JKCL-KABUM-03-GA-005: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...") |
No edit summary |
||
(One intermediate revision by the same user not shown) | |||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ལྷག་པའི་ལྷ་དཀར་པོ་རྣམ་གསུམ་ལ་བསྟོད་ཅིང་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་དཀར་འཛུམ་པའི་བླ་རེ། | |||
|fulltitle=lhag pa'i lha dkar po rnam gsum la bstod cing gsol ba 'debs pa byin rlabs sprin dkar 'dzum pa'i bla re | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''lhag pa'i lha dkar po rnam gsum la bstod cing gsol ba 'debs pa byin rlabs sprin dkar 'dzum pa'i bla re''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 3: 17-23. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Supplications - gsol 'debs | |||
|terma=No | |||
|jkcloutline=Three | |||
|language=Tibetan | |language=Tibetan | ||
| | |volumenumber=003 | ||
| | |volnumtib=༣ | ||
|volyigtib=ག་ | |||
|totalvolumes=12 | |||
|textnuminvol=005 | |textnuminvol=005 | ||
|pagenumbers=17-23 | |||
|totalpages=7 | |||
|beginfolioline=1a1 | |||
|endfolioline=4a4 | |||
|totalfolios=4 | |||
|multivolumework=No | |||
|colophontib=ཅེས་པའང་རབ་ཚེས་ཤིང་གླང་ཆོ་འཕྲུལ་ཟླ་བའི་ཚེས་༧བཟང་པོར་མདོ་སྟོད་ཁྱུང་པོའི་ཡུལ་རིང་ཅན་ཞེས་བྱའི་ས་ཡི་ཆར་དགའ་ལྡན་ཕོ་བྲང་ཆེན་པོའི་རྫོང་ཆེན་དུ། འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྩེ་གཅིག་གུས་པས་གསོལ་བ་བཏབ་བ་འདིས་ཀྱང་རང་གཞན་གྱི་དམ་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་ཞིང་རིང་འཚོའི་དཔལ་ཡོན་མཆོག་ཏུ་རྒྱས་པ་དང་དོན་གཉིས་ལྷུན་གྱིས་འགྲུབ་པའི་རྒྱུར་འགྱུར་བར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་པུ་ཤྲཱི༔ཡོ་བི་ཛ་ཡནྟུ། མངྒ་ལཾ། ཤུ་བྷཾ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་ཤོག། | |||
|colophonwylie=ces pa'ang rab tshes shing glang cho 'phrul zla ba'i tshes 7bzang por mdo stod khyung po'i yul ring can zhes bya'i sa yi char dga' ldan pho brang chen po'i rdzong chen du/__'jam dbyangs blo gros rgya mtshos rtse gcig gus pas gsol ba btab ba 'dis kyang rang gzhan gyi dam chos sgrub pa'i bar chad thams cad zhi zhing ring 'tsho'i dpal yon mchog tu rgyas pa dang don gnyis lhun gyis 'grub pa'i rgyur 'gyur bar bla ma rgyal ba sras dang bcas pas byin gyis brlab tu gsol/__sarba dA pu shrI:yo bi dza yan+tu/__mang+ga laM/__shu b+haM/__bkra shis dpal 'bar 'dzam gling rgyan drug shog | |||
