུམ་སྤེལ་བའི་དོ་ཤལ། ཞབས་རྡོར་སྐྱིལ། ཡུམ་ལ་སྟོད་ཁེབས་དམར་སེར། ཚི་གུའི་སྨད་གཡོགས་ཐུང་ངུ་དང་རིན་པོ་ཆེའི་རྒྱན་དང་ཨུཏྤལ་དམར་པོའི་དོ་ཤལ། ཡབ་ཡུམ་གཉིས་ཀ་སྐྲ་ཆིངས་མེ་ཏོག །རྒྱབ་ཡོལ་ནང་མ་འཇའ་ཟེར་གྱི་ཤིང་ལོ་མེ་ཏོག་སྤེལ་མ་ཅན་དང་། གཙོ་བོའི་དབུ་གཙུག་རྟ་མགྲིན་དམར་སྨུག་ཁྲོ་ཉམས་ཧ་ཅང་མ་ཆེ་བ་དྲང་སྲོང་ཁྲོས་པ་ལས་ཁྲོ་ཆེ་ཙམ། རུས་རྒྱན་དང་དུར་ཁྲོད་དཔལ་ཆས། པདྨས་བརྒྱན་པའི་ཁྱུང་གཤོག །ཕྱག་གཡས་གྲི་གུག །གཡོན་ཐོད་ཁྲག །ཞབས་གཡས་བསྐུམས་གཡོན་བརྐྱངས་དོར་སྟབས། གདན་པད་ཉི་རོ་གདན། ཡུམ་ཕག་མོ་མཐིང་ནག་གྲི་ཐོད་རུས་རྒྱན། ཡབ་ཀྱི་སྤྱི་བོར་རྟ་མགོ་ལྗང་། ཞུར་དཀར། ཕྲུམ་ཕྲུམ་སེར། རྔོག་མ་དམར། ཡུམ་ལ་ཕག་ཞལ་མཐིང་ནག །མེ་དཔུང་། དེའི་སྤྱི་བོར་སྣང་མཐའ་དམར་པོ་སྤྲུལ་སྐུའི་ཆ་བྱད་མཉམ་བཞག་བཻ་ཌཱུའི་ལྷུང་བཟེད། གཙོ་བོའི་རྒྱབ་ཡོལ་གྱི་ཕྲག་ནས་འཇའ་ཟེར་གྱེན་དུ་འཕྲོས་པ་ཅན་གྱི་བར་ནས་ཐོ་བརྩེགས་བྲི། སྟེང་གི་གཡས། ཐུགས་ཆེན་དམར་པོ་ཞལ་གཅིག་ཕྱག་བཞི་པ། རྩ་ཕྱག་ཐལ་སྦྱར། གཡས་པདྨ་དམར་པོ། གཡོན་ཕྲེང་བ། ལོངས་སྐུའི་ཆས་འཛུམ་ཆགས་ཀྱི་ཉམས། རི་དྭགས་ལྤགས་པས་ནུ་གཡོན་བཀབ་པ། དེའི་འོག་གཡས་ཁྲི་སྲོང་ཆོས་འཆད་གླེགས་རལ་ཅན་འབོལ་ཉིས་བརྩེགས། གཡོན་བཻ་རོ་རབ་བྱུང་པཎ་ཞུ་རྩེ་སྒྲིལ་ཅན། སྤྱན་གསུམ་ཕྱག་མཉམ་བཞག་པད་ཟླ། དེའི་འོག་མདུན་མཁྱེན་བརྩེ་རྒྱ་གར་མ་གཡས་ཆོས་འཆད་གླེགས་རལ། གཡོན་མཉམ་བཞག་ཚེ་བུམ། གདན་པད་ཟླ། དེའི་རྒྱབ་གོང་ཀོང་སྤྲུལ་རིན་པོ་ཆེ་དྭགས་ཞུ་གསོལ་བ་གཡས་ཆོས་འཆད་ཀླུ་ཤིང་སྟེང་ཚེ་བུམ་དང་རལ་གྲི། གཡོན་མཉམ་བཞག་གླེགས་བམ་གདན་འབོལ། སྟེང་གཡོན་གུ་རུ་རྒྱ་གར་མ་པད་ཟླ། དེའི་འོག་གཡས་ལྷ་སྲས་དམ་འཛིན་གཡས་ས་གནོན་གཡོན་མཉམ་བཞག་གསེར་འཁོར། གཡོན་དུ་མཚོ་རྒྱལ་བོད་མོའི་ཆས་མཉམ་བཞག་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། དེ་གཉིས་ཀ་འབོལ་གདན། དེའི་འོག་མདུན་མཆོག་གླིང་སྔགས་ཆས་དབུ་ཞྭ། གཡས་རྡོ་རྗེ་ཐུགས་ཀར་བསྒྱིངས། གཡོན་པུས་གཡོན་སྟེང་ཕུར་པ། དེའི་རྒྱབ་སི་ཏུ་པདྨ་ཀུན་བཟང་དབང་མཆོག་རྒྱལ་པོ་གཞོན་ཉམས་རབ་བྱུང་ཆས་ཞྭ་དམར། གཡས་མཆོག་སྦྱིན་ཀླུ་ཤིང་སྟེང་ནོར་བུ། གཡོན་མཉམ་བཞག་སྟེང་ཚེ་བུམ། གདན་འབོལ། འོག་གི་གཡས་ཡི་དམ་ཡང་དག་དམར་པོ་ཞལ་གསུམ་ཕྱག་དྲུག་པ་སྐུ་ལུས་དང་རྩ་ཞལ་དམར། གཡས་དཀར་གཡོན་མཐིང་རྩ་ཕྱག་པདྨ་དང་དེའི་ཡུ་བ་བྱས་པའི་དྲིལ་བུ་གཉིས་ཐུགས་ཀར་བསྣོལ་ཐབས། གཡས་གཉིས་ཁ་ཊྭཱྃ་རྔེའུ་ཆུང་། གཡོན་གཉིས་བྷན་དམར་རྒྱུ་ཞགས། ཞབས་གཡས་བསྐུམས་གཡོན་བརྐྱངས་སྐྲ་གསེབ་རྡོ་རྗེ་ཕྱེད་པ་དམར། སྐྲ་མཚམས་འཁོར་ལོ་དཀར་པོ་གཅིག །རུས་པ་དང་དུར་ཁྲོད་དཔལ་ཆས། ཡུམ་དམར་སྐྱ་ཞལ་གཅིག་ཕྱག་གཉིས་པདྨ་ཐོད་ཁྲག །རུས་རྒྱན་ལྔ། གཟིག་ཤམ། ཐོད་སྐམ་གྱི་དོ་ཤལ། གདན་པད་ཟླ་ཉི་མའི་སྟེང་ཞབས་གཡས་འོག་དབང་ཕྱུག་སྔོ་སྐྱ་སྤྱན་གསུམ་གྲི་ཐོད་སྟག་ཤམ་སྐྲ་དམར་སེར་ཁ་སྦུབ་རུས་རྒྱན། གཡོན་འོག་ཨུ་མ་དམར་པོ་གན་རྐྱལ། རིན་པོ་ཆེ་བའི་རྒྱན། ཕྱི་རོལ་དུ་དྲག་མེ། འོག་གི་གཡོན་དུ་མནྡཱ་ར་བ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཞི་མ་ཁྲོ་འཛུམ་ཆགས་ཉམས། གཡས་ཐོད་ཌཱར་སྙན་ཐད་དཀྲོལ་བ། གཡོན་ཐོད་པ་བདུད་རྩིས་བཀང་བའི་ནང་ཚེ་བུམ། མཆན་གཡོན་རྩེ་གསུམ་གྱི་མགོ་བྱས་པའི་རྡོ་རྗེའི་ཁ་ཊྭཱྃ་ཐོད་པ་སྐམ་རློན་རྙིང་གསུམ་སྣ་ཚོགས་རྡོ་རྗེ། ཌཱ་རུ་དྲིལ་གཡེར་དར་དཔྱངས་བཅས་པ། སྐྲ་མཚམས་མེ་ཏོག་དམར་པོའི་ཕྲེང་བ་དང་རུས་པའི་ཐོད་སྐམ་རིན་ཆེན་རྩེ་བྲན་ཅན། ཐོར་ཅོག་རྩེར་ནོར་བུ་དང་། རུས་པའི་དྲ་ཕྱེད། རུས་རྒྱན་དང་རིན་པོ་ཆེའི་རྒྱན་སྤེལ་མ། ཐོད་སྐམ་གྱི་དོ་ཤལ་པདྨ་དམར་པོའི་ཕྲེང་བ། དར་དཔྱངས་དམར་སྔོ། སྨད་གཡོགས་སྔོ་ལྗང་དང་། ཚི་གུའི་སྨད་དཀྲིས། ཞབས་གཡས་བསྐུམས་གཡོན་བརྐྱངས། པད་ཉི་རོ་ཕོ་མོའི་གདན་ཁ་སྦུབ་དང་གན་རྐྱལ། སྐུ་ལས་སྐྱེས་པའི་འོད་སྣ་ལྔ་དང་། དེའི་ཕྱིར་མེ་རི་པ་ཏྲ། གཙོ་བོའི་མཚོའི་འོག་གི་མདུན་མ་ནིང་ནག་པོ། དེའི་སྐུ་གཡས་གཡོན་དུ་སྔགས་སྲུང་མ་སྨུག་མོ་དང་། གཟའ་བཅས་ཆུང་ངུ་འདོད་བུམ་ལྟར་བྲི། གཙོ་བོའི་སྐུ་གཡས་གཡོན་དུ། རི་བྲག་ཤིང་འབྲས་བུ་ཅན་རི་དྭགས་སོགས་རྒྱ་རིས་ཅི་མཛེས། མ་ནིང་མདུན་སྨན་རཀ་གཏོར་གསུམ། ཡང་དག་གི་འོག་ཚོགས་གཏོར་ཚོགས་རྫས་སྣ་ཚོགས། བདུད་རྩི། མཁའ་འགྲོའི་འོག་ཚེ་བུམ་དམར་པོ་ཁ་རྒྱན་ཅན་ལ་གཡུང་དྲུང་། དཔལ་བེའུ་སོགས་ཀྱིས་བརྒྱན་པ་ཚེ་རིལ་དང་ནོར་བུས་བསྐོར་བ། འདོད་ཡོན་ལྔ་སོགས་ཀྱི་བཀོད་པ་ཤིན་ཏུ་མཛེས་ཤིང་འཐད་པར་འབྲིའོ།། །།
[edit]

pad+ma 'od gsal mdo sngags gling pa'i dag snang mtsho skyes snying thig gi zhal thang bkod yig la/__dbus su sin+d+hU'i rgya mtsho rgya che zhing klong chen por/__chu bya sna tshogs/__chu rta chu lug__/gser nya/__dung /__chu srin sogs mang po dang /__de dbus pad sdong yal ga lo 'dab rab tu rgyas pa me tog kha dog sna tshogs pa'i dbus kyi ze'u 'bru dkar dmar mdangs ldan rab tu rgyas pa'i dbus/__nyi ma 'og zla ba steng du byas par o rgyan mtsho skyes rdo rje sku mdog dkar la cung zad dmar mdangs zhi 'dzum gyi nyams shin tu che ba/__phyag sdig mdzub kyis gser gyi rdo rje thugs kar bsgyings pa/__g.yon ka pA la dum gsum bdud rtsis bkang ba'i nang tshe bum/__yum dkar la dmar shas che ba'i chags nyams gri thod/__yab la dar gyi chas gos lnga dang /__rin po che'i rgyan brgyad/__ut+pal dkar dmar sngo