JKCL-KABUM-02-KHA-020: Difference between revisions

From Khyentse Lineage - A Tsadra Foundation Project
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
 
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''[[]]''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: . Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|totalvolumes=12
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|terma=No
|jkcloutline=Two
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=002
|volumenumber=KHA
|volnumtib=༢
|volyigtib=ཁ་
|totalvolumes=12
|textnuminvol=020
|textnuminvol=020
|pdflink=File:JKCL-KABUM-02-KHA-020.pdf
|pdflink=File:JKCL-KABUM-02-KHA-020.pdf

Revision as of 11:58, 24 November 2021

Wylie title JKCL-KABUM-02-KHA-020.pdf
Location chos kyi blo gros bka' 'bum
Volume 2, Text 20, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. [[]]. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: . Bir, H.P.: Khyentse Labrang, 2012.
Genre

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
བླ་མ་དང་ཁྱབ་བདག་འཇམ་དཔལ་དཔའ་བོ་ལ་བསྟོད་པ་ཡེ་ཤེས་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། །༡། གང་གི་རང་བཞིན་མཐའ་ལས་འདས། །ཡོད་མེད་ཀུན་བྲལ་དབུ་མའི་དབྱིངས། །བདེ་དང་སྟོང་པའི་དེ་ཁོ་ན། །འཇམ་དཔལ་དཔའ་བོར་ཕྱག་འཚལ་བསྟོད། ༢། སྤྲོས་པའི་མཚན་མ་གཞར་མི་མངའ། །སྤངས་དང་འཐིབ་པོ་དྲལ་བྱེད་ཅིང་། །ལྟ་ངན་ཚ་ཟེར་ཉམས་དམས་པས། །མཚན་མོ་མགོན་པོ་ཁྱོད་གཅིག་པུ། ༣། ངག་ཚིག་ས་རིའི་སྒྲ་ལས་བྱུང་། ༣། དེ་ཕྱིར་ཁྱོད་ལུས་མཚོ་བྱུང་ཞེས། །རིག་བྱེད་མཁན་པོའི་མ་བཞིན་བསྐུར། །བསྟན་བཅོས་མང་པོའི་དོན་སྩོལ་ཤིང་། ༤། སྐུ་གཅིག་ཀུན་ལ་ཁྱབ་པས་ན། །ཞི་ཆགས་ཁྲོ་མོའི་རྣམ་འགྱུར་ཞི། །གར་ལ་བལྟས་པ་དང་མཚུངས་པའི། །དངོས་གྲུབ་ཀུན་སྟེར་དབྱངས་ཅན་མ། ༥། བདེ་དང་སྟོང་པའི་ཕ་མཐའ་སོན། །ཟུང་འཇུག་གཞི་འབྲས་དབྱེར་མེད་སྐུ། །གསུངས་དབྱངས་རྣམ་པ་ཐམས་ཅད་པ། །ཟབ་ཞི་སྤྲོས་པ་བྲལ་བའི་ཐུགས། ༦། མཛེས་པའི་སྐུ་དང་སྙན་པའི་གསུངས། །བྱམས་བརྩེའི་ཐུགས་དང་ཡོན་ཏན་ཞིང་། །བརྒྱན་མཆོག་དུ་མས་དུང་གི་རི། །སྤྲས་པ་དང་མཚུངས་ཕྲིན་ལས་ཀྱི། ༧། རོལ་མོ་ཅིར་ཡང་འཁྲོལ་བ་ལས། །ཕྱོགས་དུས་གནས་སྐབས་ཐམས་ཅད་ལ། །སྒྲིབ་ཐོག་བྲལ་ཞིང་ལྷ་ལམ་གྱི། །རྗེས་སུ་རྐང་པ་ངེས་པར་འཇོག༨། ཁྱེད་ཀྱི་ཞལ་བཟང་བལྟས་མི་ངོམས། །ཆགས་བྲལ་ལྡན་རྣམས་སྲེད་པ་འཕེལ། །ཚངས་པའི་དབྱངས་ལ་དབང་ཐོབ་ཀྱང་། །ཁྱོད་ངག་ཡིད་ལ་སྨོན་པ་བྱེད། ༩། ཡན་ལག་ཕྲ་མོའི་ཆ་ཤས་དག །བསྐྱེད་པ་མིག་འཕྲུལ་མཁན་པོ་ཡི། །མཐུ་ལས་མང་ཡིན་སྒྲ་ལྡན་མ། །ཏམྦུར་པ་ཡིད་ཞུགས་སོ། ༡༠། མེས་པོ་ལྷ་དང་དྲི་ཟ་ཡིས། །སྙན་པའི་ཆ་ཤས་ཕྱོགས་བསྡུས་ནས། །གཅིག་བྱས་ཁྱོད་ཀྱི་ཏམྦུ་རའི། །རྒྱུད་གཅིག་ལ་ཡང་འགྲན་མི་བཟོད། ༡༡། ཕྱག་ཞབས་པདྨའི་འཁྲི་ཤིང་ལས། །སྐྱེས་པའི་ཡལ་འདབ་སོར་གདུབ་ཀྱི། །སིལ་སིལ་འཁྲོལ་འདི་ངང་མོའི་སྒྲ། །ཡིན་ནམ་བདག་སེམས་ཐེ་ཚོམ་གྱུར། ༡༢། པཉྩ་ལི་ཀ་དབང་པོའི་གཞུའི། །སྨད་གཡོགས་ལྷ་ཡི་དར་རིང་པོ། །རླུང་གིས་བསྐྱོད་པས་འཕུར་ལྡིང་གཡོ། །དེས་ནི་བཅོམ་ལྡན་ཁྱོད་སྐུ་བསིལ། ༡༣། གཞན་ཡང་མཛེས་པའི་ཡོན་ཏན་ནི། །འབུམ་འབུམ་གྱིས་སྒེགས་རྒྱལ་བའི་ཡུམ། །མཁྱེན་པའི་ཆུ་གཏེར་བརླབ་ཕྲེང་དབུས། །མི་ཟད་སྙན་པའི་ངག་ལྡན་པའི། ༡༤། ལྷ་མོ་ཁྱོད་སྐུ་དུས་རིང་ནས། །བདག་གི་ཡིད་ལ་བྱས་གྱུར་ན། །འཇམ་དཔལ་རྣོན་པོའི་ལྕགས་ཀྱུ་ཡི། །སྙིང་གི་དབུས་སུ་རོལ་པ་མཛད། ༡༥། དེ་སྐད་བསྟོད་ཅིང་གསོལ་བའི་རིམ་པ་ནི། །ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྨོན་པའི། །མིང་གི་འཇམ་དབྱངས་ལང་ཚོ་སྙེམ་པ་དེས། །དཀར་ཕྱོགས་རྫོགས་པའི་ཚེས་ཀྱིས་སྔ་ཆར་བྲིས། ། །། ༅། །འཇམ་དབྱངས་བསྟོད་པ་བྱིན་རླབས་མྱུར་འཇུག་བཞུགས་སོ། །དྷཱིཿམཁའ་ཁྱབ་དང་པོའི་སངས་རྒྱས་འཇམ་དཔལ་དབྱངས། །ཡེ་ཤེས་མིག་གཅིག་ཀུན་ཏུ་དྲི་མ་མེད། །རྣམ་པར་དག་པའི་མཚན་དཔེའི་འོད་འབར་བ། །སྐུ་མཆོག་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །ཚངས་དབྱངས་བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ཀུན་ཏུ་སྐྲག་མཛོད་པ། །བརྗོད་མེད་བརྗོད་པ་ཀུན་གྱི་གཞིར་གྱུར་པ། །གསུང་མཆོག་འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཡང་དག་མཐའ་དང་དེ་བཞིན་ཉིད་ཀྱི་བདག །རང་བྱུང་ཡེ་ཤེས་དོན་དམ་ཆོས་ཀྱི་སྐུ། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཐུགས་མཆོག་འཇམ་པའི་རྡོ་རྗེར་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པ་ཀུན་གྱི་དབང་ཕྱུག་ཆེ། །ཡོན་ཏན་མི་ཟད་རྒྱ་མཚོའི་གཏེར་ཆེན་པོ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡབ། །ཡོན་ཏན་མཆོག་མངའ་ཁྱེད་ལ་ཕྱག་འཚལ་བསྟོད། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་བཞིན་དུ། །ནམ་མཁའི་མཐའ་ཀླས་འགྲོ་བ་མ་སྟོངས་བར། །དེ་སྲིད་མཛད་པ་ཕྲིན་ལས་རྒྱུན་མི་ཆད། །ཕྲིན་ལས་མཆོག་མངའ་ཁྱེད་ལ་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་པས་འཇམ་དཔལ་ཡེ་ཤེས་སེམས། །སྙིང་གི་ཟེའུ་འབྲུར་དགྱེས་པར་རྟག་བཞུགས་ནས། །མ་རིག་མུན་སེལ་ཡེ་ཤེས་རྩ་སྒོ་འབྱེད། །བློ་མཆོག་སྤོབས་པའི་གཏེར་བརྒྱད་སྩལ་དུ་གསོལ། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ། ཞེས་པའང་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཀྱི་རྗེ་དབོན་བསམ་གཏན་མཆོག་སྤྲུལ་གྱི་སྐྱེ་ཕྲེང་གསུམ་པས་ལྷ་རེག་བཅས་གསུང་བསྐུལ་ངོར། ཆོས་ཀྱི་བློ་གྲོས་བས་དཔལ་སྤུངས་ཡིད་དགའ་ཆོས་འཛིན་གྱི་སྐྱེད་ཚལ་དུ་བྲིས་པ་དགེའོ། ། །།
[edit]

