DKR-KABUM-02-KHA-050-04

From Khyentse Lineage - A Tsadra Foundation Project
Revision as of 17:11, 4 November 2022 by WikiBot2015 (talk | contribs)

Wylie title page=1
Location dil mgo mkhyen brtse bka' 'bum
Volume 50, Text 4, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre
[edit]
༈ བླ་མ་ལོངས་སྐུ་འགྲོ་འདུལ་ཐུགས་རྗེའི་དབང་ཕྱུག་ལ་བསྔགས་པ་ཐུགས་རྗེའི་བདུད་རྩིའི་སྤྲིན་སྒྲ་ཞེས་བྱ་བ་བཞུགས། ཀ་རུ་ཎི་ཀའི་ཆུ་ཤེལ་སྤྲིན་མཛེས་གཏེར། །ཁ་བ་རི་པའི་གདུལ་བྱ་ལ་ཆགས་པས། །ག་བུར་དབང་པོ་ལྟ་བུའི་མཚན་དཔེའི་མདངས། །ང་ཅག་ལྷག་པའི་ལྷ་གཅིག་དང་བས་བསྔགས། །ཅ་ཅོའི་སྨྲེ་སྔགས་འདོན་པའི་ངན་འགྲོའི་གནས། །ཆ་བྱད་སྡུག་བསྔལ་ཅན་ལ་ལྷག་པར་ཡང༌། །ཇ་བཟང་བཅུད་བཞིན་སིམ་བྱེད་ཕྲིན་ལས་ཆར། །ཉ་ཟླའི་བདུད་རྩིའི་ཟིལ་ལྟར་ཐུགས་རྗེའི་སྤྲོ། །ཏ་ཐཱ་ག་ཏ་རྐང་གཉིས་གཙོ་ཀུན་གྱིས། །ཐ་ཚིག་འགྲོ་བ་སྒྲོལ་བའི་ཕྲིན་ལས་སྒོ། །དཱ་ནའི་ཟས་བཞིན་མགོན་པོ་ཁྱོད་བསྔགས་པས། །ན་གཞོན་ལང་ཚོའི་རྒྱན་བཞིན་བདག་གིར་བཞེས། །པ་སངས་ཤར་རིར་ཆས་ལས་རབ་དཀར་འོད། །ཕ་མཐའ་བརྡལ་བའི་ཞིང་ཁྱབ་གངས་ཆེན་མཚོའི། །བ་སྤུ་རེར་ཡང་ཞིང་དང་སྟོན་པའི་ཚུལ། །མ་ལུས་ངོ་མཚར་བཀོད་པ་བགྲང་ཡས་སྟོན། །ཙ་ཏུར་ཕྱག་གིས་ཐལ་སྦྱར་པད་དཀར་ཕྲེང༌། །ཚ་གྲང་རིགས་དྲུག་འགྲོ་ལ་རྗེས་བརྩེའི་སྤྱན། །ཛ་ཡ་བསྐལ་བཟང་འདྲེན་མཆོག་འཁོར་བསྒྱུར་སྟོང༌། །ཝ་ལེར་རྣམ་འཕྲུལ་སྟོན་པ་གངས་ཅན་ལྷ། །ཞྭ་ལྟར་བརྒྱུད་མར་འཁྱིལ་བའི་འཁོར་མཚོའི་འགྲོ། །ཟ་མ་ཏོག་ཏུ་བཅུག་ལྟར་ཐུགས་རྗེས་བཟུང༌། །འ་འོལ་ཙམ་མིན་མཚན་དང་རིག་སྔགས་སྒྲས། །ཡ་མཚན་མངོན་མཐོ་ངེས་ལེགས་དཔལ་ལ་སྦྱོར། །རྭ་ལྟར་གཤིས་ངན་ཤ་ཟ་སྲིན་མོ་ཡང༌། །ལ་འུར་བྱམས་པའི་བདུད་རྩིས་སིམ་མཛད་ནས། །ཤ་ཤ་དྷཱ་རས་འོད་འཕེལ་ཀུ་མུཏ་བཞིན། །ས་ལམ་ཡོན་ཏན་མཆོག་ལ་ངལ་གསོ་སྦྱིན། །ཧ་ལོའི་མེ་ཏོག་ལྟར་མཛེས་དད་མོས་ཀྱིས། །ཨ་ཧོ་སྤྲོ་དགའི་ཐལ་མོས་ཁྱེད་བསྙེན་ཕྱིར། །ཨ་ལ་ལ་ཞེས་བསྟོད་པའི་གླིང་བུ་ཡང༌། །ཧ་ཧོ་ངོམས་པའི་སེམས་ཀྱིས་བསྟོད་འདིས་ཀྱང༌། །ཨི་ཤྭ་ར་སོགས་ཆེ་རྒུའི་ཚངས་གནས་ཏོག །ཨུ་དཱ་དྷི་བཞིན་གསང་གསུམ་བདུད་རྩིའི་གཏེར། །ཨེ་མ་ངོ་མཚར་དད་པས་ལེགས་མཆོད་ནས། །ཨོ་ཌི་ཡཱ་ནའི་སྟོན་པ་མཆོག་བཞིན་མཛོད། །བསྔགས་བརྗོད་ཀྱི་རབ་བྱེད་གཉིས་པའོ།
[edit]

!___bla ma longs sku 'gro 'dul thugs rje'i dbang phyug la bsngags pa thugs rje'i bdud rtsi'i sprin sgra zhes bya ba bzhugs/__ka ru Ni ka'i chu shel sprin mdzes gter/__/kha ba ri pa'i gdul bya la chags pas/__/ga bur dbang po lta bu'i mtshan dpe'i mdangs/__/nga cag lhag pa'i lha gcig dang bas bsngags/__/ca co'i smre sngags 'don pa'i ngan 'gro'i gnas/__/cha byad sdug bsngal can la lhag par yang*/__/ja bzang bcud bzhin sim byed phrin las char/__/nya zla'i bdud rtsi'i zil ltar thugs rje'i spro/__/ta thA ga ta rkang gnyis gtso kun gyis/__/tha tshig 'gro ba sgrol ba'i phrin las sgo/__/dA na'i zas bzhin mgon po khyod bsngags pas/__/na gzhon lang tsho'i rgyan bzhin bdag gir bzhes/__/pa sangs shar rir chas las rab dkar 'od/__/pha mtha' brdal ba'i zhing khyab gangs chen mtsho'i/__/ba spu rer yang zhing dang ston pa'i tshul/__/ma lus ngo mtshar bkod pa bgrang yas ston/__/tsa tur phyag gis thal sbyar pad dkar phreng*/__/tsha grang rigs drug 'gro la rjes brtse'i spyan/__/dza ya bskal bzang 'dren mchog 'khor bsgyur stong*/__/wa ler rnam 'phrul ston pa gangs can lha/__/zhwa ltar brgyud mar 'khyil ba'i 'khor mtsho'i 'gro/__/za ma tog tu bcug ltar thugs rjes bzung*/__/'a 'ol tsam min mtshan dang rig sngags sgras/__/ya mtshan mngon mtho nges legs dpal la sbyor/__/rwa ltar gshis ngan sha za srin mo yang*/__/la 'ur byams pa'i bdud rtsis sim mdzad nas/__/sha sha d+hA ras 'od 'phel ku muta bzhin/__/sa lam yon tan mchog la ngal gso sbyin/__/ha lo'i me tog ltar mdzes dad mos kyis/__/a ho spro dga'i thal mos khyed bsnyen phyir/__/a la la zhes bstod pa'i gling bu yang*/__/ha ho ngoms pa'i sems kyis bstod 'dis kyang*/__/i shwa ra sogs che rgu'i tshangs gnas tog__/u dA d+hi bzhin gsang gsum bdud rtsi'i gter/__/e ma ngo mtshar dad pas legs mchod nas/__/o Di yA na'i ston pa mchog bzhin mdzod/__/bsngags brjod kyi rab byed gnyis pa'o/

Footnotes

Other Information