gsum spel ba'i do shal/__zhabs rdor skyil/__yum la stod khebs dmar ser/__tshi gu'i smad g.yogs thung ngu dang rin po che'i rgyan dang ut+pal dmar po'i do shal/__yab yum gnyis ka skra chings me tog__/rgyab yol nang ma 'ja' zer gyi shing lo me tog spel ma can dang /__gtso bo'i dbu gtsug rta mgrin dmar smug khro nyams ha cang ma che ba drang srong khros pa las khro che tsam/__rus rgyan dang dur khrod dpal chas/__pad+mas brgyan pa'i khyung gshog__/phyag g.yas gri gug__/g.yon thod khrag__/zhabs g.yas bskums g.yon brkyangs dor stabs/__gdan pad nyi ro gdan/__yum phag mo mthing nag gri thod rus rgyan/__yab kyi spyi bor rta mgo ljang /__zhur dkar/__phrum phrum ser/__rngog ma dmar/__yum la phag zhal mthing nag__/me dpung /__de'i spyi bor snang mtha' dmar po sprul sku'i cha byad mnyam bzhag bai DU'i lhung bzed/__gtso bo'i rgyab yol gyi phrag nas 'ja' zer gyen du 'phros pa can gyi bar nas tho brtsegs bri/__steng gi g.yas/__thugs chen dmar po zhal gcig phyag bzhi pa/__rtsa phyag thal sbyar/__g.yas pad+ma dmar po/__g.yon phreng ba/__longs sku'i chas 'dzum chags kyi nyams/__ri dwags lpags pas nu g.yon bkab pa/__de'i 'og g.yas khri srong chos 'chad glegs ral can 'bol nyis brtsegs/__g.yon bai ro rab byung paN zhu rtse sgril can/__spyan gsum phyag mnyam bzhag pad zla/__de'i 'og mdun mkhyen brtse rgya gar ma g.yas chos 'chad glegs ral/__g.yon mnyam bzhag tshe bum/__gdan pad zla/__de'i rgyab gong kong sprul rin po che dwags zhu gsol ba g.yas chos 'chad klu shing steng tshe bum dang ral gri/__g.yon mnyam bzhag glegs bam gdan 'bol/__steng g.yon gu ru rgya gar ma pad zla/__de'i 'og g.yas lha sras dam 'dzin g.yas sa gnon g.yon mnyam bzhag gser 'khor/__g.yon du mtsho rgyal bod mo'i chas mnyam bzhag thod pa bdud rtsis bkang ba bsnams pa/__de gnyis ka 'bol gdan/__de'i 'og mdun mchog gling sngags chas dbu zhwa/__g.yas rdo rje thugs kar bsgyings/__g.yon pus g.yon steng phur pa/__de'i rgyab si tu pad+ma kun bzang dbang mchog rgyal po gzhon nyams rab byung chas zhwa dmar/__g.yas mchog sbyin klu shing steng nor bu/__g.yon mnyam bzhag steng tshe bum/__gdan 'bol/__'og gi g.yas yi