|pdflink=File:JKCL-KABUM-03-GA-005.pdf | |pdflink=File:JKCL-KABUM-03-GA-005.pdf | ||
}} | }} | ||
Line 16: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|ལྷག་པའི་ལྷ་དཀར་པོ་རྣམ་གསུམ་ལ་བསྟོད་ཅིང་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་དཀར་འཛུམ་པའི་བླ་རེ་ཞེས་བྱ་བ་བཞུགས་སོ། །ན་མཿགུ་རུ་ཨ་པཱ་རཱི་མི་ཏ་ཨཪྻ་ཏ་རེ་ཨ་ཡུར་ཡེ། སྲིད་པའི་གནས་འདིར་མཚན་ཙམ་ཐོས་པས་ཀྱང་། །དུས་མིན་འཆི་བའི་འཇིགས་པ་རིང་དུ་བསལ། །བྱིན་བརླབ་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན་གྱི། །གསང་གསུམ་ཡེ་ཤེས་རྒྱས་མཛད་ལྷག་པའི་ལྷ། ༡ །པད་དཀར་ཟླ་བ་རྒྱས་པའི་གདན་གྱི་དབུས། །རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་གཅིག་བསྡུས་པ། །བཅོམ་ལྡན་འཆི་མེད་ཚེ་ལྷ་རྣམས་གསུམ་ནི། །རབ་དཀར་ཟླ་ཞུན་གསར་བའི་ལང་ཚོ་ཅན། ༢ །ནོར་བུ་ཆུ་ཤེལ་ལྷུན་པོའི་འོད་འཕྲོ་བའི། །གཟི་བརྗིད་སྐར་མའི་ཚོགས་ཀྱང་མོག་པོར་བྱེད། །ཞལ་རས་ཞི་འཛུམ་སྒེག་ཉམས་མཚན་དཔེས་སྤྲས། །རིན་ཆེན་རྒྱན་དང་ལྷ་རྫས་ན་བཟས་བཀླུབས། ༣ །རང་རྟགས་ཕྱག་ཚན་མཛེས་པའི་ཕྱག་གིས་བསྣམས། །མཐོང་བས་མི་ངོམ་ཡིད་འཕྲོགས་ཞི་ཚུལ་དགུས། །རྣམ་པར་མཛེས་པ་ཡེ་ཤེས་ཆེན་པོའི་སྐུ། །ཆོས་དབྱིངས་སྤྲོས་མཐའ་བྲལ་བའི་ཀློང་ཆེན་པོར། ༤ །རྒྱལ་ཀུན་དགོངས་ཀློང་རྒྱ་མཚོར་རོ་གཅིག་འཁྱིལ། །ལོངས་སྤྱོད་ཡོངས་རྫོགས་བདེ་བ་ཆེན་པོ་ཡི། །ཟག་མེད་བདུད་རྩིའི་ཉམས་བརྒྱ་འབར་བ་དང་། །སྤྲུལ་པའི་ཐུགས་རྗེ་མི་བཟད་ཆོ་འཕྲུལ་གྱིས། ༥། ཞིང་ཁམས་རྒྱ་མཚོར་ཡོངས་སུ་འཇུག་པ་དང་། །ལྷན་གཅིག་འགྲོ་རྣམས་རྡོ་རྗེའི་རྒྱལ་ཐབས་ལ། །དབུགས་དབྱུངས་འཆི་མེད་མཆོག་གི་དཔལ་སྟེར་བས། །ཚེ་དང་ཡེ་ཤེས་གྲུབ་པའི་གོ་འཕང་སྦྱིན། ༦། ཞིང་གི་བཀོད་པ་མཐའ་ཡས་བདེ་བ་ཅན། །ཡོན་ཏན་དཔག་མེད་རྔ་སྒྲའི་རྒྱལ་པོ་ནི། །བརྟེན་པ་ཚེ་དཔག་མེད་ཅེས་རྒྱལ་རྣམས་བསྒྲགས། །གང་མཚན་ཡིད་ལ་བཟུང་བའི་འཆི་བདུད་བཅོམ། ༧། སྐུ་ཡི་འོད་ཀྱི་གཟི་བྱིན་ལྷམ་མེ་བ། །གསུང་གི་སྒྲ་དབྱངས་དུས་གསུམ་རྒྱུན་ཆད་མེད། །ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་ཅིང་། །ཡོན་ཏན་སྒྲོགས་ལ་རྒྱལ་བའི་ལྗགས་ཀྱང་རྡུགས། ༨། འཇིག་རྟེན་སྣང་བྱེད་ཉི་ཟླའི་འོད་རྣམས་དང་། །ཚངས་དབང་ཁྱབ་འཇུག་ལ་སོགས་ང་རྒྱལ་གྱི། །ཁེངས་པའི་རུ་མཚོན་བསྙེལ་ལ་མངོན་པར་ཕྱོགས། །རྣམ་པར་གྲོལ་བའི་ཚོགས་རྣམས་ཁྱེད་ཞབས་བཏུད། ༩། རྣམ་ཀུན་མཆོག་ལྡན་སྟོང་ཉིད་ལྷ་མོའི་སྐུ། །དུས་གསུམ་རྒྱལ་བའི་ཡུམ་གཅིག་རྗེ་བཙུན་མ། །ཡིད་བཞིན་འཁོར་ལོ་ཚེ་དཔལ་འཕེལ་མཛད་མ། །ཉོན་མོངས་ཞི་མཛད་འདོད་དོན་སྟེར་མཛད་མ། ༡༠། པདྨ་ལྟར་དཀར་བཅུ་དྲུག་ལང་ཚོས་སྒེག །ཡིད་འཕྲོག་ཞལ་དང་འཇམ་མཉེན་ཕྱག་ཞབས་ངོགས། །ཡེ་ཤེས་སྤྱན་བདུན་རྣམ་པར་བཀྲ་བ་དང་། །མྱོས་བུམ་མཐོ་ཞིང་སྐེད་སྐབས་ཤིན་ཏུ་ཕྲ། ༡༡། གསང་བའི་པདྨ་རབ་རྒྱས་དབུ་སྐྲ་ནི། མིག་སྨན་ལྟར་གནག་ལན་བུ་མགུལ་དུ་གྲོལ། །རིན་ཆེན་རྒྱན་ཕྲེང་འོད་གྱི་མུན་པ་སེལ། །ཕྱོགས་བཅུའི་རྒྱལ་རྣམས་རྟག་ཏུ་མཉེས་མཛད་མ། ༡༢། ཁམས་གསུམ་པོ་ཡི་ཕྱག་བྱས་འདར་བཞིན་དུ། །ཁྱེད་ཀྱི་ཞབས་མཐིལ་རྡུལ་མེད་གཙུག་ཏུ་བསྙེན། །གྲུབ་པའི་རིག་འཛིན་ཚོགས་ཀྱིས་ཉེར་བསྟེན་ཞིང་། །རྒྱལ་དང་དེ་སྲས་ཚོགས་རྣམས་བསྐྲུན་མཛད་མ། ༡༣། དེ་བཞིན་གཤེགས་དང་རྗེས་ཆགས་རོལ་རྩེད་ཀྱི། དེ་ཁོ་ན་ཡི་ཡེ་ཤེས་མཆོག་རྒྱས་པས། །དེ་བཞིན་ཉིད་ཀྱི་དབྱིངས་ལ་སྙོམས་པར་ཞུགས། །དེ་ཉིད་གཟིགས་དང་སྤྱོད་ཡུལ་རོ་སྙོམ་མ། ༡༤། གང་གི་སྐུ་དང་རིག་སྔགས་སྣང་བ་ཡི། །ཡིད་ཅན་སྙིང་ལ་བདེ་བ་གང་ཐོབ་པ། །དེ་ནི་དེ་ཡི་མོད་ལ་འཆི་བདག་གི། བདུད་ཀྱི་ཞགས་པ་འཇིགས་རུང་གཅོད་བྱེད་མ། ༡༥། མི་བཟད་མཆེ་བའི་ཕྲག་ནས་བཏོན་པ་དང་། །སྐྱེ་དང་འཆི་བའི་ཕྲག་རྒྱུན་སྙེལ་བྱེད་ཅིང་། །སྲིད་པའི་སྡུག་བསྔལ་རྨ་རྣམས་གསོ་བར་མཛད། །རང་གི་སྲས་སུ་ཉེ་བར་བསྒྲུབ་པ་དང་། ༡༦། ཡོན་ཏན་རིན་ཆེན་ཚོགས་ཀྱི་བགོ་སྐལ་གྱིས། །རིག་པ་སྔགས་ཀྱི་ནུས་པའི་བརྟུལ་ཞུགས་བསྐྱེད། །འཆི་མེད་གྲུབ་པའི་བདེན་དོན་ས་ལ་སྦྱོར། །མི་ཤིག་གསང་གསུམ་རྡོ་རྗེའི་ཁྲི་ལ་བཀོད། ༡༧། བླ་མའི་བླ་མར་གྱུར་པའི་རྗེ་བཙུན་མ། །སྲིད་ཞིའི་ཕོངས་པ་ཀུན་ལས་སྐྱོབས་མཛད་མ། །ཡང་དག་ཡེ་ཤེས་བསྐྱེད་མཛད་རྗེ་བཙུན་མ། །འཁོར་པའི་སྡུག་བསྔལ་མཚོ་ལས་སྒྲོལ་མཛད་ཀྱཻ། ༡༨། འཆི་བདག་བདུད་ལས་རིང་དུ་རྣམ་རྒྱལ་མ། །གཙུག་ཏོར་ལས་སྐྱེས་འོད་ཀྱི་ཕུང་པོའི་སྐུ། །ཁ་བ་དུང་དང་སྟོན་ཀའི་ཟླ་ལྟར་དཀར། །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། ༡༩། དེ་བཞིན་གཤེགས་པ་ཀུན་གྱི་གསང་བའི་མཛོད། །རྒྱལ་བའི་ཡེ་ཤེས་ཕྱག་རྒྱའི་གཟུགས་ཤར་བ། །བསྟེན་པས་རིང་འཚོའི་དངོས་གྲུབ་མྱུར་སྩོལ་མ། །དུས་མིན་འཆི་བའི་དགྲ་ལས་རྣམ་པར་རྒྱལ། ༢༠། སྐུ་ཡི་འོད་ཀྱིས་སྲིད་གསུམ་སྣང་བར་བྱས། །གསུང་གི་སྒྲ་ཡིས་བརྟན་གཡོ་ཀུན་ལ་ཁྱབ། །ཐུགས་བསང་ཡེ་ཤེས་དཔལ་གྱི་བེའུར་འཁྱིལ། །ཡོན་ཏན་འཆི་མེད་བུམ་བཟང་མཛད་མེད་གཏེར། ༢༡། ཕྲིན་ལས་ཀུན་ཏུ་དགའ་བའི་གཟི་བརྗིད་ཅན། །ནོར་བུའི་འོད་སྣང་ཕུང་པོ་ལྟ་ན་སྡུག །དོན་གཉིས་ལྷུན་གྲུབ་དབང་བསྒྱུར་བཅོམ་ལྡན་མ། །ཕྱོགས་བཅུ་ཀུན་ལས་རྣམ་པར་རྒྱལ་མ་མཆོག༢༢། ལྷ་ཀླུ་འབྱུང་པོ་སྟོབས་དང་ལྡན་པ་རྣམས། །འོད་ཟེར་ཕྲ་མོས་ཟིལ་གྱིས་གནོན་པར་བྱེད། །རྒྱལ་བ་བདེན་པར་སྨྲ་བས་བཀའ་བསྩལ་པའི། །ཁྱོད་ཀྱི་གཟུངས་སྔགས་མཐུ་ཆེན་བཟླས་པའི་མོད། ༢༣། དེ་ལ་དེ་མ་ཐག་ཏུ་འདོན་པའི་དོན། །མྱུར་དུ་སྦྱིན་པའི་རིག་སྔགས་བསྐལ་པའི་མེས། །སྲིད་གསུམ་གཤིན་རྗེའི་ཚོགས་རྣམས་བསྲེག་ཅིང་འཇོམས། །སྔགས་ཀྱི་ཐེབས་པས་ཡེ་ཤེས་ཆེན་པོར་བསྒྱུར། ༢༤། བཅོམ་ལྡན་དཔའ་བོ་རབ་ཏུ་སྟོབས་ལྡན་པ། །ཁམས་གསུམ་སྐྱེ་འཆི་ཟས་སུ་ཟ་བར་བྱེད། །འཇིག་རྟེན་འཇིག་རྟེན་འདས་དང་མ་འདས་ཀུན། །ཁྱོད་ཀྱིས་རྣམ་པར་གནོན་ཅིང་ཁྱོད་ལ་འདུད། ༢༥། གང་གི་གསང་གསུམ་དེ་བཞིན་གཤེགས་པ་རྣམས། །ཆོས་དབྱིངས་མཁའ་ལ་རྟག་ཏུ་རི་མོར་བྲི། །ཕྱག་རྒྱའི་སྐུ་ལ་ཉེར་བར་སྙོམས་འཇུག་ན། །སློབ་པའི་ཚོགས་རྣམས་ཉེར་བསྟེན་སྨོས་ཅི་ཞིག༢༦། ངན་སོང་འགྲོ་རྣམས་ཁྱོད་ཀྱི་ཕྱག་གིས་དྲོངས། །དམན་ལམ་ལྟུང་རྣམས་བྱང་ཆུབ་ལམ་ལ་བཀྲི། །རྒྱལ་སྲས་རྣམས་ལ་འོད་ཟེར་དབང་བསྐུར་བས། །མི་སློབ་ཟུང་འཇུག་དམ་པར་ཡོངས་སུ་བཀོད། ༢༧། བྷྲཱུྃ་ཡིག་གཙུག་ཏོར་ནོར་བུར་འཁྱིལ་བ་ལས། །སྒྲིབ་གསུམ་བག་ཆགས་ཚོགས་ལས་རྣམ་རྒྱལ་མ། །འབྲས་བུའི་མཐར་ཐུག་ཡེ་ཤེས་གསང་བའི་སྐུ། །ཆོས་སྐུ་རབ་སྣང་རྡུལ་བྲལ་བཅོམ་ལྡན་མ། ༢༨། དེ་ལྟར་འཆི་མེད་ཚེ་ལྷ་རྣམ་གསུམ་ལ། །བསྟེན་པའི་རིག་སྔགས་ནོར་བུའི་རྒྱུད་མང་བསྒྲེངས། །རྩེ་གཅིག་གསོལ་བ་བཏབ་པའི་ནུས་མཐུ་ཡིས། །གསང་གསུམ་བྱིན་རླབས་རྒྱུད་ལ་འཇུག་པར་མཛོད། ༢༩། བསྒོམ་དང་བཟླས་བརྗོད་འབད་པ་ཕྲ་མོ་ཡིས། །དུས་མིན་འཆི་བ་བཅོ་བརྒྱད་རིང་དུ་སྤངས། །ཚུལ་གནས་ཐོས་བསམ་བསྒོམ་པ་རབ་ཏུ་འཕེལ། །ཚེ་དང་ཡེ་ཤེས་སྣང་བ་རྒྱས་པར་མཛོད། ༣༠། བློ་གྲོས་སྲིད་གསུམ་དགྲ་ལས་རྣམ་པར་རྒྱལ། །ཕྱིར་བརྒོལ་སྤོབས་པའི་རིག་སྔགས་རྩད་ནས་འཇོམས། །ཤེས་རབ་རལ་གྲིས་ཁམས་གསུམ་གཡུལ་ངོར་གཅོད། །བརྟུལ་ཞུགས་ཟླ་མེད་མཆོག་དེ་གྲུབ་པར་མཛོད། ༣༡། བསྟན་འཛིན་སྐྱེས་རྣམས་ཞབས་པད་རིང་དུ་བསྟན། །བསྟན་པའི་སྦྱིན་བདག་དབུ་འཕང་མངོན་པར་མཐོ། །བསྟན་ལ་འཚེ་བའི་ཀླ་ཀློའི་བསམ་སྦྱོར་ཞི། །བསྟན་ལ་དད་རྣམས་བདེ་དགས་འཚོ་བར་ཤོག༣༢། ཚེ་ཡི་མཐར་ཡང་ལྷ་མཆོག་རྣམ་གསུམ་གྱི། །ཐུགས་རྗེས་ཕྱག་གིས་ནམ་ཡང་མི་གཏོང་བར། །འཇིགས་བཅས་གནས་ངན་ལེན་ལས་རབ་སྒྲོལ་ནས། །བདེ་ཆེན་དག་པའི་ཞིང་དུ་དྲོངས་བར་མཛོད། ༣༤། བདག་དང་བདག་ལ་འབྲེལ་པ་ཐོབ་པ་ཀུན། །མི་མཐུན་འགལ་རྐྱེན་ཉེར་འཚེ་ཀུན་ཞི་ནས། །གནས་སྐབས་ཚེ་དཔལ་ཡེ་ཤེས་སྣང་བ་རྒྱས། །མཐར་ཐུག་བྱང་ཆུབ་མཆོག་ལ་འགོད་གྱུར་ཅིག༣༥། འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །ཚེ་ཡི་ལྷ་མཆོག་གསུམ་དང་མི་འབྲལ་ཞིང་། །བཀྲ་ཤིས་དགེ་མཚན་པདྨ་དཀར་པོ་ཡིས། །འཛིན་མའི་ཁྱོན་ཀུན་ཡོངས་སུ་ཁྱབ་གྱུར་ཅིག༣༦། སྲས་བཅས་རྒྱལ་བ་རྒྱ་མཚོའི་ཐུགས་བསྐྱེད་དང་། །ལྷ་ཡི་ལྷར་གྱུར་དཀར་པོ་རྣམ་གསུམ་གྱི། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག༣༧། ཅེས་པའང་རབ་ཚེས་ཤིང་གླང་ཆོ་འཕྲུལ་ཟླ་བའི་ཚེས་༧བཟང་པོར་མདོ་སྟོད་ཁྱུང་པོའི་ཡུལ་རིང་ཅན་ཞེས་བྱའི་ས་ཡི་ཆར་དགའ་ལྡན་ཕོ་བྲང་ཆེན་པོའི་རྫོང་ཆེན་དུ། འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྩེ་གཅིག་གུས་པས་གསོལ་བ་བཏབ་བ་འདིས་ཀྱང་རང་གཞན་གྱི་དམ་