bla ma dang khyab bdag 'jam dpal dpa' bo la bstod pa ye shes mchog stsol zhes bya ba bzhugs so/____/1/__gang gi rang bzhin mtha' las 'das/____/yod med kun bral dbu ma'i dbyings/____/bde dang stong pa'i de kho na/____/'jam dpal dpa' bor phyag 'tshal bstod/__2/__spros pa'i mtshan ma gzhar mi mnga'/____/spangs dang 'thib po dral byed cing /____/lta ngan tsha zer nyams dmas pas/____/mtshan mo mgon po khyod gcig pu/__3/__ngag tshig sa ri'i sgra las byung /__3/__de phyir khyod lus mtsho byung zhes/____/rig byed mkhan po'i ma bzhin bskur/____/bstan bcos mang po'i don stsol shing /__4/__sku gcig kun la khyab pas na/____/zhi chags khro mo'i rnam 'gyur zhi/____/gar la bltas pa dang mtshungs pa'i/____/dngos grub kun ster dbyangs can ma/__5/__bde dang stong pa'i pha mtha' son/____/zung 'jug gzhi 'bras dbyer med sku/____/gsungs dbyangs rnam pa thams cad pa/____/zab zhi spros pa bral ba'i thugs/__6/__mdzes pa'i sku dang snyan pa'i gsungs/____/byams brtse'i thugs dang yon tan zhing /____/brgyan mchog du mas dung gi ri/____/spras pa dang mtshungs phrin las kyi/__7/__rol mo cir yang 'khrol ba las/____/phyogs dus gnas skabs thams cad la/____/sgrib thog bral zhing lha lam gyi/____/rjes su rkang pa nges par 'jog8/__khyed kyi zhal bzang bltas mi ngoms/____/chags bral ldan rnams sred pa 'phel/____/tshangs pa'i dbyangs la dbang thob kyang /____/khyod ngag yid la smon pa byed/__9/__yan lag phra mo'i cha shas dag__/bskyed pa mig 'phrul mkhan po yi/____/mthu las mang yin sgra ldan ma/____/tam+bur pa yid zhugs so/__10/__mes po lha dang dri za yis/____/snyan pa'i cha shas phyogs bsdus nas/____/gcig byas khyod kyi tam+bu ra'i/____/rgyud gcig la yang 'gran mi bzod/__11/__phyag zhabs pad+ma'i 'khri shing las/____/skyes pa'i yal 'dab sor gdub kyi/____/sil sil 'khrol 'di ngang mo'i sgra/____/yin nam bdag sems the tshom gyur/__12/__pany+tsa li ka dbang po'i gzhu'i/____/smad g.yogs lha yi dar ring po/____/rlung gis bskyod pas 'phur lding g.yo/____/des ni bcom ldan khyod sku bsil/__13/__gzhan yang mdzes pa'i yon tan ni/____/'bum 'bum gyis sgegs rgyal ba'i yum/____/mkhyen pa'i chu gter brlab phreng dbus/____/mi zad snyan pa'i ngag ldan pa'i/__14/__lha mo khyod sku dus ring nas/____/bdag gi yid la byas gyur na/____/'jam dpal rnon po'i lcags kyu yi/____/snying gi dbus su rol pa mdzad/__15/__de skad bstod cing gsol ba'i rim pa ni/____/thams cad mkhyen pa'i go 'phang la smon pa'i/____/ming gi 'jam dbyangs lang tsho snyem pa des/____/dkar phyogs rdzogs pa'i tshes kyis snga char bris/__/____//__#/____/'jam dbyangs bstod pa byin rlabs myur 'jug bzhugs so/____/d+hIHmkha' khyab dang po'i sangs rgyas 'jam dpal dbyangs/____/ye shes mig gcig kun tu dri ma med/____/rnam par dag pa'i mtshan dpe'i 'od 'bar ba/____/sku mchog rgyal po khyed la phyag 'tshal bstod/____/tshangs dbyangs bdag med seng ge'i sgra dang ldan/____/mu stegs ri dwags kun tu skrag mdzod pa/____/brjod med brjod pa kun gyi gzhir gyur pa/____/gsung mchog 'jam pa'i dbyangs la phyag 'tshal bstod/____/yang dag mtha' dang de bzhin nyid kyi bdag__/rang byung ye shes don dam chos kyi sku/____/zab zhi spros bral 'od gsal 'dus ma byas/____/thugs mchog 'jam pa'i rdo rjer phyag 'tshal bstod/____/de bzhin gshegs pa kun gyi dbang phyug che/____/yon tan mi zad rgya mtsho'i gter chen po/____/dus gsum rgyal ba thams cad bskyed pa'i yab/____/yon tan mchog mnga' khyed la phyag 'tshal bstod/____/yid bzhin nor bu dpag bsam shing bzhin du/____/nam mkha'i mtha' klas 'gro ba ma stongs bar/____/de srid mdzad pa phrin las rgyun mi chad/____/phrin las mchog mnga' khyed la phyag 'tshal bstod/____/de ltar bstod pas 'jam dpal ye shes sems/____/snying gi ze'u 'brur dgyes par rtag bzhugs nas/____/ma rig mun sel ye shes rtsa sgo 'byed/____/blo mchog spobs pa'i gter brgyad stsal du gsol/____/oM a ra pa tsa na d+hIH/__zhes pa'ang thams cad mkhyen pa chos kyi 'byung gnas kyi rje dbon bsam gtan mchog sprul gyi skye phreng gsum pas lha reg bcas gsung bskul ngor/__chos kyi blo gros bas dpal spungs yid dga' chos 'dzin gyi skyed tshal du bris pa dge'o/__/____//

Footnotes

Other Information