dam yang dag dmar po zhal gsum phyag drug pa sku lus dang rtsa zhal dmar/__g.yas dkar g.yon mthing rtsa phyag pad+ma dang de'i yu ba byas pa'i dril bu gnyis thugs kar bsnol thabs/__g.yas gnyis kha T+wA~M rnge'u chung /__g.yon gnyis b+han dmar rgyu zhags/__zhabs g.yas bskums g.yon brkyangs skra gseb rdo rje phyed pa dmar/__skra mtshams 'khor lo dkar po gcig__/rus pa dang dur khrod dpal chas/__yum dmar skya zhal gcig phyag gnyis pad+ma thod khrag__/rus rgyan lnga/__gzig sham/__thod skam gyi do shal/__gdan pad zla nyi ma'i steng zhabs g.yas 'og dbang phyug sngo skya spyan gsum gri thod stag sham skra dmar ser kha sbub rus rgyan/__g.yon 'og u ma dmar po gan rkyal/__rin po che ba'i rgyan/__phyi rol du drag me/__'og gi g.yon du man+dA ra ba zhal gcig phyag gnyis spyan gsum zhi ma khro 'dzum chags nyams/__g.yas thod DAr snyan thad dkrol ba/__g.yon thod pa bdud rtsis bkang ba'i nang tshe bum/__mchan g.yon rtse gsum gyi mgo byas pa'i rdo rje'i kha T+wA~M thod pa skam rlon rnying gsum sna tshogs rdo rje/__DA ru dril g.yer dar dpyangs bcas pa/__skra mtshams me tog dmar po'i phreng ba dang rus pa'i thod skam rin chen rtse bran can/__thor cog rtser nor bu dang /__rus pa'i dra phyed/__rus rgyan dang rin po che'i rgyan spel ma/__thod skam gyi do shal pad+ma dmar po'i phreng ba/__dar dpyangs dmar sngo/__smad g.yogs sngo ljang dang /__tshi gu'i smad dkris/__zhabs g.yas bskums g.yon brkyangs/__pad nyi ro pho mo'i gdan kha sbub dang gan rkyal/__sku las skyes pa'i 'od sna lnga dang /__de'i phyir me ri pa tra/__gtso bo'i mtsho'i 'og gi mdun ma ning nag po/__de'i sku g.yas g.yon du sngags srung ma smug mo dang /__gza' bcas chung ngu 'dod bum ltar bri/__gtso bo'i sku g.yas g.yon du/__ri brag shing 'bras bu can ri dwags sogs rgya ris ci mdzes/__ma ning mdun sman raka gtor gsum/__yang dag gi 'og tshogs gtor tshogs rdzas sna tshogs/__bdud rtsi/__mkha' 'gro'i 'og tshe bum dmar po kha rgyan can la g.yung drung /__dpal be'u sogs kyis brgyan pa tshe ril dang nor bus bskor ba/__'dod yon lnga sogs kyi bkod pa shin tu mdzes shing 'thad par 'bri'o//__//

Footnotes

Other Information