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་ཞིང་རིང་འཚོའི་དཔལ་ཡོན་མཆོག་ཏུ་རྒྱས་པ་དང་དོན་གཉིས་ལྷུན་གྱིས་འགྲུབ་པའི་རྒྱུར་འགྱུར་བར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་པུ་ཤྲཱི༔ཡོ་བི་ཛ་ཡནྟུ། མངྒ་ལཾ། ཤུ་བྷཾ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་ཤོག། །། }} | {{TibP|{{TibChung|ལྷག་པའི་ལྷ་དཀར་པོ་རྣམ་གསུམ་ལ་བསྟོད་ཅིང་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་དཀར་འཛུམ་པའི་བླ་རེ་ཞེས་བྱ་བ་བཞུགས་སོ།}} །ན་མཿགུ་རུ་ཨ་པཱ་རཱི་མི་ཏ་ཨཪྻ་ཏ་རེ་ཨ་ཡུར་ཡེ། སྲིད་པའི་གནས་འདིར་མཚན་ཙམ་ཐོས་པས་ཀྱང་། །དུས་མིན་འཆི་བའི་འཇིགས་པ་རིང་དུ་བསལ། །བྱིན་བརླབ་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན་གྱི། །གསང་གསུམ་ཡེ་ཤེས་རྒྱས་མཛད་ལྷག་པའི་ལྷ། ༡ །པད་དཀར་ཟླ་བ་རྒྱས་པའི་གདན་གྱི་དབུས། །རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་གཅིག་བསྡུས་པ། །བཅོམ་ལྡན་འཆི་མེད་ཚེ་ལྷ་རྣམས་གསུམ་ནི། །རབ་དཀར་ཟླ་ཞུན་གསར་བའི་ལང་ཚོ་ཅན། ༢ །ནོར་བུ་ཆུ་ཤེལ་ལྷུན་པོའི་འོད་འཕྲོ་བའི། །གཟི་བརྗིད་སྐར་མའི་ཚོགས་ཀྱང་མོག་པོར་བྱེད། །ཞལ་རས་ཞི་འཛུམ་སྒེག་ཉམས་མཚན་དཔེས་སྤྲས། །རིན་ཆེན་རྒྱན་དང་ལྷ་རྫས་ན་བཟས་བཀླུབས། ༣ །རང་རྟགས་ཕྱག་ཚན་མཛེས་པའི་ཕྱག་གིས་བསྣམས། །མཐོང་བས་མི་ངོམ་ཡིད་འཕྲོགས་ཞི་ཚུལ་དགུས། །རྣམ་པར་མཛེས་པ་ཡེ་ཤེས་ཆེན་པོའི་སྐུ། །ཆོས་དབྱིངས་སྤྲོས་མཐའ་བྲལ་བའི་ཀློང་ཆེན་པོར། ༤ །རྒྱལ་ཀུན་དགོངས་ཀློང་རྒྱ་མཚོར་རོ་གཅིག་འཁྱིལ། །ལོངས་སྤྱོད་ཡོངས་རྫོགས་བདེ་བ་ཆེན་པོ་ཡི། །ཟག་མེད་བདུད་རྩིའི་ཉམས་བརྒྱ་འབར་བ་དང་། །སྤྲུལ་པའི་ཐུགས་རྗེ་མི་བཟད་ཆོ་འཕྲུལ་གྱིས། ༥། ཞིང་ཁམས་རྒྱ་མཚོར་ཡོངས་སུ་འཇུག་པ་དང་། །ལྷན་གཅིག་འགྲོ་རྣམས་རྡོ་རྗེའི་རྒྱལ་ཐབས་ལ། །དབུགས་དབྱུངས་འཆི་མེད་མཆོག་གི་དཔལ་སྟེར་བས། །ཚེ་དང་ཡེ་ཤེས་གྲུབ་པའི་གོ་འཕང་སྦྱིན། ༦། ཞིང་གི་བཀོད་པ་མཐའ་ཡས་བདེ་བ་ཅན། །ཡོན་ཏན་དཔག་མེད་རྔ་སྒྲའི་རྒྱལ་པོ་ནི། །བརྟེན་པ་ཚེ་དཔག་མེད་ཅེས་རྒྱལ་རྣམས་བསྒྲགས། །གང་མཚན་ཡིད་ལ་བཟུང་བའི་འཆི་བདུད་བཅོམ། ༧། སྐུ་ཡི་འོད་ཀྱི་གཟི་བྱིན་ལྷམ་མེ་བ། །གསུང་གི་སྒྲ་དབྱངས་དུས་གསུམ་རྒྱུན་ཆད་མེད། །ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་ཅིང་། །ཡོན་ཏན་སྒྲོགས་ལ་རྒྱལ་བའི་ལྗགས་ཀྱང་རྡུགས། ༨། འཇིག་རྟེན་སྣང་བྱེད་ཉི་ཟླའི་འོད་རྣམས་དང་། །ཚངས་དབང་ཁྱབ་འཇུག་ལ་སོགས་ང་རྒྱལ་གྱི། །ཁེངས་པའི་རུ་མཚོན་བསྙེལ་ལ་མངོན་པར་ཕྱོགས། །རྣམ་པར་གྲོལ་བའི་ཚོགས་རྣམས་ཁྱེད་ཞབས་བཏུད། ༩། རྣམ་ཀུན་མཆོག་ལྡན་སྟོང་ཉིད་ལྷ་མོའི་སྐུ། །དུས་གསུམ་རྒྱལ་བའི་ཡུམ་གཅིག་རྗེ་བཙུན་མ། །ཡིད་བཞིན་འཁོར་ལོ་ཚེ་དཔལ་འཕེལ་མཛད་མ། །ཉོན་མོངས་ཞི་མཛད་འདོད་དོན་སྟེར་མཛད་མ། ༡༠། པདྨ་ལྟར་དཀར་བཅུ་དྲུག་ལང་ཚོས་སྒེག །ཡིད་འཕྲོག་ཞལ་དང་འཇམ་མཉེན་ཕྱག་ཞབས་ངོགས། །ཡེ་ཤེས་སྤྱན་བདུན་རྣམ་པར་བཀྲ་བ་དང་། །མྱོས་བུམ་མཐོ་ཞིང་སྐེད་སྐབས་ཤིན་ཏུ་ཕྲ། ༡༡། གསང་བའི་པདྨ་རབ་རྒྱས་དབུ་སྐྲ་ནི། མིག་སྨན་ལྟར་གནག་ལན་བུ་མགུལ་དུ་གྲོལ། །རིན་ཆེན་རྒྱན་ཕྲེང་འོད་གྱི་མུན་པ་སེལ། །ཕྱོགས་བཅུའི་རྒྱལ་རྣམས་རྟག་ཏུ་མཉེས་མཛད་མ། ༡༢། ཁམས་གསུམ་པོ་ཡི་ཕྱག་བྱས་འདར་བཞིན་དུ། །ཁྱེད་ཀྱི་ཞབས་མཐིལ་རྡུལ་མེད་གཙུག་ཏུ་བསྙེན། །གྲུབ་པའི་རིག་འཛིན་ཚོགས་ཀྱིས་ཉེར་བསྟེན་ཞིང་། །རྒྱལ་དང་དེ་སྲས་ཚོགས་རྣམས་བསྐྲུན་མཛད་མ། ༡༣། དེ་བཞིན་གཤེགས་དང་རྗེས་ཆགས་རོལ་རྩེད་ཀྱི། དེ་ཁོ་ན་ཡི་ཡེ་ཤེས་མཆོག་རྒྱས་པས། །དེ་བཞིན་ཉིད་ཀྱི་དབྱིངས་ལ་སྙོམས་པར་ཞུགས། །དེ་ཉིད་གཟིགས་དང་སྤྱོད་ཡུལ་རོ་སྙོམ་མ། ༡༤། གང་གི་སྐུ་དང་རིག་སྔགས་སྣང་བ་ཡི། །ཡིད་ཅན་སྙིང་ལ་བདེ་བ་གང་ཐོབ་པ། །དེ་ནི་དེ་ཡི་མོད་ལ་འཆི་བདག་གི། བདུད་ཀྱི་ཞགས་པ་འཇིགས་རུང་གཅོད་བྱེད་མ། ༡༥། མི་བཟད་མཆེ་བའི་ཕྲག་ནས་བཏོན་པ་དང་། །སྐྱེ་དང་འཆི་བའི་ཕྲག་རྒྱུན་སྙེལ་བྱེད་ཅིང་། །སྲིད་པའི་སྡུག་བསྔལ་རྨ་རྣམས་གསོ་བར་མཛད། །རང་གི་སྲས་སུ་ཉེ་བར་བསྒྲུབ་པ་དང་། ༡༦། ཡོན་ཏན་རིན་ཆེན་ཚོགས་ཀྱི་བགོ་སྐལ་གྱིས། །རིག་པ་སྔགས་ཀྱི་ནུས་པའི་བརྟུལ་ཞུགས་བསྐྱེད། །འཆི་མེད་གྲུབ་པའི་བདེན་དོན་ས་ལ་སྦྱོར། །མི་ཤིག་གསང་གསུམ་རྡོ་རྗེའི་ཁྲི་ལ་བཀོད། ༡༧། བླ་མའི་བླ་མར་གྱུར་པའི་རྗེ་བཙུན་མ། །སྲིད་ཞིའི་ཕོངས་པ་ཀུན་ལས་སྐྱོབས་མཛད་མ། །ཡང་དག་ཡེ་ཤེས་བསྐྱེད་མཛད་རྗེ་བཙུན་མ། །འཁོར་པའི་སྡུག་བསྔལ་མཚོ་ལས་སྒྲོལ་མཛད་ཀྱཻ། ༡༨། འཆི་བདག་བདུད་ལས་རིང་དུ་རྣམ་རྒྱལ་མ། །གཙུག་ཏོར་ལས་སྐྱེས་འོད་ཀྱི་ཕུང་པོའི་སྐུ། །ཁ་བ་དུང་དང་སྟོན་ཀའི་ཟླ་ལྟར་དཀར། །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། ༡༩། དེ་བཞིན་གཤེགས་པ་ཀུན་གྱི་གསང་བའི་མཛོད། །རྒྱལ་བའི་ཡེ་ཤེས་ཕྱག་རྒྱའི་གཟུགས་ཤར་བ། །བསྟེན་པས་རིང་འཚོའི་དངོས་གྲུབ་མྱུར་སྩོལ་མ། །དུས་མིན་འཆི་བའི་དགྲ་ལས་རྣམ་པར་རྒྱལ། ༢༠། སྐུ་ཡི་འོད་ཀྱིས་སྲིད་གསུམ་སྣང་བར་བྱས། །གསུང་གི་སྒྲ་ཡིས་བརྟན་གཡོ་ཀུན་ལ་ཁྱབ། །ཐུགས་བསང་ཡེ་ཤེས་དཔལ་གྱི་བེའུར་འཁྱིལ། །ཡོན་ཏན་འཆི་མེད་བུམ་བཟང་མཛད་མེད་གཏེར། ༢༡། ཕྲིན་ལས་ཀུན་ཏུ་དགའ་བའི་གཟི་བརྗིད་ཅན། །ནོར་བུའི་འོད་སྣང་ཕུང་པོ་ལྟ་ན་སྡུག །དོན་གཉིས་ལྷུན་གྲུབ་དབང་བསྒྱུར་བཅོམ་ལྡན་མ། །ཕྱོགས་བཅུ་ཀུན་ལས་རྣམ་པར་རྒྱལ་མ་མཆོག༢༢། ལྷ་ཀླུ་འབྱུང་པོ་སྟོབས་དང་ལྡན་པ་རྣམས། །འོད་ཟེར་ཕྲ་མོས་ཟིལ་གྱིས་གནོན་པར་བྱེད། །རྒྱལ་བ་བདེན་པར་སྨྲ་བས་བཀའ་བསྩལ་པའི། །ཁྱོད་ཀྱི་གཟུངས་སྔགས་མཐུ་ཆེན་བཟླས་པའི་མོད། ༢༣། དེ་ལ་དེ་མ་ཐག་ཏུ་འདོན་པའི་དོན། །མྱུར་དུ་སྦྱིན་པའི་རིག་སྔགས་བསྐལ་པའི་མེས། །སྲིད་གསུམ་གཤིན་རྗེའི་ཚོགས་རྣམས་བསྲེག་ཅིང་འཇོམས། །སྔགས་ཀྱི་ཐེབས་པས་ཡེ་ཤེས་ཆེན་པོར་བསྒྱུར། ༢༤། བཅོམ་ལྡན་དཔའ་བོ་རབ་ཏུ་སྟོབས་ལྡན་པ། །ཁམས་གསུམ་སྐྱེ་འཆི་ཟས་སུ་ཟ་བར་བྱེད། །འཇིག་རྟེན་འཇིག་རྟེན་འདས་དང་མ་འདས་ཀུན། །ཁྱོད་ཀྱིས་རྣམ་པར་གནོན་ཅིང་ཁྱོད་ལ་འདུད། ༢༥། གང་གི་གསང་གསུམ་དེ་བཞིན་གཤེགས་པ་རྣམས། །ཆོས་དབྱིངས་མཁའ་ལ་རྟག་ཏུ་རི་མོར་བྲི། །ཕྱག་རྒྱའི་སྐུ་ལ་ཉེར་བར་སྙོམས་འཇུག་ན། །སློབ་པའི་ཚོགས་རྣམས་ཉེར་བསྟེན་སྨོས་ཅི་ཞིག༢༦། ངན་སོང་འགྲོ་རྣམས་ཁྱོད་ཀྱི་ཕྱག་གིས་དྲོངས། །དམན་ལམ་ལྟུང་རྣམས་བྱང་ཆུབ་ལམ་ལ་བཀྲི། །རྒྱལ་སྲས་རྣམས་ལ་འོད་ཟེར་དབང་བསྐུར་བས། །མི་སློབ་ཟུང་འཇུག་དམ་པར་ཡོངས་སུ་བཀོད། ༢༧། བྷྲཱུྃ་ཡིག་གཙུག་ཏོར་ནོར་བུར་འཁྱིལ་བ་ལས། །སྒྲིབ་གསུམ་བག་ཆགས་ཚོགས་ལས་རྣམ་རྒྱལ་མ། །འབྲས་བུའི་མཐར་ཐུག་ཡེ་ཤེས་གསང་བའི་སྐུ། །ཆོས་སྐུ་རབ་སྣང་རྡུལ་བྲལ་བཅོམ་ལྡན་མ། ༢༨། དེ་ལྟར་འཆི་མེད་ཚེ་ལྷ་རྣམ་གསུམ་ལ། །བསྟེན་པའི་རིག་སྔགས་ནོར་བུའི་རྒྱུད་མང་བསྒྲེངས། །རྩེ་གཅིག་གསོལ་བ་བཏབ་པའི་ནུས་མཐུ་ཡིས། །གསང་གསུམ་བྱིན་རླབས་རྒྱུད་ལ་འཇུག་པར་མཛོད། ༢༩། བསྒོམ་དང་བཟླས་བརྗོད་འབད་པ་ཕྲ་མོ་ཡིས། །དུས་མིན་འཆི་བ་བཅོ་བརྒྱད་རིང་དུ་སྤངས། །ཚུལ་གནས་ཐོས་བསམ་བསྒོམ་པ་རབ་ཏུ་འཕེལ། །ཚེ་དང་ཡེ་ཤེས་སྣང་བ་རྒྱས་པར་མཛོད། ༣༠། བློ་གྲོས་སྲིད་གསུམ་དགྲ་ལས་རྣམ་པར་རྒྱལ། །ཕྱིར་བརྒོལ་སྤོབས་པའི་རིག་སྔགས་རྩད་ནས་འཇོམས། །ཤེས་རབ་རལ་གྲིས་ཁམས་གསུམ་གཡུལ་ངོར་གཅོད། །བརྟུལ་ཞུགས་ཟླ་མེད་མཆོག་དེ་གྲུབ་པར་མཛོད། ༣༡། བསྟན་འཛིན་སྐྱེས་རྣམས་ཞབས་པད་རིང་དུ་བསྟན། །བསྟན་པའི་སྦྱིན་བདག་དབུ་འཕང་མངོན་པར་མཐོ། །བསྟན་ལ་འཚེ་བའི་ཀླ་ཀློའི་བསམ་སྦྱོར་ཞི། །བསྟན་ལ་དད་རྣམས་བདེ་དགས་འཚོ་བར་ཤོག༣༢། ཚེ་ཡི་མཐར་ཡང་ལྷ་མཆོག་རྣམ་གསུམ་གྱི། །ཐུགས་རྗེས་ཕྱག་གིས་ནམ་ཡང་མི་གཏོང་བར། །འཇིགས་བཅས་གནས་ངན་ལེན་ལས་རབ་སྒྲོལ་ནས། །བདེ་ཆེན་དག་པའི་ཞིང་དུ་དྲོངས་བར་མཛོད། ༣༤། བདག་དང་བདག་ལ་འབྲེལ་པ་ཐོབ་པ་ཀུན། །མི་མཐུན་འགལ་རྐྱེན་ཉེར་འཚེ་ཀུན་ཞི་ནས། །གནས་སྐབས་ཚེ་དཔལ་ཡེ་ཤེས་སྣང་བ་རྒྱས། །མཐར་ཐུག་བྱང་ཆུབ་མཆོག་ལ་འགོད་གྱུར་ཅིག༣༥། འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །ཚེ་ཡི་ལྷ་མཆོག་གསུམ་དང་མི་འབྲལ་ཞིང་། །བཀྲ་ཤིས་དགེ་མཚན་པདྨ་དཀར་པོ་ཡིས། །འཛིན་མའི་ཁྱོན་ཀུན་ཡོངས་སུ་ཁྱབ་གྱུར་ཅིག༣༦། སྲས་བཅས་རྒྱལ་བ་རྒྱ་མཚོའི་ཐུགས་བསྐྱེད་དང་། །ལྷ་ཡི་ལྷར་གྱུར་དཀར་པོ་རྣམ་གསུམ་གྱི། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག༣༧། {{TibChung|ཅེས་པའང་རབ་ཚེས་ཤིང་གླང་ཆོ་འཕྲུལ་ཟླ་བའི་ཚེས་༧བཟང་པོར་མདོ་སྟོད་ཁྱུང་པོའི་ཡུལ་རིང་ཅན་ཞེས་བྱའི་ས་ཡི་ཆར་དགའ་ལྡན་ཕོ་བྲང་ཆེན་པོའི་རྫོང་ཆེན་དུ། འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྩེ་གཅིག་གུས་པས་གསོལ་བ་བཏབ་བ་འདིས་ཀྱང་རང་གཞན་གྱི་དམ་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་ཞིང་རིང་འཚོའི་དཔལ་ཡོན་མཆོག་ཏུ་རྒྱས་པ་དང་དོན་གཉིས་ལྷུན་གྱིས་འགྲུབ་པའི་རྒྱུར་འགྱུར་བར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་པུ་ཤྲཱི༔ཡོ་བི་ཛ་ཡནྟུ། མངྒ་ལཾ། ཤུ་བྷཾ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་ཤོག། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 16:43, 30 November 2021
Wylie title | lhag pa'i lha dkar po rnam gsum la bstod cing gsol ba 'debs pa byin rlabs sprin dkar 'dzum pa'i bla re | |
---|---|---|
Location | chos kyi blo gros bka' 'bum Volume 3, Text 5, Pages 17-23 (Folios 1a1 to 4a4) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. lhag pa'i lha dkar po rnam gsum la bstod cing gsol ba 'debs pa byin rlabs sprin dkar 'dzum pa'i bla re. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 17-23. Bir, H.P.: Khyentse Labrang, 2012. | |
Genre | Supplications - gsol 'debs | |
Colophon |
ཅེས་པའང་རབ་ཚེས་ཤིང་གླང་ཆོ་འཕྲུལ་ཟླ་བའི་ཚེས་༧བཟང་པོར་མདོ་སྟོད་ཁྱུང་པོའི་ཡུལ་རིང་ཅན་ཞེས་བྱའི་ས་ཡི་ཆར་དགའ་ལྡན་ཕོ་བྲང་ཆེན་པོའི་རྫོང་ཆེན་དུ། འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྩེ་གཅིག་གུས་པས་གསོལ་བ་བཏབ་བ་འདིས་ཀྱང་རང་གཞན་གྱི་དམ་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་ཞིང་རིང་འཚོའི་དཔལ་ཡོན་མཆོག་ཏུ་རྒྱས་པ་དང་དོན་གཉིས་ལྷུན་གྱིས་འགྲུབ་པའི་རྒྱུར་འགྱུར་བར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་པུ་ཤྲཱི༔ཡོ་བི་ཛ་ཡནྟུ། མངྒ་ལཾ། ཤུ་བྷཾ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་ཤོག། | |
ces pa'ang rab tshes shing glang cho 'phrul zla ba'i tshes 7bzang por mdo stod khyung po'i yul ring can zhes bya'i sa yi char dga' ldan pho brang chen po'i rdzong chen du/__'jam dbyangs blo gros rgya mtshos rtse gcig gus pas gsol ba btab ba 'dis kyang rang gzhan gyi dam chos sgrub pa'i bar chad thams cad zhi zhing ring 'tsho'i dpal yon mchog tu rgyas pa dang don gnyis lhun gyis 'grub pa'i rgyur 'gyur bar bla ma rgyal ba sras dang bcas pas byin gyis brlab tu gsol/__sarba dA pu shrI:yo bi dza yan+tu/__mang+ga laM/__shu b+haM/__bkra shis dpal 'bar 'dzam gling rgyan drug shog |
":Property:textsubnumber|textsubnumber" can not be assigned to a declared number type with value 1.